第04版:གལ་ཆེའི་གསར་འགྱུ322/2018-06/12/04/2018061204_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གི་སྟབས་བསྟུན་རང་བཞིན་གྱི་ཁྲིམས་འཛིན་བྱེད་ཐབས་ལས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་བསམ་གྲུབ་རྩེ་ཆུས་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་ཁྱིམ་དོན་འདྲི་གཅོད་བྱེད་སྟངས་དང་ལས་ཀའི་ལམ་སྲོལ་སྒྱུར་བཅོས་ཚོད་ལྟའི་ཚན་པ་ཡིན་པའི་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཁྱིམ་ཚང་དང་། གཉེན་སྒྲིག གཉེན་ཉེ་བཅས་ཀྱི་འབྲེལ་བ་བརྟན་པོ་སྲུང་རྒྱུ་རྩ་དོན་དུ་བྱས་པ་དང་། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ལ་བརྟེན་ནས་ཁྱིམ་དོན་རྩོད་གཞིའི་གྱོད་གཞི་ལེགས་པར་ཐག་གཅོད་བྱས་པས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད།

ཆེད་ལས་ཅན་གྱི་ཁྱིམ་དོན་འདྲི་གཅོད་ཚོགས་པ་བཙུགས་པ། འདྲི་གཅོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་དོན་འདྲི་གཅོད་མཉམ་གྲོས་ཁྲིམས་ར་བཙུགས་པ་དེ་བོད་ཡིག་མཐར་ཕྱིན་པ་ཤེས་པ་དང་། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ། འགན་འཁྲིའི་བསམ་པ་ཆེ་བ། ཁྱིམ་ཚང་འཚོ་བའི་ཉམས་མྱོང་ངེས་ཅན་ལྡན་པ། སེམས་གསོ་གཏོང་མཁས་པ་དང་འབྲེལ་གཏུགས་བྱེད་མཁས་པའི་ཁྲིམས་དཔོན་4དང་ཁྲིམས་དཔོན་ལས་རོགས་1དེ་བཞིན་ཐོ་འགོད་པ་1ལས་གྲུབ་པ་དང་། ཁོང་ཚོས་ཆེད་མངགས་ཁྱིམ་ཚང་ཁོངས་མིའི་གཉེན་སྒྲིག་དང་། བསྙེན་བཀུར། གསོ་སྐྱོང་། ཤུལ་འཛིན། རྒྱུ་ནོར་བགོ་བཤའ་སོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

ད་དུང་ཁྱིམ་དོན་འདྲི་གཅོད་བྱེད་སྟངས་དང་ལས་ཀའི་ལམ་སྲོལ་སྒྱུར་བཅོས་ཀྱི་མཉམ་ཞུགས་ལམ་ལུགས་བཙུགས་པ་དང་། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་བཙུཌ་པ། བར་འདུམ་དེ་ཁྱིམ་དོན་རྩོད་གཞིའི་སྔ་ཕྱི་བར་གསུམ་དུ་ཁྱབ་པར་བྱས་པ། ཕྱོཌ་མང་མཉམ་འགུལ་ཐོག་ནས་ཁྱིམ་དོན་རྩོད་གཞིའི་གྱོད་གཞི་བསྒྲུབས་པ་བཅས་བྱས་པ་རེད།

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ཁང་དེ་ཡོངས་ཀྱི་ཁྲིམས་སའི་དྲུང་ཡིག་ལ་གཅིག་གྱུར་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་བ།
ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ།
བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གི་སྟབས་བསྟུན་རང་བཞིན་གྱི་ཁྲིམས་འཛིན་བྱེད་ཐབས་ལས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།
སྐབས་དང་པོའི“ཞིབ་དཔྱོད་དང་ཁྲིམས་རྩོད་ཀྱི་འབྲེལ་བ་མཉམ་གཏོད”དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལྷ་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱིས“གོམ་སྟབས་གསུམ”ལ་བརྟེན་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱས་པ།