第05版:ཁྲིམས་སྐྱོང་དོ་ག322/2018-06/12/05/2018061205_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
དམངས་ཁྲོད་བུན་གཡར་དུས་བཅད་ལྟར་མ་འཇལ་ན་བཅའ་ཁྲིམས་ཀྱི་འགན་འཁྲི་གང་ཞིག་འཁུར་དགོས་སམ།
—— དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གྱོད་དཔེའི་ཐོག་ནས་གྱོད་གཞིར་འགྲེལ་བཤད་རྒྱག་པ།

ཚོང་ཟོག་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་སོང་བ་དང་སྦྲགས་མི་སྒེར་དབར་ཕན་ཚུན་དངུལ་གཡར་བའི་སྣང་ཚུལ་གང་སར་མཐོང་རྒྱུ་ཡོད། དངུལ་གཡར་བའི་གནས་ཚུལ་མང་ཆེ་བ་སྤུན་མཆེད་དང་གྲོགས་པོའམ་ཡང་ན་ཉོ་ཚོང་རོགས་ཟླ་སོགས་ངོ་ཤེས་དབར་ཐོན་པ་དང་ཡིག་ཐོག་གི་དངུལ་གཡར་བའི་གན་རྒྱ་བཞག་མེད་པ་དང་ཁ་ཆད་བྱས་པའི་སྐྱེད་ཀ་མཐོ་དྲགས་པ་སོགས་ཀྱི་སྣང་ཚུལ་ལྡན་པས་དངུལ་གཡར་བ་ལས་རྩོད་གཞི་མང་པོ་ཐོན་གྱི་ཡོད། རྒྱུན་མཐོང་གི་དམངས་ཁྲོད་དངུལ་བུན་གྱི་རྩོད་གཞི་གང་དག་ཡོད་དམ། དམངས་ཁྲོད་ཀྱི་དངུལ་བུན་རྩོད་གཞི་ཇི་ལྟར་བཀག་འགོག་བྱེད་དགོས་སམ།

གྱོད་དཔེ་དང་པོ།

ཆད་དངུལ་ཕྱིར་ལེན་པ།

2017ལོའི་ཟླ་12པར། མ་ཆེ་གེ་མོས་མ་རྩ་འཁོར་རྒྱུག་ལ་ཁ་གཡར་ནས་དབྱང་ཆེ་གེ་མོའི་ས་ནས་སྒོར་60000གཡར་བ་དང་འབྲེལ་གཡར་འཛིན་བྲིས་ནས་ཟླ་གཅིག་ནང་སྤྲོད་རྒྱུ་དང་། གལ་སྲིད་དུས་བཀག་ནང་མ་སྤྲད་ཚེ་དབྱང་ཆེ་གེ་མོས་ཆ་རྐྱེན་གང་ཡང་མི་དགོས་པར་དུང་མཚོ་ན་གཞོན་མགྲོན་ཁང་སྒོ་ཁའི“མན་ཐུའོ་ཁང་ཆུང”གི་གཉེར་སྐྱོང་དབང་ཆ་རྩིས་ལེན་བྱ་རྒྱུའི་ཁ་ཆད་བྱས། འོན་ཀྱང་དུས་ཚད་ཡོལ་ནའང་མ་ཆེ་གེ་མོས་ད་དུང་གཡར་དངུལ་མ་སྤྲད་པའི་ཁར། “མན་ཐུའོ་ཁང་ཆུང”མི་གཞན་ལ་བརྒྱུད་བཤུག་བྱས་པས་དབྱང་ཆེ་གེ་མོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཐབས་ཟད་འུ་ཐུག་པའི་དབྱང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ།

དབྱང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་མ་ཆེ་གེ་མོར་རང་ཉིད་ཀྱི་གཡར་དངུལ་མི་དམངས་ཤོག་སྒོར་60000དང་དངུལ་ཁང་གི་ལྷན་སྦྱར་སྐྱེད་ཀ་སྒོར་3000བཅས་ཁྱོན་སྒོར་63000སྤྲོད་དུ་འཇུག་དགོས་པའི་རེ་ཞུ་བྱས། དབྱང་ཆེ་གེ་མོས་ཞུ་གཏུག་རེ་ཞུར་དམིགས་ཏེ་དཔང་རྟགས་བཏོན་པ་དང་མ་ཆེ་གེ་མོར་ཞུ་ལན་འདེབས་པའི་ཡིག་ཆ་སྐྱེལ་དགོས་པའི་སྤྱི་བསྒྲགས་འབྱོར་ཡང་ཁྲིམས་རར་གཏུག་བཤེར་ལ་ཞུགས་མེད་པ་དང་ངོ་ཐུག་ར་སྤྲོད་བྱེད་པའི་དབང་ཆ་བློས་གཏོང་བྱས།

ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མ་དབྱང་ཆེ་གེ་མོས་བསྐྱལ་བའི་དཔང་རྟགས་ལ་ཞིབ་བཤེར་བྱས་པ་དང་། འབྲེལ་ཡོད་དཔང་རྟགས་དང་། དཔང་མིའི་དཔང་ཚིག་ལ་གཞིགས་ཏེ་དཔང་རྟགས་ཕན་ཚུན་ར་སྤྲོད་བྱས་པར་དཔང་རྟགས་འབྲེལ་ཐག་གྲུབ་ནས་ཞུ་སྦྱོར་སྔ་མ་དབྱང་ཆེ་གེ་མོས་ཉིན་ཞིག་དངུལ་ཁང་ནས་དངུལ་བཏོན་རྗེས་ཞུ་སྦྱོར་ཕྱི་མ་མ་ཆེ་གེ་མོར་དངུལ་སྨར་སྒོར་60000གཡར་བ་དང་ཞུ་སྦྱོར་ཕྱི་མ་མ་ཆེ་གེ་མོས་ཞུ་སྦྱོར་སྔ་མ་དབྱང་ཆེ་གེ་མོར་གཡར་འཛིན་བྲིས་པ་ར་སྤྲོད་ཐུབ་པ་དང་། གཡར་དངུལ་གྱི་ཁ་གྲངས་གཏན་འཁེལ་བྱས་པ་མ་ཟད་བུ་ལོན་འཇལ་བའི་དུས་ཆད་ཀྱང་ཁ་གསལ་བཀོད་ཡོད་པས་ཁྲིམས་ཁང་གིས་དཔང་རྟགས་དེའི་དངོས་ཡོད་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། འབྲེལ་མཐུད་རང་བཞིན་བཅས་དང་དེ་བཞིན་ཞུ་སྦྱོར་སྔ་མའི་ར་སྤྲོད་དམིགས་ཡུལ་ལ་ཁས་ལེན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མས་ཁྲིམས་སར་འདྲི་གཅོད་བྱེད་རིང་གཡར་དངུལ་གྱི་སྤྱོད་སྒོ་དང་། མ་དངུལ་གྱི་ཡོང་ཁུངས། མ་དངུལ་རྩིས་སྤྲོད། ཕྱོགས་གཉིས་པོའི་འབྲེལ་བ་སོགས་ཀྱི་དོན་ཚན་དག་ལ་ལུགས་མཐུན་ངང་གསལ་བཤད་བྱས་པ་དེ་གཡར་འཛིན་གྱི་ནང་དོན་དང་གཅིག་པ་ཡིན་པའི་ར་སྤྲོད་ཐུབ་པ་དང་། ཞུ་སྦྱོར་སྔ་མ་དང་ཕྱི་མའི་དབར་དམངས་ཁྲོད་དངུལ་བུན་གཡར་བའི་འབྲེལ་བ་གྲུབ་པ་དང་གཡར་དངུལ་དངུལ་གྲངས་སྒོར་60000ཡིན་པ་ར་སྤྲོད་ཐུབ་ཡོད། དངུལ་གཡར་འབྲེལ་བ་དེ་བཅའ་ཁྲིམས་གཏན་འབེབས་ལས་འགལ་བའི་ར་སྤྲོད་བྱེད་མི་ཐུབ་པས་ཁྲིམས་ཁང་གིས་དངུལ་གཡར་བའི་འབྲེལ་བ་དེ་ཁྲིམས་མཐུན་ནུས་ལྡན་ཡིན་པས་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པའི་ངོས་འཛིན་བྱས་པ་རེད།

ཁྲིམས་དཔོན་གྱིས་གྱོད་གཞི་འགྲེལ་བཤད་རྒྱག་པ།

ཞུ་སྦྱོར་ཕྱི་མར་སྤྱི་བསྒྲགས་འབྱོར་ཡང་ཁྲིམས་རའི་གཏུག་བཤེར་ནང་ཞུགས་མེད་པ་དང་དངུལ་གཡར་བའི་འབྲེལ་བ་ལྡན་མིན་དང་གཡར་དངུལ་ཕྱིར་སྤྲད་ཡོད་མེད་སོགས་དོན་ཚན་ཐད་རང་ཉིད་ཀྱི་བསམ་འཆར་གང་ཡང་བཏོན་མེད་པས་ཁྲིམས་ཁང་གིས་དཔང་རྟགས་བཞིན་རྩད་ཆོད་པའི་དོན་དངོས་ཁྲིམས་བཞིན་ཁྲིམས་ཐག་གཅོད་རྒྱུར་ཤུགས་རྐྱེན་ཐེབས་མེད། གཡར་འཛིན་ཐོག་བཀོད་པའི་བུ་ལོན་འཇལ་བའི་དུས་ཚད་ཡོལ་བས་ཞུ་སྦྱོར་ཕྱི་མས་གཡར་དངུལ་ཕྱིར་སློག་དགོས། ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མར་གཡར་དངུལ་སྒོར་60000སྤྲོད་དགོས་པའི་གཏུག་བཤེར་རེ་ཞུར་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པས་རྒྱབ་སྐྱོར་བྱེད་དགོས།

གོང་གསལ་ལྟར་ཞུ་སྦྱོར་སྔ་མའི་གཏུག་བཤེར་རེ་ཞུའི་དོན་དངོས་ཁ་གསལ་བ་དང་དཔང་རྟགས་ཁུངས་བཙན་ཡོད་པས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་བཅའ་ཁྲིམས་སྤྱིའི་རྩ་གནད》ཀྱི་དོན་ཚན་གྱ་བཞི་དང་དགུ་བཅུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཞུ་སྦྱོར་ཕྱི་མ་མ་ཆེ་གེ་མོས་ཁྲིམས་ཐག་བཅད་རྗེས་ཀྱི་ཉིན་གསུམ་ནང་ཞུ་སྦྱོར་ཕྱི་མ་དབྱང་ཆེ་གེ་མོར་གཡར་དངུལ་སྒོར་60000ཕྱིར་སྤྲོད་པ་དང་འབྲེལ་སྐྱེད་ཀ་སྒོར་3000སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད།

ཆད་དངུལ་ཕྱིར་ལེན་མ་ཐུབ་པ།

གྱོད་དཔེ་གཉིས་པ།

ཞུ་སྦྱོར་སྔ་མ་ཀྲང་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་བསྟན་ཆེ་གེ་མོའི་དབར་དངུལ་བུན་གཡར་བའི་གྱོད་གཞི་ཞིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་བདག་སྤྲོད་བྱས་རྗེས་ཁྲིམས་ལྟར་གྱི་བརྒྱུད་རིམ་གཞིར་བཟུང་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་རེད། ཞུ་སྦྱོར་སྔ་མ་ཀྲང་ཆེ་གེ་མོས་བསྟན་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་གི་ས་ཆ་ཞིག་ནས་ཁོ་པའི་ས་ནས་སྒོར་40000གཡར་བ་དང་སྐབས་དེར་སྐྱེད་ཀ་སྒོར་1200སྤྲོད་རྒྱུའི་ཁ་ཆད་བྱུང་བ་དང་། བསྟན་ཆེ་གེ་མོས་ཟླ་གཅིག་སོང་རྗེས་དངུལ་བུན་དང་སྐྱེད་ཀ་ཁྱོན་སྒོར་41200སྤྲོད་རྒྱུ་དང“གཡར་འཛིན”ཡང་བཞག་པ་ཡིན་ཞེས་བཤད།

ཟླ་གཅིག་སོང་རྗེས། ཀྲང་ཆེ་གེ་མོས་ཐེངས་མང་འདེད་ཀྱང་བསྟན་ཆེ་གེ་མོས་བུ་ལོན་སྤྲད་མེད། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཀྲང་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་ཁྲིམས་ཁང་ལ་བསྟན་ཆེ་གེ་མོར་དངུལ་བུན་དང་སྐྱེད་ཀ་བསྡོམས་ནས་སྒོར་41200སྤྲོད་དུ་འཇུག་དགོས་པའི་རེ་ཞུ་བཏོན་པ་རེད།

འདྲི་གཅོད་བྱེད་སྐབས་བསྟན་ཆེ་གེ་མོས་གཡར་འཛིན་ནང་བྲིས་པའི་སྐྱེད་ཀ་མཐོ་དྲགས་འདུག་པས་ཁྲིམས་དང་མཐུན་མིན་འདུག་ཅེས་བཤད།

རྗེས་སུ་བསྟན་ཆེ་གེ་མོས་མི་སྒེར་གྱི་མིང་ཐོག་ནས་ཀྲང་ཆེ་གེ་མོའི་ས་ནས་དངུལ་གཡར་བ་དང་འབྲེལ་པའེ་དབྱི་མགྲོན་ཁང་ནས་ཀྲང་ཆེ་གེ་མོར་གཡར་འཛིན་བཞག་པ་ཁས་བླངས། ཀྲང་ཆེ་གེ་མོ་དང་བསྟན་ཆེ་གེ་མོས་བརྗོད་པ་ལྟར་ན། ཞུ་སྦྱོར་ཕྱི་མས་ཞུ་སྦྱོར་སྔ་མར་གཡར་འཛིན་བཞག་པ་གཏན་འཁེལ་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས》ཀྱི་དོན་ཚན་ཉི་བརྒྱ་བཅུའི་ནང་། དངུལ་བུན་གན་རྒྱ་དེ་དངུལ་བུན་གཏོང་མཁན་གྱིས་དངུལ་བུན་གཡར་བ་ནས་བཟུང་ནུས་པ་ཐོན་པའི་གཏན་འཁེལ་བྱས་ཡོད། 《དམངས་ཁྲོད་དངུལ་བུན་གཡར་བའི་གྱོད་གཞི་འདྲི་གཅོད་ལ་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》ཀྱི་དོན་ཚན་དགུ་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་། དངུལ་བུན་གཡར་མཁན་ལ་དངུལ་རག་པ་ནས་བཟུང་གན་རྒྱའི་ནུས་པ་ཐོན་པ་དང་གཡར་འཛིན་ནི་གན་རྒྱ་གྲུབ་པའི་གཞི་འཛིན་ས་ཞིག་ཡིན་པ་ལས་གན་རྒྱའི་ནུས་པ་ཐོན་མིན་དེ་ཞུ་སྦྱོར་སྔ་མས་མུ་མཐུད་དཔང་རྟགས་འདོན་དགོས་ཀྱི་ཡོད་པ་རེད།

འདྲི་གཅོད་བྱེད་རིང་། ཞུ་སྦྱོར་སྔ་མ་ཀྲང་ཆེ་གེ་མོས་གཡར་འཛིན་བཞག་ཡུལ་ནི་ཉི་འོད་གླིང་ཕྲན་གྱི་གླིང་གཉིས་མངགས་གཏོང་ཁང་ནུབ་ངོས་ཀྱི་བཞི་མདོ་ལམ་གྱི་ཉེ་འགྲམ་དུ་ཡིན་པ་དང་གཡར་འཛིན་འཇོག་སྐབས་ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མ་ཡོད་པ་མ་ཟད་ད་དུང་ཕུང་གསུམ་པ་ཧོང་ཆེ་གེ་མོའང་ཡོད་ཅེས་ཐེངས་མང་བཤད། ཞུ་སྦྱོར་ཕྱི་མས་སྐབས་དེར་མི་གསུམ་ཀ་ཡོད། འོན་ཀྱང་གཡར་འཛིན་བཞག་ཡུལ་ནི་པའེ་དབྱི་མགྲོན་ཁང་རེད་ཅེས་བཤད། འདྲི་གཅོད་བྱེད་རིང་ཞུ་སྦྱོར་སྔ་མའི་ལས་ཚབ་ཁྲིམས་རྩོད་པས་ཕུང་གསུམ་པ་ཧོང་ཆེ་གེ་མོར་ཁ་པར་བརྒྱབ་པས་ཕུང་གསུམ་པ་ཧོང་ཆེ་གེ་མོས་གཡར་འཛིན་བཞག་ས་པའེ་དབྱི་མགྲོན་ཁང་དུ་ཡིན་པའི་དཔང་པོ་བྱས་པ་དེ་ཞུ་སྦྱོར་སྔ་མས་བཤད་པ་དང་མཐུན་མེད་པ་དང་ཞུ་སྦྱོར་ཕྱི་མས་བཤད་པ་དང་མཐུན་ཡོད།

ཁྲིམས་དཔོན་གྱིས་གྱོད་གཞི་འགྲེལ་བཤད་རྒྱག་པ།

ཞུ་སྦྱོར་སྔ་མས་དམངས་ཁྲོད་ཀྱི་དངུལ་བུན་གཡར་བའི་རྩོད་གཞིའི་ཐོག་ནས་ཞུ་སྦྱོར་ཕྱི་མར་ཞུ་གཏུག་བརྒྱབ་པར་དངུལ་བུན་གཡར་བའི་དཔང་རྟགས་དགོས་པ་དང་ཞུ་སྦྱོར་སྔ་མ་ཀྲང་ཆེ་གེ་མོས་བཏོན་པའི་གཡར་འཛིན་དེ་ཡོད་བདེན་པ་ཡིན་ནའང་ཞུ་སྦྱོར་སྔ་མས་དངུལ་བུན་གཡར་བའི་དོན་དངོས་དེ་བརྗོད་པ་དང་དཔང་རྟགས་ཆ་ཚང་པོ་མེ་པས་ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མར་དངུལ་བུན་དང་སྐྱེད་ཀ་སྤྲོད་དགོས་པའི་རེ་ཞུ་བྱས་པ་དེར་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་མེད།

ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མའི་དབར་དངུལ་བུན་གཡར་བའི་འབྲེལ་བ་ཡོད་མེད་ཐད་ཁུངས་འཚོལ་ར་སྤྲོད་བྱ་ཐབས་བྲལ་བར་བརྟེན་ཞུ་སྦྱོར་སྔ་མས་བརྗོད་པའི་གན་འགལ་དངུལ་ཆད་ལ་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་མེད། གོང་དུ་བརྗོད་པ་དག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་རེ་བཞིའི་ནང་གསེས་དང་པོ་དང་དོན་ཚན་བརྒྱ་དང་ཞེ་བཞི་དང《དམངས་དོན་གཏུག་བཤེར་དཔང་པོའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་འགའ་ཞིག》གི་དོན་ཚན་གཉིས་པའི་གཏན་འབེབས་གཞིར་བཟུང་ཞུ་སྦྱོར་སྔ་མའི་ཞུ་གཏུག་རེ་ཞུ་ཚང་མ་ཕྱིར་སློག་བྱས་པ་དང་གྱོད་གཞི་བདག་སྤྲོད་ཀྱི་གྲོན་དངུལ་སྒོར་830ཞུ་སྦྱོར་སྔ་མས་སྤྲོད་རྒྱུའི་ཁྲིམས་ཐག་བཅད་པ་རེད།

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
དམངས་ཁྲོད་བུན་གཡར་དུས་བཅད་ལྟར་མ་འཇལ་ན་བཅའ་ཁྲིམས་ཀྱི་འགན་འཁྲི་གང་ཞིག་འཁུར་དགོས་སམ།