第13版: ཁྲིམས་དང་སྤྱི་ཚོ322/2018-06/12/13/2018061213_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
ལྷ་རི་རྫོང་སྤྱི་བདེ་ཅུས་ཀྱིས།
ཁྲིམས་ལྟར་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་རི་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་4ཉིན་གྱི་ཉིན་དགུང་། ལྷ་རི་རྫོང་སྤྱི་བདེ་ཅུས་ལྟ་ཞིབ་རུ་ཆེན་ལ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པའི་སྙན་སེང་ཁ་པར་འབྱོར་བ་སྟེ། “འགྲིམ་འགྲུལ་རུ་ཆེན་མི་དམངས་ཉེན་རྟོག་པས་ལས་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་། འགྲིམ་འགྲུལ་སྒྲིག་སྲོལ་ལ་སྲུང་བརྩི་མི་ཞུ་མཁན་སྦག་སྦག་གཏོང་མཁན་ཞིག་གིས་མི་དམངས་ཉེན་རྟོག་པས་ལས་སྒྲུབ་བྱེད་སྐབས་ཁོ་པར་དམའ་འབེབས་གཏོང་བའི་སྐད་ཆ་ཤོད་ཀྱི་འདུག”ཅེས་ཞུས། ལྟ་ཞིབ་རུ་ཆེན་གྱིས་འཕྲལ་དུ་གནས་ཚུལ་སྙན་སེང་ཞུས་ཏེ་ལྟ་ཞིབ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁྲིམས་ལུཌ་ཁོའོ་དང་བདེ་སྐྱོང་དོ་དམ་རུ་ཆེན་དང་མཉམ་དུ་དབང་སྲུང་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཟླ་5ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་12ཙམ་ལ་སྒྲིག་འགལ་གྱི་ཁ་ལོ་བ་ཝན་ཆེ་གེ་མོས་བདེ་འཇགས་ཀྱི་ཞྭ་མོ་མ་གྱོན་པར་སྦག་སྦག་ལྷ་རི་རྫོང་སྤྱི་བདེ་ཅུས་ཀྱི་ལམ་མདོ་ནས་བརྒྱད་སྐབས། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁ་བཀག་ནས་ཁྲིམས་ལྟར་ཐག་གཅོད་དང་ལེན་བྱ་རྒྱུའི་བླང་བྱ་བཏོན། འོན་ཀྱང་ཝན་ཆེ་གེ་མོས་འགྲིམ་འགྲུལ་ཉེན་རྟོག་པའི་ཐག་གཅོད་ལ་གཞོགས་འདེགས་མ་བྱས་པར་བྲོས་རྩིས་བྱས་པ་དང་ད་དུང་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་འཛིན་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ལ་ཐུག་པ་དང་། དམའ་འབེབས་གཏོང་བའི་སྐད་ཆ་ཤོད་པ་སོགས་ལ་ཁ་གཡར་ནས་དོན་མེད་རྙོག་དྲ་བཟོས་པས་མི་དམངས་ཉེན་རྟོག་པ་ཁྲིམས་ལྟར་ལས་སྒྲུབ་བྱེད་པའི་ལས་ཀར་འགོག་རྐྱེན་ཆེན་པོ་བཟོས་ཡོད། གོང་གི་བྱེད་སྤྱོད་ཚང་མ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁྲིམས་འཛིན་ཐོ་འགོད་ཡོ་ཆས་ནང་པར་ཐེབས་ཡོད་པ་རེད།

ལྷ་རི་རྫོང་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་ཨུ་ལྷན་གྱིས《བདེ་སྐྱོང་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལྟར་སྦག་སྦག་གི་ཁ་ལོ་བ་ཝན་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་བཅུ་དང་སྒོར་ལྔ་བརྒྱ་ཡི་ཉེས་ཆད་བཏང་བ་རེད། ད་ཐེངས་ཀྱི་དབང་སྲུང་གྱོད་གཞིའི་ནང་ལྷ་རི་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་མི་དམངས་ཉེན་རྟོག་པའི་རྒྱུན་གཏན་གྱི་ལས་དོན་ཁྲོད་ཁྲིམས་འཛིན་གྱི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་དང་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་བ་དང་། མི་དམངས་ཉེན་རྟོག་པར་འགྲན་སློང་བྱེད་ཕོད་པ་དང་ཚུལ་མཐུན་གྱི་ཁྲིམས་འཛིན་ཁེ་དབང་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་དང་འཐབ་རྩོད་བྱེད་ཕོད་པའི་ཁྲིད་སྟོན་བཅས་བྱས་པས་མི་དམངས་ཉེན་རྟོག་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐུབ་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལྗོངས་ཡོངས་ཀྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཐོབ་ཁྲལ་གྱི་སྲིད་ཇུས་སྐོར་ལ་གསོ་སྦྱོང་བྱས་པ།
རང་ལྗོངས་ཀྱི་ཞིབ་དཔྱོད་དཔོན་ཅང་སུའུ་དང་ཧོ་པེར་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ།
ཁྲིམས་ལྟར་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་བྱས་པ།
དཔལ་འབྱོར་ཁྱབ་ཁོངས་སུ་བཅའ་ཁྲིམས་ཤེས་བྱ་འཆད་ཁྲིད་བྱས་པ།