第01版: 4下一版
 
版面导航

第01版

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年12月3日 星期
3 上一篇  
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།

ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་ཕྱུག་པོ་ཆགས་པའི་འབྱུང་རྩ་ཡིན་པས་དེ་མི་སེར་ལ་ཡོང་འབབ་ཡོང་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དང་གཅིག་ཏུ་སྦྲེལ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ཞེས་ནན་བཤད་ཐེངས་མང་གནང་ཡོད། དུས་ཡུན་རིང་པོའི་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལས་དོན་ལ་མཐོང་ཆེན་པོ་བྱས་པ་དང་། ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་འདུ་འགོད་དང་། དམངས་སེམས་འདུ་འགོད། གཞི་རྩའི་འདུ་འགོད་བཅས་གལ་ཆེན་ལ་བརྩིས་ནས་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་དང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ཡོད། འདི་ལོའི་ལོ་སྟོད་དུ་ཡོངས་བསྒྲགས་བྱས་པའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“ལས་ཞུགས་སྔོན་ཐོབ་སྲིད་ཇུས་དོན་འཁྱོལ”བྱེད་རྒྱུ་ནི་ལོ་ཧྲིལ་པོའི་དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཡིན་པ་གསལ་པོ་བསྟན་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་གཏོང་དང་། ལས་ཞུགས་ཞབས་ཞུ་གནད་ལ་འཕིགས་ཚད་དང་ཁྱབ་རྒྱ་དང་ཕན་འབྲས་རང་བཞིན་མཐོར་གཏོང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ཡག་པོ་བྱེད་རྒྱུ་སོགས་ཀྱི་ལས་དོན་ཐད་སྔོན་དཔག་གི་དམིགས་ཚད་བཏོན་པ་དང་སྤྱི་འདོམས་བཀོད་སྒྲིག་བྱས་ཡོད། ལོ་མཇུག་སླེབས་ལ་ཉེ་བའི་མཚམས་སུ། རང་ལྗོངས་ཀྱི་ལོ་གཅིག་རིང་གི་ལས་ཞུགས་བརྟན་གཏོང་གི་ལས་དོན་ཁག་ལ་ཕྱིར་ལྟ་བྱེད་སྐབས། མིག་སྔའི་བར། ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་སྤྱིར་ལས་ཞུགས་ཐུབ་ཚད་བཅུ་ཆ་དགུ་ཡན་ཟིན་པ་དེ་དུས་མཚུངས་ལས་10.15%འཕར་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི་54.62དང་མི་ཐེངས་ཁྲི་103.11གཞན་སྒྱུར་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་99.31%དང་93.74%སོ་སོར་ལེགས་གྲུབ་བྱུང་བ། མི་འབོར་དབུལ་པོ་མི་ཁྲི་3.6ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་276.9%ལེགས་གྲུབ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་4.87གསར་དུ་ལས་ཞུགས་ཐུབ་ནས་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུད་ཡིན་པ་སོགས་བཀྲག་མདངས་འཚེར་ཞིང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི“དམངས་འཚོའི་རྒྱུགས་ལན”འདིར་མི་རྣམས་སྤོབས་པ་སྐྱེ་དགོས་པ་ཤིག་ཡོད་ལ་ང་ཚོའི་ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་སྔར་བས་དོན་འཁྱོལ་བྱེད་རྒྱུ་དང་ (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེཌ་གྲུབ་ཡོང་བའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད།

སྲ་ཞིང་བརྟན་པའི་ལམ་ལུགས་མ་ལག་ལ་བརྟེན་ན་གཞི་ནས་ལས་ཞུགས་འགན་ལེན་གྱི་དུས་བབ་རྒྱུན་མཐུད་བརྟན་པོ་དང་ལེགས་པོ་ཡོང་ཐུབ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་ཞུགས་གང་ལེགས་དང་སྤུས་ཚད་གང་ལེགས་ཀྱི་ལས་ཞུགས་ལ་ཕན་པའི་སྐུལ་གཏོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ལས་ཞུགས་ཞབས་ཞུ་དང་ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པ་དང་། ལས་གཏོད་ལ་སྐུལ་འདེད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་། ཐབས་ལམ་མང་པོ་དང་བབ་བསྟུན་བཅས་ཀྱི་ལས་ཞུགས་ལམ་སྲོལ་བཙུགས་ནས་ལས་ཞུགས་བྱེད་དཀའ་བའི་མི་སྣར་ཐ་སྐྱོང་རོགས་སྐྱོར་བྱེད་དགོས་པ། ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་དང་། རྒྱ་ཆེའི་ངལ་རྩོལ་པས་ཐོབ་ཐང་ཡོད་པའི་ངལ་རྩོལ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལས་ཞུགས་ལ་མཐོང་ཆུང་གི་སྣང་ཚུལ་མཐའ་གཅིག་ཏུ་སྔོན་འགོག་དང་ཡོ་བསྲང་བྱས་ནས་དྲང་གཞག་གི་ལས་ཞུགས་ཁོར་ཡུག་གཏོད་དགོས་པ་བཅས་རེད།

ལམ་ལུགས་ཀྱི་གསོན་ཤུགས་ནི་ལག་བསྟར་ལ་ཐུག་ཡོད། ལས་ཞུགས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བར་ཆོད་སེམས་བརྟན་པོར་བརྟེན་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་འབྲོག་པའི་ལས་མི། ལས་ཞུགས་དཀའ་བའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་མངོན་གསལ་དོད་སར་བཞག་ཐོག གནད་སྨིན་ཇུས་འདོན་ལ་ཤུགས་བརྒྱབ་སྟེ་ཕྱོགས་མང་པོ་ནས་ལས་ཞུགས་ཀྱི་བར་མཐོང་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཀྱི་གཞི་རྩའི་ངོས་བརྟན་པོ་སྲུང་བ་བཅས་བྱས་ཏེ། ལས་ཞུགས་དུས་བབ་རྒྱུན་མཐུད་དང་ཡུན་རིང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་རང་ས་རང་ཡུལ་ནས་མི་བྲལ་བར་ཐོན་ལས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་ལས་ཞུགས་བརྟན་པོ་དང་། འབབ་འཕར་བརྟན་པོ་ཡོང་བ་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། རྩ་ཆག་གཏོང་ཐུབ་རིགས་རྩ་ཆག་གཏོང་བ་དང་། ཆ་རྐྱེན་དམའ་རུ་གཏོང་ཐུབ་རིགས་ཆ་རྐྱེན་དམའ་རུ་གཏོང་བ། གཟིགས་སྐྱོང་བྱེད་ཐུབ་རིགས་གཟིགས་སྐྱོང་བྱེད་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་དང་། གསོན་ཤུགས་སྔོག་འདོན། གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་དང་། ནང་སར་ལས་ཞུགས། ཕ་ཡུལ་ལ་ལོག་ནས་ལས་གཏོད་བཅས་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས། རང་སྐྱོང་ལྗོངས་ཀྱི“གཉིས་གཏོད”ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཕ་ཡུལ་དུ་ལོག་ནས་ལས་གཏོད་དང་། སྐུལ་ཁྲིད་ཀྱི་འཇོན་ཐང་ཆེ་བ། ཁྱབ་འགྱེད་ནུས་པ་ཆེ་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་ཕྱིན་པ་བཅས་ཀྱི“གཉིས་གཏོད”ཁེ་ལས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ཏེ། ལས་གཏོད་དང་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས།

ལས་ཞུགས་བརྟན་པོ་བྱུང་ན་དཔལ་འབྱོར་དང་། སྤྱི་ཚོགས། མི་སེམས་བཅས་ཀྱང་བརྟན་པོ་ཡོང་ཐུབ། ལས་ཞུགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། ལས་ཞུགས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམངས་འཚོའི་བྱ་བ་ཆེན་པོ་དང་ཨང་དང་པོ་དེ་དམ་འཛིན་ནན་པོ་དང་ཡག་པོ་བྱས་ཚེ། ང་ཚོས“ལས་ཞུགས་ལས་གཏོད”ཀྱི་པིར་རྩལ་ལས་དམངས་འཚོ་འགན་ལེན་གྱི་མཛེས་རིག་གསར་རྐྱང་ཞིག་བཀོད་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་ཡིན།

(དམ་ཆོས་མི་ཕམ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།