第01版: 4下一版
 
版面导航

第01版

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年12月3日 星期
3 上一篇  下一篇 4  
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་1ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ཚན་པ་ཁག་གིས་བཀོད་སྒྲིག་ཚགས་ཚུད་དང་སྒྲིག་འཛུགས་ཞིབ་ཕྲ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་གཏིང་ཟབ་ལ་ཁ་གསལ་གཏིང་གསལ་གྱི་སྒྲོག་འགྲེལ་རེ་རེ་བཞིན་དང་གསོན་ཉམས་དོད་པའི་འགྲེལ་བཤད་ཐེངས་རེ་རེ་བཞིན་ལས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་རྩ་བ་ཚུགས་པ་དང་། ཡལ་ག་རྒྱས་པ། འབྲས་བུ་འདོགས་ཐུབ་པ་བཅས་བྱས་པ་རེད།

ཟླ་11ཚེས་28ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་མང་ཚོགས་ཁྲོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་བཙུགས་པ་དང་

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་དྭགས་པོ་ཚེ་རིང་གདན་དྲངས་ཏེ་ཆེད་དོན་སྙན་ཞུ་བྱས་པ་རེད།

ཟླ་11ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཅིན་ཧའེ་པོ་གདན་དྲངས་ཏེ་ལས་བྱེད་ལས་བཟོ་དང་གྲོང་ཁྱེར་དང་ས་ཁུལ་ཁག་དང་། ལྗོངས་ཐད་གཏོགས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཏང་ཀྲི་པུའི་ཧྲུའུ་ཅིར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཏེ་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཚང་འཛོམས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་དཔྱོད་པུའི་ཀྲུའུ་རེན་ཧྲི་ཡུན་ཧྥུང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ《རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་སྐོར་གྱི་གནད་དོན་འགའ་ཞིག》ཅེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། ལྗོངས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་། གཞོགས་འདེགས་ཉེན་རྟོག་པ། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བཅས་9000ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་རེད།

ཉིན་ཤས་བསྟུད་མར། བོད་དམག་ཁུལ་ཁང་གི་ལུའི་ཞིག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དཔོན་དམག་ཁྲོད་ཀྱི་བོད་རིགས་ཏང་ཡོན་འཐུས་མི་བདམས་ཏེ་ཚང་འཛོམས་ཚོགས་འདུའི་སྒྲོག་འགྲེལ་ཚོགས་ཆུང་བཙུགས་པ་དང་བཅའ་སྡོད་བྱ་ཡུལ་ཉེ་འགྲམ་གྱི་གྲོང་གསེབ་དང་། འབྲོག་ར། སྡེ་ཁུལ་བཅས་སུ་བསྐྱོད་ནས་མང་ཚོགས་ལ་ཚང་འཛོམས་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།