第04版:གལ་ཆེའི་གསར་འགྱུ322/2018-06/12/04/2018061204_brief.jpg 上一版3  4下一版
联系电话: 0891-6328752
3 上一篇 放大 缩小 默认
ལྷ་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱིས“གོམ་སྟབས་གསུམ”ལ་བརྟེན་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལྷ་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་འཚམས་འདྲིའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་གྱིས་ཁྲིམས་ཆད་འཁུར་རིང་གི་གནས་ཚུལ་རེ་རེ་བཞིན་ཞིབ་བཤེར་དང་དཔྱད་ཞིབ་བྱས་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་སློབ་གསོ་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་སྤྱི་ཚོགས་ཀྱི་ཁྲིམས་ཆད་འཁུར་མཁན་ལ་དོ་དམ་མི་འདང་བ་དང་། དོ་དམ་ལ་ལྷོད་གཡེང་ཤོར་བ། སླར་ཡང་ཉེས་གསོག་གི་ལམ་དུ་བསྐྱོད་པ་བཅས་སྔོན་འགོག་བྱས་ཡོད།

ཕྱོགས་ཡོངས་ནས་འཚམས་འདྲི་བྱས་ཤིང་། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ཚོའི་ཁྱིམ་དུ་བསྐྱོད་ནས་ཁྲིམས་ཆད་འཁུར་མཁན་དང་དེ་བཞིན་ནང་མི་དང་། ཁྱིམ་མཚེས། ཤང་གྲོང་ལས་བྱེད་པ་སོགས་ལ་བཅར་འདྲི་བྱས་ཏེ། ཁོང་ཚོའི་ཐོན་སྐྱེད་དང་། འཚོ་བ། བསམ་བློ་བཅས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱས་པ་དང་། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་གྱི་ཁྱིམ་ཚང་གནས་ཚུལ་དང་དཔལ་འབྱོར་གནས་ཚུལ་སོགས་གཙོ་གནད་ཐོག་ཁོང་དུ་ཆུད་པ་བྱས་ཡོད།

བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། སྤྱི་ཚོགས་ཀྱི་ཁྲིམས་ཆད་འཁུར་མཁན་རེ་རེ་དང་གླེང་མོལ་བྱས་ཏེ་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་རྒྱག་པ་དང་དྲན་སྐུལ་སློབ་གསོ་བཏང་ནས་ཁོང་ཚོའི་ཁྲིམས་སྲུང་འདུ་ཤེས་ཟབ་ཏུ་བཏང་ཡོད། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་གྱི་བསམ་བློའི་གནས་ཚུལ་དང་དཀའ་གནད་དུས་ཐོག་ཏུ་རྟོགས་པ་བྱས་ཏེ། ཁོང་ཚོར་བསམ་བློའི་ཁུར་པོ་འཁྱེར་མི་དགོས་པ་དང་། བསྐྱར་ནས་འཚོ་བ་སྐྱེལ་བའི་ཡིད་ཆེས་བརྟན་པོ་འཛུགས་པ། སྡེ་ཁུལ་གྱི་ཁྲིམས་ཆད་དང་ལེན་ཧུར་ཐག་བྱེད་པ། ཁྲིམས་ཆད་འཁུར་རིང་གི་དུས་ཚོད་གཅེས་འཛིན་བྱེད་པ། བདེ་བླག་ངང་ཡོ་བསྲང་དུས་བཅད་ཐིམས་པ་བཅས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།

འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱས་ཤིང་། སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ཚོའི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོའི་ཁྱིམ་ཚང་དང་། ཁྱིམ་མཚེས། གྲོང་མི་བཅས་དབར་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་མ་ཐག་འདུམ་འགྲིག་བྱས་པ་དང་སྤྱི་ཚོགས་ཀྱི་ཁྲིམས་ཆད་སྦྲེལ་མཐུད་དང་། དོ་དམ། སློབ་གསོ། རོགས་སྐྱོར་བཅས་ཀྱི་ལས་ཀའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།

3 上一篇 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ཁང་དེ་ཡོངས་ཀྱི་ཁྲིམས་སའི་དྲུང་ཡིག་ལ་གཅིག་གྱུར་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་བ།
ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ།
བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གི་སྟབས་བསྟུན་རང་བཞིན་གྱི་ཁྲིམས་འཛིན་བྱེད་ཐབས་ལས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།
སྐབས་དང་པོའི“ཞིབ་དཔྱོད་དང་ཁྲིམས་རྩོད་ཀྱི་འབྲེལ་བ་མཉམ་གཏོད”དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལྷ་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱིས“གོམ་སྟབས་གསུམ”ལ་བརྟེན་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱས་པ།