第03版:གལ་ཆེའི་གསར་འགྱུ322/2018-11/06/03/2018110603_brief.jpg 上一版3  4下一版
联系电话: 0891-6328752
3 上一篇 放大 缩小 默认
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཆབ་མདོའི་གེགས་ཁུལ་ལ་ཞལ་འདེབས་སྒོར་ཁྲི་5ལྷག་ཙམ་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཐིང་ཡོངས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཆབ་མདོའི་འཇོ་མདའ་རྫོང་གི་གེགས་ཁུལ་ལ་ཞལ་འདེབས་བརྒྱབ་པ་དང་ཞལ་འདེབས་དངུལ་འབོར་ཁྱོན་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད་པ་རེད།

ཞལ་འདེབས་བྱེད་སྒོ་སྤེལ་ཡུལ་དུ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་བརྩེ་སེམས་དང་སྨོན་འདུན་བཟང་པོ་མཚོན་པའི་ཞལ་འདེབས་བརྒྱབ་སྟེ་། བྱ་སྤྱོད་ངོ་མས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་གེགས་ཁུལ་གྱིས་དཀའ་གནས་ལས་མྱུར་དུ་སྒྲོལ་རྒྱུར་རོགས་རམ་བྱས་པ་རེད།

“དེ་རིང་ང་ཚོས་ཐིང་ཡོངས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་ལ་ཞལ་འདེབས་བརྒྱབ་ནས་གཅེས་སེམས་མཚོན་པའི་བྱེད་སྒོ་སྤེལ་བ་ཡིན། རྣམ་པ་དེ་བརྒྱུད་ང་ཚོས་གེགས་ཁུལ་མང་ཚོགས་ལ་བཅངས་པའི་བརྩེ་སེམས་དང་། ཉེན་སེལ་གེགས་སེལ་ནུས་ཤུགས་ཡོད་རྒུས་སྤེལ་པའི་བསམ་འདུན། ང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་དང་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་གནོད་འཚེ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་བཅས་མཚོན་པར་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་སྲིད་དོན་མི་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་སྐལ་བཟང་སྒྲོལ་མས་བཤད།

“ང་ཚོ་དང་གེགས་ཁུལ་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་འབྲེལ་ཡོད། འཐབ་ཕྱོགས་དང་པོར་སྐྱོད་པའི་གོ་སྐབས་མེད་ནའང་ཞལ་འདེབས་བརྒྱབ་ནས་རང་ནུས་ཅི་ཡོད་འདོན་ཐབས་བྱེད་བཞིན་ཡོད། རྒྱ་ཆེའི་གེགས་ཁུལ་མང་ཚོགས་ཀྱིས་གང་མགྱོགས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་རྒྱུའི་རེ་བ་ཡོད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གཞུང་ལས་ཁང་གི་ལས་དོན་པ་ཧོང་ཙེ་མིན་གྱིས་བཤད།

(ཚེ་རིང་གཡུ་སྒྲོན་གྱིས་བསྒྱུར། སྤེན་པ་ཚེ་རིང་གིས་ཞུས)

3 上一篇 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
རང་ལྗོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཐོག་མའི་སྒོ་བྱང་བཀལ་བ།
རང་ལྗོངས་ཀྱི་ས་གནས་མང་པོར“མེ་ཟོན་རོགས་སྐྱོབ་མི་སྣའི་གཟིཌ་སྐྱོང”སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།
ལས་བྱེད་པའི་ཉིན་རེའི་ལས་རིམ་ཡོངས་བསྒྲཌ་དང་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་བ།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཆབ་མདོའི་གེགས་ཁུལ་ལ་ཞལ་འདེབས་སྒོར་ཁྲི་5ལྷག་ཙམ་བརྒྱབ་པ།