第01版: 4下一版
 
版面导航

第01版

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年12月3日 星期
下一篇 4  
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གྲོས་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་འབྲེལ་ཡོད་སྙན་སེང་གསན་པ་དང་མ་དངུལ་བསྡུ་སྒྲིལ་སྤྱི་འདོམས་ཀྱི་འབྲེལ་ཡོད་ཇུས་གཞི་དང་འཆར་གཞིར་རྩ་དོན་ཐོག་མོས་མཐུན་གནང་བ་རེད།

ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་དོན་གྱི་སྤྱི་འགན་འཁུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གོང་འོག་འབྲེལ་མཐུད་དང་མཐུན་སྦྱོར་སྒྲིག་འཛུགས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་དང་ལས་འགན་གསར་པ་དང་ཟུང་འབྲེལ། ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་སྔར་བས་་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མ་དངུལ་བདེ་འཇགས་དང་། ཚད་ལྡན། ནུས་ལྡན་བཅས་ཀྱི་སྒོ་ནས་སྤྱོད་པའི་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་། གནད་སྨིན་ཤུགས་འདོན་མཐའ་འཁྱོངས་བྱས་ཏེ་ཕན་འབྲས་དངོས་ཐོན་རྒྱུར་གཙིགས་ཆེན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆ་དང་རྣམ་གྲངས་ཀྱི་ཞན་ཆར་གནད་སྨིན་ངང་དམིགས་པ། ས་ཁུལ་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་འབོར་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས་པ། གྲོང་ཁྱེར(ས་ཁུལ)ཁག་གིས་མ་དངུལ་བསྡུ་སྒྲིལ་གྱི་གཙོ་ཁྲིད་འགན་འཁྲི་འཁུར་ནས་ཁོངས་གཏོགས་རྫོང་དང་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ། རྫོང(ཆུས)ཁག་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་དོ་དམ་གྱི་བྱེད་པོའི་འགན་འཁྲི་འཁུར་ནས་རྒྱལ་ཁབ་ཀྱི་བླང་བྱར་ནན་པོར་གཞིགས་པ་དང་། མ་དངུལ་བཀོད་སྒྲིག་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་བ། མ་དངུལ་ཡག་པོ་སྤྱོད་པ་བཅས་བྱས་ཏེ། མ་དངུལ་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱེད་དགོས་པ། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་སྤྱི་འདོམས་དང་བགོ་བཤའི་གྲོས་མོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་དང་སྤྱི་འདོམས་ལས་དོན་ཡག་པོ་སྒྲུབ་ཆེད། དགོས་ངེས་ཀྱི་ལམ་སྲོལ་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་ནུས་པ་འདོན་སྤེལ་གང་འདྲ་བྱུང་མིན་ཐད། མང་ཚོགས་དབུལ་པོར་གཏམ་བཤད་བྱེད་དབང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་ཡག་པོ་སྤྱོད་པའི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་སྒྲུབ་བཅས་མཐའ་འཁྱོངས་བྱེད་པ།

འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་ལས་དོན་མང་ཙམ་སྒྲུབ་པ་དང་གཡང་རྩེའི་སྒང་ལ་ཡས་སྒྲོན་རྒྱག་པ་ལྟ་བུའི་ལས་ཀ་ཉུང་ཙམ་སྒྲུབ་པ། དབུལ་སྐྱོར་མ་དངུལ་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) མ་དངུལ་གྱི་རྣམ་གྲངས་གནད་ལ་འཁེལ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་འགན་ལེན་བྱེད་དགོས་པ་དང་། གྲོང་ཁྱེར(ས་ཁུལ)གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ས་ཁུལ་དབུལ་པོར་དབུལ་སྐྱོར་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་ཀྱི་རང་བརྟེན་དབང་ཆ་དང་སྟབས་བསྟུན་རང་བཞིན་དེ་བས་མང་པོ་མཁོ་འདོན་བྱས་ཏེ་དབུལ་སྐྱོར་མ་དངུལ“དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི”ཐད་སྤྱོད་དགོས། མཐུན་སྦྱོར་མཉམ་ལས་བྱས་ཏེ། མ་དངུལ་བེད་སྤྱོད་བྱས་ཚུལ་ཚོད་འཛིན་ནན་པོ་བྱེད་པ་དང་། དབུལ་སྐྱོར་མ་དངུལ་དབུལ་སྐྱོར་ཐོག་ཆེད་སྤྱོད་བྱས་ཏེ། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་རོགས་རམ་བྱེད་པའི་དམངས་འཚོའི་དྲ་བ་བསྐྲུན་དགོས། དོན་དངོས་དང་ཟུང་འབྲེལ་དང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་། ལྷུ་ཚིགས་ཁག་འབྲེལ་མཐུད་དང་འཁོར་རྒྱུག་ཁག་དམ་དུ་འབྲེལ་བ། རྣམ་གྲངས་གཏོང་སྒོར་སྤྱི་འདོམས་དང་བཀོད་སྒྲིག་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་དེ་བཞིན“ཞིང་གསུམ”ལས་དོན་གྱི་ཁྱབ་ཁོངས་ཁྲོད་ཀྱི་མ་དངུལ་བསྡུ་སྒྲིལ་འདང་ངེས་འགན་ལེན་བྱས་ནས། དུས་རབས་གསར་པའི“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་པ། རང་ལྗོངས་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་དང་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ལ་ཚོད་འཛིན་བཟོ་བའི་ཞན་ཆ་དང་ཞན་ཆའི་རྣམ་གྲངས་གསབ་པ་དང་། སྤྱོད་གོ་ཆོད་པ་དང་ཕུགས་ལ་དོ་དམ་ཐུབ་པའི་ལམ་ལུགས་དང་སྒྲིག་སྲོལ་གྲུབ་པ་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་དགོས་པ། ནོར་སྲིད་ཞིང་འབྲེལ་མ་དངུལ་གྱི་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ནོར་སྲིད་ཞིང་འབྲེལ་མ་དངུལ་གྱི་ཞིབ་བཤེར་བྱེད་ཐབས་མུ་མཐུད་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཞིང་འབྲེལ་མ་དངུལ་དོ་དམ་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས། ནོར་སྲིད་ཞིང་འབྲེལ་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(པ་ཕན་གྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཐེངས་དང་པོའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་מ@
ཉི་ནུས་ལ་བརྟེན་ནས་འབབ་འཕར་གཏོད།
ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱེད་པ།