第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
བགྲེས་སོང་འཚོ་བ་བདེ་སྐྱིད་དཔལ་ལ་རོལ།
ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年10月10日 星期
3 上一篇  
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་8ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆེད་དོན་སྐོར་གཟིགས་དག་ཐེར་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་བཏང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་མཐའ་མའི་གདོང་མཆོང་དུས་སུ་སླེབས་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས། སྐོར་གཟིགས་དག་ཐེར་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་དམ་འཛིན་བྱེད་པ་དང་། སྐོར་གཟིགས་དག་ཐེར་སྒྲིག་གཞི་བརྟན་པོ་རྒྱུན་འཁྱོངས་བྱེད་པ། སྐོར་གཟིགས་དག་ཐེར་གྱི་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ། སྐོར་གཟིགས་དག་ཐེར་གྱི་ཚད་གཞི་མཐའ་འཁྱོངས་བཅས་བྱས་ནས། སྐོར་གཟིགས་དག་ཐེར་གྱི་དམིགས་ཚད་མི་འགྱུར་བ་དང་བྱེད་ཤུགས་མི་ཆག་པའི་འགན་ལེན་བྱེད་དགོས་པ་དང་། སྐོར་གཟིགས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བྱེད་པ། “སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་ཞན་ཆ་གསབ་པ། ཡག་ཐོག་ཡག་བརྩེགས་མཐའ་འཁྱོངས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལ་རྒྱུན་མཐུད་དང་གཏིང་ཟབ་སྒོ་ནས་དམ་འཛིན་ཡག་པོ་བྱས་ཏེ་སྐོར་གཟིགས་དག་ཐེར་ལ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས་པ། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་དང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་བཀོད་སྒྲིག་བྱས་པའི་ཞིབ་ཕྲའི་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ལས་ཀའི་སྤྱི་ཡོངས་རང་བཞིན་དང་། རྒྱུད་རིམ་རང་བཞིན། མཐུན་སྦྱོར་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། དབུལ་སྒྲོལ་གྲུབ་འབྲས་བརྟན་གཏོང་དང་མཐོར་གཏོང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། སྐོར་གཟིགས་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་ལྟ་སྐུལ་བྱས་ནས་སྐོར་གཟིགས་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
བགྲེས་སོང་འཚོ་བ་བདེ་སྐྱིད་དཔལ་ལ་རོལ།
ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།