第04版:གལ་ཆེའི་གསར་འགྱུ322/2018-06/12/04/2018061204_brief.jpg 上一版3  4下一版
联系电话: 0891-6328752
下一篇 4 放大 缩小 默认
ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
ཁང་དེ་ཡོངས་ཀྱི་ཁྲིམས་སའི་དྲུང་ཡིག་ལ་གཅིག་གྱུར་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་རྗེས་དུས་བབ་གསར་པ་དང་བླང་བྱ་གསར་པའི་མདུན་དུ་གྱོད་གཞི་ཚང་མའི་ནང་དོ་བདག་ལ་དྲང་གཞག་དང་དྲང་བདེན་དམིགས་ཚད་དུ་བཟུང་བ་ཚོར་ཐུབ་པ་དང་། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་དུས་འགོར་ཐོན་པའི་དཀའ་གནད་སྣ་ཚོགས་ཧུར་ཐག་སེལ་བ། ལས་ཀའི་ཁྲོད་འཕྲད་པའི་འཇུར་མིག་གི་གནད་དོན་སེལ་བ་བཅས་བྱས་ཏེ། རང་ངོས་ཀྱི་དོན་དངོས་དང་འཚམ་པའི་ལས་ཀའི་ཐབས་ཤེས་གསར་པ་དང་བྱ་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་བཟོས་ཡོད་པ་རེད།

ཁྲིམས་སའི་དྲུང་ཡིག་གི་དཔུང་ཁག་སྟོབས་ཆུང་བའི་རྐྱེན་གྱིས་འདྲི་གཅོད་སྤུས་ཚད་དང་ཕན་འབྲས་ལ་ཤུགས་རྐྱེན་བཟོ་བའི་དཀའ་གནད་བསལ་ནས། ལྟེ་བའི་ཁྲིམས་ཁང་གི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱ་ཆེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དཔྱད་གཞིར་འཛིན་རུང་བའི་ཉམས་མྱོང་གང་ཡང་མེད་པའི་གནས་ཚུལ་འོག་ཕྱོགས་གཅིག་ནས་གདན་ཞུའི་ལམ་ལུགས་ཀྱི་ཁྲིམས་སའི་དྲུང་ཡིག་ཡོངས་བསྒྲགས་སུ་བསྡུ་བའི་ལས་དོན་སྤེལ་མགྱོགས་སུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་འདྲི་གཅོད་ལག་བསྟར་ལས་སྒོའི་སྡེ་ཚན་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཧུར་ཐག་བྱས་ཏེ། “སྔོན་ལ་ལག་བསྟར་དང་ཚོད་ལྟ་དང་། ལག་བསྟར་བྱེད་ཞོར་དུ་བཟོ་བཅོས་བྱེད་པའི”ལས་ཀའི་བྱ་ཐབས་ལ་བརྟེན་ནས་ཁང་དེ་ཡོངས་ཀྱི་ཁྲིམས་སའི་དྲུང་ཡིག་ལ་འདྲི་གཅོད་དོ་དམ་གཞུང་ལས་ཁང་གིས་གཅིག་གྱུར་དོ་དམ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད།

ཚོད་ལྟའི་ལས་དོན་དེ་སྤེལ་བ་བརྒྱུད་ཁྲིམས་དཔོན་གྱི་ལས་ཀའི་གནོན་ཤུགས་ཆུང་དུ་ཤུགས་ཆེན་ཕྱིན་ཡོད་ལ། ཁྲིམས་སའི་དྲུང་ཡིག་གི་ལས་ཀ་དང་ངལ་གསོ་དོ་མི་སྙོམས་པའི་གནད་དོན་ཡང་ཐག་གཅོད་ཐུབ་ནས་ལས་ཀའི་ཚད་གཞི་གཅིག་གྱུར་ཐུབ་པ་དང་། དཀའ་གནད་ཏན་ཏིག་སེལ་ཐུབ་པས་མིག་སྔར་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཆེན་པོ་ཐག་གཅོད་ཐུབ་ཡོད་པ་རེད། (དཀོན་མཆོག་སྒྲོལ་མས་བསྒྱུར། པ་ཚེས་ཞུས)

下一篇 4 放大 缩小 默认
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:ཁྲིམས་སྐྱོང་དོ་གནད།
   第06版:ཁྲིམས་སྐྱོང་དམངས་སྐྱོང་།
   第07版:གྱོད་དཔེ་སྣང་གསལ།
   第08版:ཁྲིམས་འཛིན་དོ་ར།
   第09版:གསེར་གྱི་གཉའ་ཤིང་།
   第10版:ཁྲིམས་ལུགས་དྲིལ་བསྒྲགས།
   第11版:ཁྲིམས་གསལ་མེ་ལོང་།
   第12版:བརྟན་ལྷིང་གསེར་ཕུབ།
   第13版: ཁྲིམས་དང་སྤྱི་ཚོགས།
   第14版:རྒྱལ་ནང་གསར་འགྱུར།
   第15版:ཞི་མཐུན་ས་མཐོ།
   第16版:སེམས་སྐྱིད་ཇ་ཁང་།
ཁང་དེ་ཡོངས་ཀྱི་ཁྲིམས་སའི་དྲུང་ཡིག་ལ་གཅིག་གྱུར་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་བ།
ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ།
བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གི་སྟབས་བསྟུན་རང་བཞིན་གྱི་ཁྲིམས་འཛིན་བྱེད་ཐབས་ལས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།
སྐབས་དང་པོའི“ཞིབ་དཔྱོད་དང་ཁྲིམས་རྩོད་ཀྱི་འབྲེལ་བ་མཉམ་གཏོད”དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལྷ་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱིས“གོམ་སྟབས་གསུམ”ལ་བརྟེན་ནས་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱས་པ།