第06版:ཁྲིམས་སྐྱོང་དམངས322/2018-06/12/06/2018061206_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
བྱས་རྗེས་འཇོག་ལ་བརྩོན། འཕེལ་རྒྱས་དོན་དུ་གཉེར།
—— རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ལོ་རྒྱུས་ཁང་གི་སྐོར་བཀོད་པ།

དཔུང་ཁག་ཅིག་འཕེལ་རྒྱལ་མྱུར་པོ་བྱུང་བ་ནི་རིག་གནས་དར་རྒྱས་བྱུང་བ་དང་ཁ་འབྲལ་ཐབས་མེད། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་ཚན་ཁག་གིས་ཉེན་རྟོག་ཁང་གི་རིག་གནས་དར་སྤེལ་ལས་དོན་ལ་མཐོང་ཆེན་བྱས་ནས། 2017ལོར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱི་ལོ་རྒྱུས་ཁང་བསྐྲུན་པ་རེད།

ལོ་རྒྱུས་ཁང་གིས“འཕེལ་རྒྱས་དང་རྗེས་ཤུལ”བརྗོད་དོན་གཙོར་བོར་བྱས་ཏེ། 1959ལོའི་ཟླ་5པར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་བཙུགས་ནས་ད་བར་ལོ་ངོ་59སོང་བའི་རིང་གི་དཀའ་སྤྱད་སྡུག་རུས་ཀྱི་ལམ་བུ་དང་། ཅུས་དེ་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

ལོ་རྒྱུས་ཁང་ནང་སྒྲིག་གཤོམ་བྱས་པའི་གསོན་དཔེ་དག་ལས་དུས་རབས་མི་འདྲ་བའི་མི་དམངས་ཉེན་རྟོག་པའི་དཔའ་བོའི་ཉམས་འགྱུར་མངོན་ཡོད་ལ། དུས་རབས་མི་འདྲ་བའི་མི་དམངས་ཉེན་རྟོག་པས་བརྒྱུད་མྱོང་བའི་ལམ་བུ་དང་ཉམས་བཟང་ཡང་མངོན་པར་བྱས་ཡོད།

ལོ་རྒྱུས་ཁང་དུ་རྫོང་དེའི་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་སྤྱད་མྱོང་བའི་པར་ཆས་དང་། ཏར་འཕྲིན་གཏོང་ཆས། ཡིག་པར་འཕྲུལ་འཁོར་དང་དེ་བཞིན་སྔོན་མའི་སྦྱར་ཡིག་དང་། བྱ་ཐབས། བྱེད་ཕྱོགས། སྲིད་ཇུས་སོགས་ཀྱི་ལོ་རྒྱུས་དཔྱད་གཞི་རྩ་ཆེན་ཉར་ཚགས་བྱས་པ་མ་ཟད། རིམ་ཁག་འགོ་ཁྲིད་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་སུ་ལས་དོན་ལ་བརྟག་དཔྱད་དང་མཛུབ་ཁྲིད་གནང་བར་ཕེབས་པའི་འདྲ་པར་ཡང་ཡོད་དེ། དེའི་ཁྲོད་དུ་སྐབས་དེར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བཞིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཧྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་མཐུན་ཧུའུ་ཅིན་ཐའོ་1990ལོར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ལ་གཟིགས་ཞིབ་གནང་བར་ཕེབས་པའི་སྐུ་པར་སོགས་ཡོད། མིག་སྔའི་བར། རྒྱལ་ཁབ་རིམ་པའི་འགོ་ཁྲིད་གཉིས་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་མང་པོ་རྫོང་སྤྱི་བདེ་ཅུས་སུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་ཡོད།

ལོ་རྒྱུས་ཁང་དུ་ད་དུང་རྫོང་སྤྱི་བདེ་ཅུས་ལ་ལོ་མང་རིང་ཐོབ་པའི་རྒྱལ་ཡོངས་དང་། ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལོ་འཁོར་གྱི་སྤྱི་བདེ་ལས་ཀའི་སྔོན་ཐོན་ཚན་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན། ཕུལ་བྱུང་གི་སྒྲིག་འཛུགས་ཚན་པ་སོགས་ཀྱི་གཟི་བརྗིད་ལག་ཁྱེར་ཉར་ཚགས་བྱས་ཡོད་ལ། རྫོང་དེའི་སྤྱི་བདེ་ཅུས་ཀྱི་དཔའ་བོ་དཔེ་བཟང་གི་འཐུས་མི་ཁག་གཅིག་གི་པར་ཡང་བཀལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་བཙུགས་ནས་ད་བར་ཅུས་ཀྲང་སྐབས་12དང་ཆབ་སྲིད་ཨུ་ཡོན་སྐབས་5ཡི་འགོ་ཁྲིད་ཚན་ཁག་བྱུང་ཡོད་པ་དང་། རྫོང་སྤྱི་བདེ་ཅུས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་ཚན་ཁག་དང་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་རྫོང་སྤྱི་བདེ་ཅུས་ཀྱི་ཐོག་མའི་སྡེ་ཚན་གཅིག་ནས་ད་ཆ་ནང་ཁུལ་དུ་སྒྲིག་གཞི་12ཡོད་པ་དང་། ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་10 དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་10 ཉེན་རྟོག་ལས་དོན་ཁང་2 ཞིབ་བཤེར་ས་ཚིགས་2བཅས་བར་འཕེལ་རྒྱས་བྱུང་ནས་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་སྡེ་ཚན་གྱི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་ཞིང་། ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་རེད།

རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱི་འགན་འཁུར་བས་ལོ་རྒྱུས་ཁང་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་གཟི་བརྗིད་ལག་ཁྱེར་སྣ་ཚོགས་ནི། རྫོང་དེའི་སྤྱི་བདེ་ཅུས་ཀྱི་ལོ་མང་རིང་གི་ལས་ཀའི་དཔང་རྟགས་ཡིན་ལ། རྫོང་དེའི་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་རིག་གནས་དང་བསམ་པའི་བརྟེན་ས་ཞིག་ཀྱང་ཡིན། རི་བོ་ཆེ་རྫོང་གི་སྤྱི་བདེ་མི་དམངས་ཉེན་རྟོག་པ་རྒན་རབས་ཚོའི་སྙིང་སྟོབས་ལས་རྫོང་ཡོངས་ཀྱི་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པར་འབྱུང་འགྱུར་ཡར་རྒྱས་བརྩོན་ལེན་བྱ་རྒྱུར་ལྕག་སྐུལ་གཏོང་བ་དང་། “སྤྱི་དོན་དུ་ཉེན་རྟོག་པ་འཛུགས་པ་དང་། དམངས་ཆེད་ཁྲིམས་འཛིན་པའི”བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་གནས་བབ་ཨང་དང་པོར་བཞག་སྟེ་གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་ཉེན་རྟོག་པ་དང་མི་དམངས་དབར་འཆམ་མཐུན་གྱི་འབྲེལ་བ་བཙུགས་པ་དང་། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད་ཅེས་བཤད། (ཚེ་དབང་ལྷ་མོས་བསྒྱུར། བདེ་སྐྱིད་སྒྲོལ་དཀར་གྱིས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
བྱས་རྗེས་འཇོག་ལ་བརྩོན། འཕེལ་རྒྱས་དོན་དུ་གཉེར།
བྱ་ཐབས་སྣ་མང་སྤྱད་ནས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་པ།
“ཞལ་འདེབས”ཀྱི་ཁ་བསླུས།