第04版:གལ་ཆེའི་གསར་འགྱུ322/2018-11/06/04/2018110604_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
དཔལ་འབར་རྫོང་སྤྱི་བདེ་ཅུས་ཀྱིས།
ཆབ་སྲིད་སློབ་གསོ་གསར་གཏོད་བྱས་ཏེ་ནུས་པ་དང་བྱང་ཚད་མཐོ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་དཔལ་འབར་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། དཔལ་འབར་རྫོང་སྤྱི་བདེ་ཅུས་ཀྱིས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། འཆར་གཞི་ལྟར་སློབ་སྦྱོང་སྒྲིག་འཛུགས་བྱེད་པ། སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ལ་དོ་སྣང་བྱེད་པ། སློབ་སྦྱོང་གི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱུན་གཏན་རང་བཞིན་གྱི་སློབ་གསོར་དམ་འཛིན་བྱེད་པ། དཔལ་འབར་རྫོང་སྤྱི་བདེ་ཅུས་ཀྱི་སྡེ་ཚན་ཁག་དང་ཏང་ཀྲི་པུའུ་ཁག་གིས་སྒྲིག་ཁྲིམས་སློབ་གསོ་བཅོས་སྒྲིག་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། “ཐ་མལ་དང་། ལེ་ལོ། རྣམ་གཡེང”གསུམ་གྱི་ལས་ཀའི་སྤྱོད་ཚུལ་བཅོས་སྒྲིག་བྱས་ཏེ། “དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་དང་ལས་འགྱངས་གཏོང་བའི”གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཏང་ཀྲི་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གཙོ་རྐང་དུ་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སློབ་གསོ་ནན་ཏན་སྤེལ་བ་རེད། རྒྱུན་གཏན་རང་བཞིན་གྱི་སློབ་གསོར་མཐོང་ཆེན་གྱིས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་དང་དེ་བཞིན་ཆུ་ཚད་བཅས་མཐོ་རུ་བཏང་ནས་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པ་ཚང་མས་སློབ་སྦྱོང་བྱེད་པའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་ཁྲིད་བྱས་པ་རེད།

ཕན་འབྲས་མངོན་ས་མང་དུ་བཏང་སྟེ་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བྱེད་པ། དཔལ་འབར་རྫོང་སྤྱི་བདེ་ཅུས་ཀྱིས་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། སློབ་སྦྱོང་གི་རྣམ་པ་རྒྱུན་འཁྱོངས་དང་སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་སུ་གྱུར་ཆེད། སྤྱི་བདེའི་མི་དམངས་ཉེན་རྟོག་པར་སློབ་སྦྱོང་གི་མྱོང་ཚོར་འབྲི་བ་དང་སློབ་སྦྱོང་གི་འཆར་གཞི་བཟོ་རུ་བཅུག་སྟེ་ཕན་ཚུན་སྤེལ་རེས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་དུས་ཐོག་ཏུ་སྲ་བརྟན་དང་གོང་མཐོར་གཏོང་བ་དང་དེ་བཞིན་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་དགོས་པའི་བླང་བྱ་བཏོན་པ་རེད། རྣམ་པ་མི་འདྲ་བའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ལ་སླད་ཕྱིན་གྱི་ལས་དོན་ཁྲོད་བློ་དཀར་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་འདུ་ཤེས་དང་ལས་ཀའི་བྱ་ཐབས་ནུས་ལྡན་གྱི་ཐོག་ནས་དཔལ་འབར་གྱི་སྤྱི་ཚོགས་རྒྱུན་མཐུད་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལ་འགན་ལེན་ཐུབ་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
དབུལ་སྒྲོལ་འགག་སྒྲོལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ།
ཆབ་སྲིད་སློབ་གསོ་གསར་གཏོད་བྱས་ཏེ་ནུས་པ་དང་བྱང་ཚད་མཐོ་རུ་བཏང་བ།
འཐུས་མི་ཚོགས་པ་དབྱི་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་སློབ་སྦྱོང་ལ་བཏང་བ།
ཚན་པ་དང་ཚོང་ཁང་11ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ།
རྩོམ་བསྡུ་དཔྱད་འདེམས་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ།