第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
བགྲེས་སོང་འཚོ་བ་བདེ་སྐྱིད་དཔལ་ལ་རོལ།
ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年10月10日 星期
3 上一篇  下一篇 4  
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
གཞུང་ལམ་གྲོན་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་སྦྲེལ་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་མེད་པ་ བཟོ་རྒྱུའི་ལག་བསྟར་ཇུས་གཞི་སོགས་དོན་གནད་ལ་ཞིབ་འཇུག་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ《བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་གྲོན་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་སྦྲེལ་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་མེད་པ་བཟོ་རྒྱུའི་ལག་བསྟར་ཇུས་གཞི》དང་། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་གྲུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར། དེ་བཞིན་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དུག་འགོག་ལས་དོན་གཏིང་ཟབ་སྤེལ་རྒྱུ་སོཌ་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་གཞུང་ལམ་གྲོན་བསྡུའི་ལམ་ལུགས་སྒྱུར་བཅོས་དང་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་སྦྲེལ་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་མེད་པ་བཟོ་རྒྱུ་ནི་མི་སེར་ལ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བླང་བྱ་ཁ་གསལ་བཏོན་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། མྱུར་བགྲོད(རིམ་པ་མཐོ་བ)གཞུང་ལམ་དུ་འཛུལ་སའི་མྱུར་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་མ་ལག་འཛུགས་སྐྱོང་གི་ལས་འགན་འཐུས་སྒོ་ཚང་དུ་གཏོང་བ། ETC(རླངས་འཁོར་ཁ་བཀག་མི་དགོས་པའི་གློག་རྡུལ་གྲོན་བསྡུའི་མ་ལག)བཀོལ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཟོག་འགྲེམས་ཀྱི་མ་གནས་ཏན་ཏིག་ངང་དམའ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་བདེ་འཇགས་དང་། སྟབས་བདེ། གོང་ཁེ་བཅས་ཀྱི་ཐོག་ནས་འགྲོ་འོང་བྱ་རྒྱུའི་དགོས་མཁོ་སྐོང་དགོས་ཞེས་བསྟན་ཡོད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་འགྲུབ་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་གཞི་རྩའི་བྱ་ཐབས་སུ་བྱེད་པ་དང་། གོ་སྐབས་དམ་འཛིན་དང་བྱ་ཐབས་ལག་ལེན་བསྟར་བར་ཤུགས་སྣོན་རྒྱག་པ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག ན་ནིང་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་རི་སྔ་རྗེས་སུ་ཐེངས་གཉིས་ཉིལ་ནས་གཞི་ཁྱོན་ཆེ་བའི་གེགས་བར་བྱུང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གཏན་ནས་ཐོན་མེད་པར་རིམ་ཁག་འགོ་ཁྲིད་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་བསྟན་ཡོད།

མིག་སྔར་ཁྱིམ་གཞིས་གསར་པ་བསྐྲུན་རྒྱུ་ནི་གེགས་ཁུལ་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་ཡིན་པས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་འཇོག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཟུང་འབྲེལ་གྱིས་ཚན་རིག་དང་། རིམ་ལྡན། ནུས་ཆེ་བཅས་ཀྱི་སྒོ་ནས་གེགས་བར་འགོག་བཅོས་དང་། སྡོད་ཁང་འཛུགས་སྐྲུན། སྤྱི་པའི་ཞབས་འདེགས། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་བསྐྱར་སྐྲུན་ལས་དོན་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག རང་ལྗོངས་ཀྱི་དུག་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གནང་བ་མ་ཟད། ལོ་ལྟར་དུག་འགོག་ལས་དོན་གྱི་སྙན་སེང་ཐེངས་རེ་ཞུ་རྒྱུའི་གཏན་འབེབས་ཀྱང་གནང་བ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྐལ་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
བགྲེས་སོང་འཚོ་བ་བདེ་སྐྱིད་དཔལ་ལ་རོལ།
ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།