第16版:སེམས་སྐྱིད་ཇ་ཁང་322/2018-06/12/16/2018061216_brief.jpg 上一版3
联系电话: 0891-6328752
下一篇 4 放大 缩小 默认
སྐད་འཕྲིན་ནང་དུ་གང་འདོད་བརྒྱུད་བསྐུར་བྱས། ཁྲིམས་ཀྱི་རྒྱ་རུ་ཚུད་ནས་ཉེས་ཆད་ཕོག

མི་མི་ཉུང་བ་ཞིག་གིས་སྐད་འཕྲིན་ནང་ནས་ངོ་མཚར་ཆེ་བའི་པར་རིས་དང་། དོན་སྙིང་ཟབ་པའི་རྩོམ་ཡིག ཡིད་དུ་འོང་བའི་མཛེས་རྩལ་བརྩམས་ཆོས་སོགས་མཐོང་སྐབས་ཉར་ཚགས་བྱེད་སྲོལ་ཡོད་པ་མ་ཟད། སྐབས་འགར་བརྩམ་བྱ་དེ་དག་གི་འབྱུང་ཁུངས་ཧ་མི་གོ་ཞིང་། རྩོམ་པ་པོ་སུ་ཡིན་རྩད་མི་བཅད་པར་གྲོགས་པོའི་ཚོགས་ནང་རང་དགར་བསྐུར་གྱི་ཡོད། འོན་ཀྱང་དེ་ནི་དོ་བདག་གི་བདག་དབང་ལ་བཙན་གནོད་བཏང་བའི་བྱ་སྤྱོད་ཅིག་ཡིན་པར་མ་ཤེས་པས། མཐའ་མ་རང་ཉིད་ཁྲིམས་ཀྱི་རྒྱ་རུ་ཚུད་ཉེན་ཡོད།

དེ་ཡང་། ཉེ་ཆར། པེ་ཅིང་གི་པར་རིས་ལག་རྩལ་ཀུང་སི་ཞིག་གིས་ཞུ་གཏུག་བརྒྱབ་ནས། ཀུང་སི་འདི་ཉིད་ནི་གོ་ལ་ཧྲིལ་པོའི་པར་རིས་མཁོ་འདོན་ཚོང་པ་ཆེ་ཤོས་ཡིན་པའི་ཨ་རིའི་ཀའེ་ཏི་ཀུང་སིའི་ཀྲུང་གོའི་མངའ་ཁོངས་ཀྱི་བདག་དབང་ཐོབ་པའི་ངོ་ཚབ་གཅིག་པུ་དེ་ཡིན་མོད། འོན་ཀྱང་། ཧེང་ཏན་གློག་བརྙན་དང་བརྙན་འཕྲིན་མ་རྐང་ཚད་ཡོད་ཀུང་སིས་ཆོག་མཆན་མ་ཐོབ་པར“ཧེང་ཏན་གློག་བརྙན་བརྙན་འཕྲིན”དང་། “ཧེང་ཏན་གློག་བརྙན་དང་བརྙན་འཕྲིན་གྲོང”གི་སྐད་འཕྲིན་སྤྱི་རྟགས་ནང་པེ་ཅིང་གི་པར་རིས་ལག་རྩལ་ཀུང་སིར་བདག་དབང་ཡོད་པའི་པར་རིགས་བརྩམ་བྱ་བེད་སྤྱོད་བྱས་ཏེ། ཀུང་སི་འདི་ཉིད་ཀྱི་པར་རིགས་བརྩམ་བྱའི་ཆ་འཕྲིན་དྲ་རྒྱའི་བརྒྱུད་སྤེལ་དབང་ཆར་གནོད་འཚེ་བཏང་ཡོད་ཅེས་བརྗོད། ཀུང་སི་དེས་ཧེང་ཏན་ཀུང་སིར་བེད་སྤྱོད་རྒྱུའི་དབང་ཆ་སྤྲད་པའི་ཡིག་ཆ་མཁོ་འདོན་ནམ་ཡང་ན་དབང་ཆར་བཙན་གནོད་བཏང་བའི་བྱེད་སྤྱོད་མཚམས་འཇོག་བྱེད་པ་དང་འབྲེལ་དཔལ་འབྱོར་གྱི་གྱོང་གུན་ཁ་གསབ་བྱེད་དགོས་པའི་རེ་བ་ཐེངས་མང་བཏོན་ཡང་། རེ་བ་དེ་དག་ཧེང་ཏན་ཀུང་སིས་དང་ལེན་བྱས་མེད། དེར་བརྟེན། ཞུ་གཏུག་བརྒྱབ་ནས་ཁྲིམས་ཁང་གིས་ཧེང་ཏན་ཀུང་སིས་དབང་ཆར་བཙན་གནོད་བཏང་བའི་བྱེད་སྤྱོད་འཕྲལ་མར་མཚམས་འཇོག་རྒྱུ་དང་། དཔལ་འབྱོར་གྱི་གྱོང་གུན་གསབ་པ་དང་སྦྲགས། ཁེ་དབང་སྲུང་སྐྱོང་གི་ལུགས་མཐུན་གཏོང་སྒོ་སྒོར་ཁྲི་2སྤྲོད་དགོས་པའི་རེ་བ་བཏོན་ཡོད་པ་མ་ཟད། མཐར་ཁྲིམས་ཁང་གི་བར་འདུམ་འོག་ཕྱོགས་གཉིས་དབར་གྲོས་མཐུན་བཞག་ནས། ཧེང་ཏན་ཀུང་སིས་ཞུ་གཏུག་མཁན་ཏེ་པེ་ཅིང་གི་པར་རིས་ལག་རྩལ་ཀུང་སི་དེར་པར་དབང་བེད་སྤྱོད་ཀྱི་རིན་འབབ་སྒོར་6000སྤྲོད་དགོས་བྱུང་ཡོད།

གོང་གསལ་དངོས་བྱུང་གི་གནས་ཚུལ་འདིར་གཞིགས་ནས་ཁྲིམས་དཔོན་ཐན་ནེ་ཝུན་གྱིས“རང་རྒྱལ་གྱི《རྩོམ་གྱི་བདག་དབང་བཅའ་ཁྲིམས》ནང་བརྩམས་དབང་ཡོད་མཁན་གྱི་ཆོག་མཆན་མ་ཐོབ་པར་མི་གང་རུང་ཞིག་གིས་རང་དགར་དྲ་རྒྱར་བརྩམ་བྱ་བརྒྱུད་བསྐུར་བྱེད་པའི་བྱེད་སྤྱོད་ཚང་མ་ནི་བདག་དབང་ལ་བཙན་གནོད་བཏང་བ་ཞིག་ཡིན་པའི་གཏན་འབེབས་བྱས་ཡོད། བདག་དབང་གཞན་ལ་ཡོད་པའི་པར་རིས་ཆོག་མཆན་མ་ཐོབ་པར་དྲ་རྒྱར་རང་དགར་བརྒྱུད་བསྐུར་བྱས་རིགས་ཆ་འཕྲིན་དྲ་རྒྱར་བརྒྱུད་སྤེལ་བྱེད་པའི་བདག་དབང་ལ་གནོད་འཚེ་བཏང་བའི་ཁྱབ་ཁོངས་སུ་གཏོགས་པས། ཁྲིམས་གཏན་གྱི་རྒྱུ་མཚན་གཞན་མེད་པའི་གནས་ཚུལ་འོག་དབང་ཆར་བཙན་གནོད་བྱས་པ་ཞིག་རེད”ཅེས་བརྗོད།

དེས་ན་ང་ཚོས་རྣམ་ཀུན་པར་རིས་གྲོཌ་པོའི་ཚོགས་ནང་ཡོངས་བསྒྲཌ་བྱེད་སྐབས། འབྱུང་ཁུངས་གསལ་པོ་མེད་པའི་པར་རིས་གང་ཐུབ་ཅི་ཐུབ་ཀྱིས་བརྒྱུད་བསྐུར་མི་བྱེད་པ་དང་། གཞན་གྱི་པར་རིས་ཡོངས་བསྒྲགས་བྱེད་སྐབས་ཁྲིམས་མཐུན་ཁེ་དབང་ཡོད་མཁན་གྱི་དབང་ཆ་ཐོབ་དགོས་ལ། གཞན་གྱི་པར་རིས་ལུཌ་མཐུན་གྱིས་བེད་སྤྱོད་གཏོང་སྐབས་རྩོམ་པ་པོ་དང་འབྱུང་ཁུངས་གསལ་བཤད་བྱེད་དགོས་པ་མ་ཟད། གལ་སྲིད་དབང་ཆར་བཙན་གནོད་བཏང་བའི་བརྡ་ཐོ་འབྱོར་སྐབས་དུས་ཐོག་ཏུ་བསུབ་དགོས།

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
སྐད་འཕྲིན་ནང་དུ་གང་འདོད་བརྒྱུད་བསྐུར་བྱས། ཁྲིམས་ཀྱི་རྒྱ་རུ་ཚུད་ནས་ཉེས་ཆད་ཕོག
གཏམ་དཔེ་རྣ་བའི་བུ་རམ་།