第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
བགྲེས་སོང་འཚོ་བ་བདེ་སྐྱིད་དཔལ་ལ་རོལ།
ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年10月10日 星期
3 上一篇  下一篇 4  
རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཡིད་དབང་འགུག་ནུས་ཆེ་རུ་བཏང་བ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་8ཉིན་གནས་ཚུལ་འབྱོར་གསལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན་རང་ལྗོངས་ཀྱི་དེའི་ནང་ཞུགས་མཁན་ཚན་པས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད་དེ་གསར་བརྗེའི་སློབ་གསོ་སྟོབས་ཆེར་གཏོང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། བསམ་བློའི་ཞུན་བརྡར་དང་ལེན་བྱེད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན། ཡིད་དབང་འགུག་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ཏེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུད་ཀྱིས་སྣེ་འཁྲིད་དེ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོར་སྐྱོད་དེ་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་ལེན་བྱས་པ་དང“སྡུག་བསྔལ་ཆེ་བའི་ལོ་ཟླ། ཚེ་སྲོག་གསར་པ་ཐོབ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བདེ་སྐྱིད་ལམ་བུ”བཅས་འགྲེམས་ཁང་ཆེ་གྲས་གསུམ་གྱི་པར་རིས་དང་། དངོས་པོ། ཟིན་ཐོ་འབོར་ཆེན་ལ་ལྟ་སྐོར་བྱས་པ་བརྒྱུད་གསར་བརྗེའི་སྔོན་བྱོན་པ་ཚོས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཆེད་དཀའ་ཚེགས་ཆེ་བའི་འབད་བརྩོན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ལུགས་ཚོར་བར་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་སྒྲིག་འཛུགས་བྱས་ཏེ“གུང་ཁྲན་ཏང་གི་དྲིན་ཚོར་དང་དུས་རབས་གསར་པར་འབད་འབུངས་བྱེད་པའི”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་འགྲེམས་ལ་གཅིག་སྡུད་ཐོག་ལྟ་སྐོར་བྱས་པ་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་འཁྲིད་དེ་བོད་ཀྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་རེད། མངའ་རིས་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ“གསར་བརྗེའི་བརྩམས་ཆོས་ཞིང་འབྲོག་ཁུལ་དུ་སྟོན་པ་དང་། གསར་བརྗེའི་དཔེ་དེབ་ལས་ཁུངས་སུ་སྟོན་པ། གསར་བརྗེའི་སློབ་གསོ་རྟེན་གཞིར་སྤེལ་བ”བཅས་དང་། “སྔོན་སྐྱོད་ལམ་བུར་བསྐྱར་དུ་སྐྱོད་པ་དང་མངའ་རིས་ཀྱི་བླ་སྲོག་དར་སྤེལ་གཏོང་བ” “ཁུང་ཧྥན་སེན་གྱི་སྙིང་སྟོབས་སློབ་སྦྱོང་བྱས་ནས་ཁུང་ཧྥན་སེན་ལྟ་བུའི་ལས་བྱེད་པ་ཡག་པོ་ཞིག་བྱེད་པ”བཅས་ཀྱི་བྱེད་སྒོ་སྤེལ་ཏེ“གྲོང་ཚོ་ཚང་མར་དར་དམར་ལྷབ་ལྷུབ་དུ་གཡོ་བ་དང་། ཁྱིམ་ཚང་ཚང་མས་རྒྱལ་དར་འགེལ་བ། མི་ཚང་མས་གདོང་ལེན་བརྩོན་ལེན་བྱེད་པ”བཅས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་གྱིས་དམག་འཁྲུག་གི་ལོ་ཟླའི་ནང་ལྷག་བསམ་རྣམ་དག་དང་ཚེ་སྲོག་ལ་བརྟེན་ནས་བཏོད་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གཏིང་ཟབ་ཚོར་བར་བྱས་ནས། བསམ་བློ་དེ་བས་དྭངས་གཙང་དང་སྙིང་སྟོབས་དེ་བས་འཕེལ་བ་དང་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཁུར་ཐུབ་པ་བྱས་ཡོད།

སློབ་སྦྱོང་སྙན་ཞུའི་ཚོགས་འདུ་འཚོགས་ཏེ་གསར་བརྗེའི་སྲོལ་རྒྱུན་སེམས་སུ་ཟུག་པ་བྱས་ཤིང་། ལྷོ་ཁ་གྲོང་ཨུད་ཀྱིས“དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་ཚོས་ཕ་མེས་ཚོའི་ལམ་བུའི་ཐོག་བསྐྱར་དུ་སྐྱོད་པའི”སྙན་ཞུའི་ཚོགས་འདུ་འཚོགས་ཏེ། དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་གདན་དྲངས་ནས་ཁོང་ཚོས་དོན་དངོས་དང་མི་སེམས་འགུལ་བའི་སྔོན་ཐོན་བྱས་རྗེས་མང་པོ་བརྗོད་པ་དང་དམག་སྡེ་བཅོ་བརྒྱད་པས་ཐོན་ཆས་སྤྲས་ཏེ་བཀའ་ལྟར་བོད་དུ་སྐྱོད་པ་དང་བོད་ལ་བཅིངས་འགྲོལ་གཏོང་བའི་དུས་མཚམས་ཀྱི་སྔོན་འཛིན་རྗེས་མཐུད་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ་བཅས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། གསར་བརྗེའི་རྒན་རབས་པ་ཚོའི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་འཇིགས་སྐྲག་མེད་པའི་འགན་འཁྲི་ཁུར་བའི་སྙིང་སྟོབས་དང་རང་དོན་རྒྱབ་སྐྱུར་གྱི་ལས་ཀའི་སྤྱོད་ཚུལ་རྒྱས་བཤད་གཏིང་ཟབ་བྱས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་ནང་དོན་གཏིང་ཟབ་དང་དངོས་ཡོད་ཀྱི་དོན་སྙིང་གསལ་བཤད་བཅས་བྱས་ཡོད། ཉིང་ཁྲི་གྲོང་ཨུད་ཀྱིས་སྐབས་དགུ་པའི་རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ”ཀའོ་རུང་དང་། རང་སྐྱོང་ལྗོངས་ཀྱི“དུས་རབས་ཀྱི་མིག་དཔེ”བསོད་ནམས་རྣམ་རྒྱལ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་བྱེད་མཁན་སོགས་གཙོ་བོར་བྱས་པའི་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་སྙན་ཞུའི་ཚོགས་པ་སྒྲིག་འཛུགས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་སྒྲོག་འགྲེལ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་ངར་སེམས་དང་སྤྲོ་སེམས་འཕེལ་བར་བྱས་པ་དང་ཁོང་ཚོའི་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཁུར་བའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བསྟན་བློ་དང་བདེ་སྐྱིད་ཀྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ལྷ་སར་འཚོགས་པ།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་སྤྱོད་མཁས་པོ་བྱས་ཏེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཤུགས་ཆེར་བཏང་བ།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
བགྲེས་སོང་འཚོ་བ་བདེ་སྐྱིད་དཔལ་ལ་རོལ།
ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།
རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།