第06版:ཁྲིམས་སྐྱོང་དམངས322/2018-06/12/06/2018061206_brief.jpg 上一版3  4下一版
联系电话: 0891-6328752
3 上一篇  下一篇 4 放大 缩小 默认
ལྗོངས་ཁྲིམས་འཛིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་གིས།
བྱ་ཐབས་སྣ་མང་སྤྱད་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་འབྲི་རུ་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་རང་ལྗོངས་སུ་དབྱར་རྩྭ་དགུན་འབུ་འཐུ་བའི་སྒང་ཡིན་པས། དབྱར་རྩྭ་དགུན་འབུ་འཐུ་བའི་དོ་དམ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱ་ཆེད། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རླན་ཆུ་ཤང་ཀ་མདའ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ལས་དོན་རུ་ཁག་གིས་བྱ་ཐབས་སྣ་མང་སྤྱད་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་ལས་དོན་ཁག་ཧུར་ཐག་བསྒྲུབས་ཡོད།

གྲོང་སྡོད་ལས་དོན་རུ་ཁག་གིས“ཏང་གི་བརྗོད་དོན་གཙོ་བོའི་ཉིན་མོ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གོ་སྐབས་སུ་བཟུང་བ་དང་། འགན་ནུས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་དབྱར་རྩྭ་དགུན་འབུ་འཐུ་ཡུལ་བཀྲ་བཟང་དུ་སྨན་རྫས་སྤྲོད་པ་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཡོད། བྱེད་སྒོ་སྤེལ་རིང་གྲོང་སྡོད་ལས་དོན་རུ་ཁག་གི་སྨན་དོན་མི་སྣས་ནད་གཞི་ལྟ་བར་ཡོང་མཁན་མང་ཚོགས་རེ་རེ་བཞིན་ལ་ནན་ཏན་ངང་སྨན་བཅོས་བྱ་ཐབས་བཏོན་པ་དང་། མང་ཚོགས་ཀྱི་ནད་ལ་གཞིགས་ཏེ་གསལ་འགྲེལ་ཞིབ་ཚགས་བྱས་པ་མ་ཟད། སྨན་རྫས་རིན་མེད་ངང་སྤྲད་དེ་བརྟག་དཔྱད་བྱེད་པར་ཡོང་མཁན་མང་ཚོགས་ཚང་མས“སྒོ་འགྲམ”ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་ནང་ཁྱོན་རིན་ཐང་སྒོར་1000ལྷག་ཙམ་རི་བའི་སྨན་རྫས་སྤྲད་པ་དང་མང་ཚོགས་མི་ཐེངས་160ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

གཞིས་སྲུང་གྲོང་མིའི་ལས་དོན་ནན་ཏན་ངང་ཡག་པོར་བསྒྲུབ་ཆེད་དང་གྲོང་ཚོའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་སྔ་ཙམ་ནས་ལས་དོན་སྤེལ་བ་དང་། སྔ་ཙམ་ནས་གྲ་སྒྲིག་བྱེད་པ། སྔ་ཙམ་ནས་སྔོན་འགོག་བྱེད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ལས་དོན་རུ་མིའི་ཕོ་མོ་ལས་བགོས་དང་བོད་རྒྱ་ཟུང་འབྲེལ་གྱི་སྡོད་བྱའི་ལམ་ལུགས་ཀྱི་ལས་དོན་སྒྲུབ་སྟངས་སྤྱད་དེ་ཀ་མདའ་གྲོང་ཚོའི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དང་གྲོང་ཚོའི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དང་གྲོང་ཚོའི་ནང་གི་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱས་ཡོད།

མིག་སྔའི་བར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རླན་ཆུ་ཤང་ཀ་མདའ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ལས་དོན་རུ་ཁག་གིས་གཞིས་སྲུང་གྲོང་མིར་ཆུ་དང་གློག་ཆད་པ་དང་། སྨན་པ་བསྟེན་པ། དྲོད་ཁང་ཉམས་བཟོ་སོགས་ཐད་ཀྱི་དཀའ་གནད་20ལྷག་ཙམ་ཐག་གཅོད་བྱས་ནས་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་མཁན་གྱི་གྲོང་མིའི་སེམས་ཁྲལ་བསལ་ཏེ་དབྱར་རྩྭ་དགུན་འབུ་འཐུ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)

3 上一篇  下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
བྱས་རྗེས་འཇོག་ལ་བརྩོན། འཕེལ་རྒྱས་དོན་དུ་གཉེར།
བྱ་ཐབས་སྣ་མང་སྤྱད་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་པ།
“ཞལ་འདེབས”ཀྱི་ཁ་བསླུས།