第13版: ཁྲིམས་དང་སྤྱི་ཚོ322/2018-06/12/13/2018061213_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ལྗོངས་རྒྱལ་ཁྲལ་ཅུས་ཀྱིས།
ལྗོངས་ཡོངས་ཀྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཐོབ་ཁྲལ་གྱི་སྲིད་ཇུས་སྐོར་ལ་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཤེས་རྟོཌ་བྱུང་བ་ལྟར་ན།2018ལོའི་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་དོན་ལ་སྐུལ་མ་བཏང་ནས་གཞི་རིམ་གྱི་ཁྲལ་དོན་ལས་ཁུངས་དང་ཁྲལ་འཇལ་བར་འཕྲད་པའི་གནད་ཆེ་དང་། དཀའ་གནད། གླེང་མང་བའི་གནད་དོན་འཕྲལ་མར་སེལ་ཆེད།ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་ལྗོངས་ཡོངས་ཀྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཐོབ་ཁྲལ་གྱི་འབྲེལ་ཡོད་ཁྲལ་འབབ་སྲིད་ཇུས་སྐོར་གསོ་སྦྱོང་བྱས་པར་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་བྱེད་པ་དང་ཁྲལ་འཇལ་བ་ཁག་གཅིག་གི་འཐུས་མི་ཞུགས་ཡོད།

ད་རེས་ཀྱི་གསོ་སྦྱོང་ནང་དོན་གཙོ་བོ་ནི་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྗེས་ཨར་སྐྲུན་ལས་རིགས་དང་ཁེ་ལས་ཐོབ་ཁྲལ་གྱི་འབྲེལ་ཡོད་ཁྲལ་འབབ་སྲིད་ཇུས་སོགས་ཀྱི་ནང་དོན་ཚུད་པ་དེའི་དམིགས་ཡུལ་ནི་དཔྱ་ཁྲལ་སྒྱུར་བཅོས་བྱེད་པའི་སྐབས་ཁྲལ་འཇལ་ལས་དོན་པ་དང་ཁྲལ་འཇལ་བའི་དགོས་མཁོ་ཆེ་བའི་གོ་སྐབས་བེད་སྤྱད་ནས་ལས་བྱེད་པའི་ལས་སྒོའི་ནུས་པ་དང་ཁྲལ་འབབ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། གནས་ཐང་འཕར་ཁྲལ་འདུན་ཞུ་དང་2017ལོ་འཁོར་གྱི་ཁེ་ལས་ཀྱི་ཐོབ་ཁྲལ་ལོ་འཁོར་བསྡོམས་རྩིས་གཙང་འཇལ་ལས་དོན་གྱི་དུས་འགོའི་སྲིད་ཇུས་དྲིལ་བསྒྲགས་དང་རེའུ་མིག་འབྲི་བའི་ལས་ཀར་རྨང་གཞི་བརྟན་པོ་ཞིག་བཏིང་ནས། ཁྲལ་འཇལ་ལས་དོན་པའི་ལྟེ་བའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ་དང་ཁྲལ་འཇལ་བར་ཞབས་འདེགས་སྔར་བས་ལེགས་པ་ཞུ་བའི་ཆེད་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་ཁྲལ་དོན་པས་གནས་ཐང་འཕར་ཁྲལ་གྱི་འཕར་ཚད་ལེགས་སྒྲིག་དང་། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་ངུའི་ཁྲལ་འཇལ་བའི་ཚད་གཞི་གཅིག་གྱུར། ཐོ་འགོད་གཞན་སྒྱུར་གྱི་ལས་སྒོ་སྒྲུབ་གཉེར། ཐོ་འགོད་སྤྱིར་བཏང་སོགས་ཀྱི་དཀའ་གནད་དང་ཟུང་འབྲེལ་བྱས་ནས་གོ་བདེ་ཤེས་སླ་དང་གསོན་ཉམས་དོད་པའི་ངང་ཕྱོགས་བཞིའི་ཐད་ནས་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་སྐོར་ལ་ཚང་མར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། ལྗོངས་རྒྱལ་ཁྲལ་ཅུས་ཐོབ་ཁྲལ་ཁྲུའི་ལས་དོན་པས་2017ལོའི་ཁེ་ལས་ཀྱི་ཐོབ་ཁྲལ་བསྡོམས་རྩིས་གཙང་འཇལ་གྱི་རེའུ་མིག་འབྲི་རྒྱུར་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ནས་ཁེ་ལས་སྤྱིར་བཏང་དང་སྤྱི་ཁྱབ་དང་ཡན་ལག་སྒྲིག་གཞིར་ལོངས་སུ་སྤྱོད་པའི་དཔྱ་ཁྲལ་ཆག་ཡང་ཕྲན་བུ་དང་། ནུབ་རྒྱུད་དུ་དཔྱ་ཁྲལ་རྩ་ཆག་དང་ཆག་ཡང་། ས་གནས་ལ་40%རྩ་ཆག་དང་ཆག་ཡང་བཅས་གཏོང་བའི་ཕྱོགས་གསུམ་ཐད་ལ་འགྲེལ་བཤད་ཞིབ་ཅིང་ཕྲ་བ་བརྒྱབ་སྟེ་ཁྲལ་དོན་ལས་བྱེད་པ་དང་ཁྲལ་འཇལ་བར་སྲིད་ཇུས་ཤེས་པ་དང་། རེའུ་མིག་རྒྱོང་ཤེས་པ། འདུན་ཞུ་བྱེད་ཤེས་པ་བཅས་ཡོང་བ་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། བདེ་སྐྱིད་སྒྲོལ་དཀར་དང་པ་ཚེས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ལྗོངས་ཡོངས་ཀྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཐོབ་ཁྲལ་གྱི་སྲིད་ཇུས་སྐོར་ལ་གསོ་སྦྱོང་བྱས་པ།
རང་ལྗོངས་ཀྱི་ཞིབ་དཔྱོད་དཔོན་ཅང་སུའུ་དང་ཧོ་པེར་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་པ།
ཁྲིམས་ལྟར་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་བྱས་པ།
དཔལ་འབྱོར་ཁྱབ་ཁོངས་སུ་བཅའ་ཁྲིམས་ཤེས་བྱ་འཆད་ཁྲིད་བྱས་པ།