第01版: 4下一版
 
版面导航

第01版

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年12月3日 星期
3 上一篇  下一篇 4  
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
ཆེ་དགྲ་ལྷ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་མིག་སྔའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཟླ་བ་དང་པོ་ནས་བཅུ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་ལུའོ་མེ་སོགས་ཕེབས་པ་རེད།

ཆེ་དགྲ་ལྷས། འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལུགས་མཐུན་གྱི་བར་མཐོངས་སུ་རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་ནས། བརྟན་པོ་དང་། སྐྱོན་བྲལ། ལེགས་པོ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཟླ་དང་པོ་ནས་དགུ་པའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་མུ་མཐུད་གནས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་གསུངས་པ་རེད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། ལོ་གསར་པར་སླེབས་པར་ཟླ་གཅིག་གི་དུས་ཚོད་ལས་མེད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ལོ་འགོའི་དམིགས་ཚད་དང་ལས་འགན་ཁག་གི་ཚད་གཞི་དང་ཡང་ཡང་བསྡུར་བ། བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ། དངོས་འཛིན་དངོས་གྲུབ་བྱེད་པ་བཅས་བྱས་ནས། ལོ་འཁོར་གྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་ཡོང་བ་བྱེད་དགོས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱེད་པ་དང“བརྟན་པོ་དྲུག”གི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། འབབ་འཕར་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བར་དྲིན་ལན་འཇལ་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས། དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་དང་། འགྲིམ་འགྲུལ། ནུས་རྒྱུ་གཙང་མ། ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དགུན་དུས་ཀྱི་ཨར་ལས་ཡག་པོ་བྱེད་པ་བཅས་བྱས་ཏེ། ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རང་འགུལ་ངང་ལས་དོན་སྤེལ་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་ཞིབ་འཇུག་བྱས་ཏེ“དགུན་དུས་བོད་ལ་ཡུལ་སྐོར”གྱི་ལས་དོན་ཡག་པོ་སྒྲུབ་དགོས། ལས་བགོས་ཁ་གསལ་དང་འགན་འཁུར་མཁན་གསལ་པོ་ཡོང་བ་བྱས་ཏེ་རྒྱལ་ཁབ་ཀྱི་པུའུ་ཨུད་དང་སྙན་སེང་འབྲེལ་གཏུག་བྱེད་སྐབས་ཁ་གསལ་བཏོན་པའི་དོན་ཚན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ལོ་འགོ་ལོ་མཇུག་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་པ་དང་། དགུན་དུས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མུ་མཐུད་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་པ། དཔྱིད་གསར་སྐྱེལ་འདྲེན་ལ་སྔོན་ནས་བཀོད་སྒྲིག་བྱེད་པ་བཅས་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་ཆ་ཚང་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས།

ཚོགས་འདུའི་ཐོག་ཆེ་དགྲ་ལྷས་ད་དུང་ཕྱི་ལོའི་ལས་དོན་ཇུས་འགོད་ཐད་བླང་བྱ་ཡང་བཏོན་གནང་བ་རེད།

(བསོད་ནམས་དཔའ་མོས་བསྒྱུར། རིག་རྡོར་དང་བསོད་དཔའ་ཡིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།