第02版:གལ་ཆེའི་གསར་འགྱུ322/2018-11/06/02/2018110602_brief.jpg 上一版3  4下一版
联系电话: 0891-6328752
3 上一篇 放大 缩小 默认
རང་ལྗོངས་ཀྱིས་ཆབ་སྲིད་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རང་ལྗོངས་ཀྱིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས《ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་གི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་འཆར་གཞི(2018ལོ་ནས་2020ལོའི་བར)》བཟོས་ཏེ། ལོ་གསུམ་རིང་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན་དང་དེ་བཞིན་ཏང་ཡོན་ལ་འཕེལ་རྒྱས་གཏོང་ཡུལ་ཚང་མར་ལོ་རེར་གསོ་སྦྱོང་ཐེངས་རེ་བྱ་རྒྱུ་མ་ཟད། ད་དུང་གཅིག་སྡུད་གསོ་སྦྱོང་གི་དུས་ཡུན་ཆུ་ཚད་32ལས་མི་ཉུང་བ་བྱས་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།

ལས་འགན་ཆེན་པོ་དྲུག་ལ་དམིགས་ནས“མཁའ་ལམ་གསལ་སྟོན་མཐོ་ལྕོག”བཙུགས་པ། དད་སེམས་བརྟན་པ་དང་། བྱང་ཚད་མཐོ་བ། སྒྲིག་ལམ་ནན་པ། འཇོན་ཐང་མངོན་གསལ་དོད་པ་བཅས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་སློབ་གསོ་གསོ་སྦྱོང་གི་ནང་དོན་གདམ་གསེས་ཡག་པོ་བྱས་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཏང་ཡོན་ཚོར་རང་འགུལ་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་ལྷག་བསམ་རྣམ་དག་གིས་དད་པ་བྱེད་མཁན་དང་ལག་ལེན་བྱེད་མཁན་ཞིག་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་། གཉིས་ནས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཆབ་སྲིད་སློབ་གསོའི་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཏང་ཡོན་ཚོར“འདུ་ཤེས་བཞི”དང“གདེང་ཚོད་བཞི”སྔར་བས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ། གསུམ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས་ཚད་ལྡན་དུ་བཏང་སྟེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ། བཞི་ནས་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་རིན་ཐང་ལྟ་བར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ཚོར་ཏང་ལ་ལྷག་བསམ་ཟོལ་མེད་དང་། ཏང་གི་སེམས་ཁྲལ་སེལ་བ། ཏང་གི་འགན་འཁྲི་གཙང་སྒྲུབ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཆབ་སྲིད་ཀྱི་རྩ་བའི་འགན་འཁྲིར་འཛིན་རྒྱུའི་ཁྲིད་སྟོན་བྱ་རྒྱུ། ལྔ་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་། ཏང་གི་སྒྲིག་ཁྲིམས་དང་ལོ་རྒྱུས་ཀྱི་སློབ་གསོའི་གསོ་སྦྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག “སྤྱོད་ཚུལ་བཞིར”ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཏང་ཡོན་ཚོར་གུས་སྐྲག་ཤེས་པ་དང་། འཛེམས་ཟོན་ཡོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱ་རྒྱུ། དྲུག་ནས་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”དང་། ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་གཉེར་ནས་ཏང་ཡོན་ཚོར་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་རེད།

བྱེད་ཐབས་གསུམ་ཁ་གསལ་བཏོན་ནས“ལམ་མཚོན་དཔེ་རིས”བཟོས་པ། རང་སྐྱོང་ལྗོངས་ཀྱིས་དཔེ་སྟོན་གསོ་སྦྱོང་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་དང་ལས་རིགས་ཁོངས་གཏོགས་ཀྱིས་གཙོ་གནད་གསོ་སྦྱོང་བྱེད་པ། རྫོང་དང་ཤང་དང་སྡེ་ཚན་ཁག་གིས་ཡོངས་ཁྱབ་གསོ་སྦྱོང་བྱེད་པ། བོད་སྐྱོར་ཐབས་ལམ་བརྒྱུད་ཁ་གསབ་གསོ་སྦྱོང་བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་དང་དུས་རྒྱུན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁུག་ཆ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ་སྟེ། གཅིག་ནས་རིམ་དབྱེ་གསོ་སྦྱོང་མངོན་གསལ་དོད་པོ་བྱ་རྒྱུ་དང་། གཉིས་ནས་རིགས་དབྱེ་སློབ་ཁྲིད་མཐའ་འཁྱོངས་བྱ་རྒྱུ། གསུམ་ནས་དྲ་ཐོག་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།

འགན་ལེན་རིགས་བཞི་ཤུགས་ཆེར་བཏང་ནས“རྒྱང་སྐྱོད་ལམ་བུ་གསར་པར”སྲུང་སྐྱོང་བྱས་པ། གཅིག་ནས་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུ་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་ཧྲུའུ་ཅི་ནི་འགན་འཁྲི་འཁུར་མཁན་དང་པོ་ཡིན་པ་ཁ་གསལ་བཟོ་རྒྱུ་དང་། གཉིས་ནས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་སྟེ། རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་གསོ་སྦྱོང་སྒྲིག་གཞི་སྣ་ཚོགས་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ(ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོ་ས་ཚིགས) རིགས་ཁག་གི་སྨྱན་སྦྱོར་གསར་པའི་སློབ་གསོའི་ལས་སྟེགས་བཅས་ཡག་པོ་སྤྱོད་རྒྱུ། བོད་ཀྱི་དོན་དངོས་དང་འཚམ་ཞིང་མདོར་བསྡུས་ལ་ཁ་གསལ་བའི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་བསླབ་གཞི་རྩོམ་སྒྲིག་དཔེ་སྐྲུན་བྱ་རྒྱུ། གསུམ་ནས་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱ་རྒྱུ་སྟེ། སྐོར་གཡེང་ཞིབ་བཤེར་དང་། འཐེན་བཤེར། རྒྱུགས་ལེན། ཆེད་དོན་བརྟག་ཞིབ། སྙིང་གཏམ་ཤོད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ། ཆབ་སྲིད་སློབ་གསོའི་གསོ་སྦྱོང་བྱེད་ཚུལ་ལ་ལྟ་སྐུལ་དང་སློབ་སྟོན་གཏིང་ཟབ་བྱས་ནས་གྲུབ་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་རྣམ་པ་ཟབ་མོ་གཏོད་རྒྱུ་སྟེ། ཏང་ཡོན་ལ་ཆབ་སྲིད་སློབ་གསོའི་གསོ་སྦྱོང་བྱེད་པའི་དོན་སྙིང་གལ་ཆེན་དང་། འཕེལ་རིམ་གནས་ཚུལ། གྲུབ་འབྲས་ཐོབ་པའི་བྱེད་ཐབས། སྔོན་ཐོན་ཉམས་མྱོང་། ཕན་འབྲས་དངོས་བཅས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་གསོ་སྦྱོང་གི་རྣམ་པ་བཟང་པོ་གཏོད་རྒྱུ་བཅས་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)

3 上一篇 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版: ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版:ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
སྤྱི་བདེ་པུའི་སློབ་ཁྲིད་དམག་དཔོན་ཚོགས་པས་བོད་སྐྱོད་སློབ་ཁྲིད་ལས་དོན་ལེགས་པར་བསྒྲུབས་པ།
རང་ལྗོངས་ཀྱིས་ཆབ་སྲིད་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ།