第13版: ཁྲིམས་དང་སྤྱི་ཚོ322/2018-06/12/13/2018061213_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
རང་ལྗོངས་ཀྱི་ཞིབ་དཔྱོད་དཔོན་ཅང་སུའུ་དང་ཧོ་པེར་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རྟོག་ཞིབ་སློབ་སྦྱོང་ཚོགས་ཆུང་ཅང་སུའུ་དང་ཧོ་པེ་ས་ཆ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད་ནས་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད། དུས་ཡུན་གཟའ་འཁོར་གཅིག་གི་དུས་ཚོད་ནང་རྟོག་ཞིབ་སློབ་སྦྱོང་ཚོགས་ཆུང་གིས་ཧོ་པེ་ཞིང་ཆེན་དང་། ཧྲེ་ཡན་གྲོང་ཁྱེར། ཡང་ཀྲོའུ་གྲོང་ཁྱེར། ཏན་ཡང་གྲོང་ཁྱེར་བཅས་ཀྱི་ཞིབ་དཔྱོད་ཁང་ནང་རྟོག་ཞིབ་སློབ་སྦྱོང་བྱས་པ་དང་འབྲེལ་སྤྱི་ཕན་ཞུ་གཏུག་གྱོད་གཞི་སྒྲུབ་པའི་བྱེད་ཐབས་གཙོ་བོ་དང་། གཙོ་གནད་དང་དཀའ་གནད། སྒྲུབ་གཉེར་ལམ་སྲོལ། རིག་ནུས་ཅན་གྱི་ལྟ་སྐུལ་ལས་སྟེཌ་འཛུཌ་སྐྱོང་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་དཔྱད་བསྡུར་གཏིང་ཟབ་དང་སློབ་སྦྱོང་ནན་ཏན་བྱས་ཡོད་པ་རེད།

རྟོག་ཞིབ་སློབ་སྦྱོང་ནང་ཞུགས་པའི་ཞིབ་དཔྱོད་དཔོན་གྱིས་ད་ཐེངས་ཀྱི་རྟོག་ཞིབ་སློབ་སྦྱོང་བྱས་པ་བརྒྱུད། བློ་བསྐྱེད་ཆེན་པོ་བྱུང་བ་དང་ཕན་ནུས་ཀྱང་ཆེན་པོ་ཐོན་བྱུང་། ལྷག་པར་དུ་གོམ་སྟབས་རྗེས་མར་བོད་ཀྱི་སྤྱི་ཕན་ཞུ་གཏུག་གྱོད་དོན་བསྒྲུབ་པའི་བརྒྱུད་རིམ་ནང་གཅེན་གཅུང་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་སྒྲུབ་པའི་གོ་རིམ་དང་། ཞིབ་བཤེར་ཚད་གཞི་ཚགས་ཚུད་དུ་གཏོང་བ། བཀོལ་སྤྱོད་ཚད་ལྡན་དང་གཅིག་གྱུར་བྱེད་པ་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དག་ང་ཚོས་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་འཛིན་དགོས་པ་ཞིག་འདུག་ཅེས་བརྗོད་པ་རེད།

རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་སྡེ་ཚན་བཅས་ཀྱི་མི་སྣ་རྟོག་ཞིབ་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལྗོངས་ཡོངས་ཀྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཐོབ་ཁྲལ་གྱི་སྲིད་ཇུས་སྐོར་ལ་གསོ་སྦྱོང་བྱས་པ།
རང་ལྗོངས་ཀྱི་ཞིབ་དཔྱོད་དཔོན་ཅང་སུའུ་དང་ཧོ་པེར་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ།
ཁྲིམས་ལྟར་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་བྱས་པ།
དཔལ་འབྱོར་ཁྱབ་ཁོངས་སུ་བཅའ་ཁྲིམས་ཤེས་བྱ་འཆད་ཁྲིད་བྱས་པ།