第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
པར་རིས་གསར་འགྱུར།
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年9月11日 星期
3 上一篇  下一篇 4  
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་ཕྱག་རྟགས་འབུལ་དགོས།

ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་འབད་འབུངས་ཡར་བརྩོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་དེ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་འགག་རྩའི་དུས་འདིར། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལྷ་སར་རྒྱལ་ཁའི་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་ཕྱོགས་སྡོམ་དང་ཁག་གཉིས་པ་བཀོད་སྒྲིག་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་བརྡ་ཁྱབ་བཏང་བ། ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཕྱོགས་སྡོམ་དང་བཀོད་སྒྲིག་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུ་འཚོགས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་སྔར་བས་ཡག་པོ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཏན་ཏིག་སྤེལ་རྒྱུ་དང་། རང་རེའི་ཏང་འདི་ཉིད་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ། དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྒྱལ་ཁ་གསར་པ་ལེན་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅིའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་བརྗོད་དོན་གཙོ་བོ་དང་། གཙོ་གནད། དམིགས་ཚད། ལས་འགན་བཅས་ཁོང་དུ་བརྟན་པོར་ཆུད་པ་བྱས་པ་དང་། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་བྱས་པ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བྱེད་ཐབས་གཙོ་བོ་བཞི་གཞི་གཅིག་ཏུ་བཟུང་ནས་སྐུལ་འདེད་བཏང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ལག་ལེན་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་ཐོན་པ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། “དམིགས་སར་འབྱོར་བ་བཞི”ཐུབ་པར་བྱས་པ་བཅས་ལས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་སྟོན་པ་སོགས་ཕྱོགས་གང་ས་ཅི་ཐད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གཅིག་སྡུད་རང་བཞིན་གྱི་སློབ་གསོ་དེ་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ནའང་སྤེལ་མཇུག་འགྲིལ་བ་ཞིག་མིན་པར་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་སྔར་བས་གཏིང་ཟབ་པོ་དང་། སེམས་ལ་ཟུག་པོ། ཏན་ཏན་ཏིག་ཏིག་བཅས་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། གོང་འོག་མཉམ་འགུལ་གྱིས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དག་ཐེར་དོན་འཁྱོལ་བྱ་ཚུལ་ལ“ཕྱིར་ལྟ”དུས་ཐོག་ཏུ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཡག་ཤོས་ཐོན་པར་བྱེད་དགོས། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། འགག་རྩ་ཁོང་དུ་ཏན་ཏིག་ཆུད་པ། རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་ཚགས་ཐུབ་པ། “ཡིག་འབྲུ་བཅུ་གཉིས”ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་དགོས་ཤིང་། རྩ་དོན་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ“གཏན་འཁེལ་བྱ་སྤྱོད”དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས་ལ་བསམ་རྒྱ་ཆེ་རུ་བཏང་སྟེ“རང་འདེམས་བྱ་སྤྱོད”གསར་གཏོད་ཀྱང་བྱས་ནས“ཕྱོགས་ལྔའི”ཞིབ་ཕྲའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པའི་འདི་ལོར་དོན་ཆེན་མང་ལ་བཀྲ་ཤིས་པའི་བྱ་བ་ཡང་མང་། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གཏན་འཁེལ་གནང་བའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་ཏེ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་བྱེད་པ་དང་འཆར་གཞི་འགོད་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དགའ་བས་བསུ་རྒྱུ་གཙོ་རྐང་དུ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་འགན་ལེན་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལས་དོན་གཙོ་བོ་གཉིས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ནུས་ཤུགས་ཡོད་རྒུ་དང་གནད་སྨིན་ཤུགས་འདོན་བྱེད་པ་བཅས་ལ་བརྟེན་ནས་བྱ་གཞག་ཁག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་ཡོད།

བཀོད་སྒྲིག་ནི་གལ་ཆེན་ཞིག་ཡིན་རུང་དོན་འཁྱོལ་བྱ་རྒྱུ་དེ་བས་སྣང་ཆེན་བྱེད་དགོས། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚང་འཛོམས་གྲོས་ཚོགས་ཐོག་གོམ་སྟབས་རྗེས་མའི་ལས་དོན་བསྐྱར་དུ་བཀོད་སྒྲིག་གནང་ཞིང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངེས་པར་དུ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། བྱས་རྗེས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་འཁྱེར་ཕྱོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲིའི་ཐོག་ནས་ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་དང་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཛིན་པའི་འཐབ་རྩོད་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་བ། མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་དམ་འཛིན་དང་ཐབས་བརྒྱ་ཇུས་སྟོང་གིས་བརྟན་པོའི་ངང་འཕར་བར་བྱེད་པ་དང་། དམིགས་ཚད་མི་འགྱུར་བ་དང་། ལས་འགན་ཉུང་དུ་མི་འགྲོ་བ། ཆོད་སེམས་མི་འགྱུར་བ་བཅས་བྱེད་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་དང་། ཞིང་འབྲོག་པའི་ཡོང་འབབ་13%ཡན་འཕར་བའི་འགན་ལེན་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་སྟེ། གནད་སྨིན་ཞིབ་ཚགས་ཀྱི་ལས་དོན་སྒྲུབ་ཐབས་ལ་བརྟེན་ནས་དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། འདི་ལོའི་ལོ་མཇུག་ཏུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་དང་། ལྷག་འཕྲོས་ཀྱི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ། རྫོང་དབུལ་པོ་19ཡི་དབུལ་ཞྭ་འབུད་པ་བཅས་ཀྱི་འགན་ལེན་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་སྔ་སྣུར་དུ་བཀོད་དེ། ཚུགས་གནས་མཐོ་པོ་དགོས་པ་དང་། ཇུས་འགོད་གཏིང་ཟབ་དགོས་པ། འཆར་གཞི་ཕུགས་ཕན་ཡིན་དགོས་པ། དམིགས་ཚད་ཏན་ཏིག་དགོས་པ་བཅས་ཀྱི་བླང་བྱར་གཞིགས་ནས། སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་གསེད་བཀྲོལ་གྱིས་འཐབ་ཇུས་རང་བཞིན་དང་། འགག་རྩའི་རང་བཞིན། ཚད་བརྒལ་རང་བཞིན་བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་གལ་ཆེན་ཁག་གཅིག་དང་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་ཡག་པོ་བྱེད་དགོས། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རིམ་པ་བཞིན་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་འགན་རིམ་པ་བཞིན་ཁ་གསལ་དང་ཞིབ་ཚགས་སུ་གཏོང་བ། མི་དང་ལས་གནས་སོགས་ཚང་མར་དོན་འཁྱོལ་བྱེད་པ་བཅས་ལ་བརྟེན་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

ལྷད་མེད་ཀྱི་སེམས་པ་བརྟན་པོ་བཅངས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་བྱས་རྗེས་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཀུན་སེམས་གཅིག་མཐུན་དང་། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་དགོས།

(སྤེན་ཚེ་དང་སྐལ་མཆོག་གིས་བསྒྱུར་ཅིང་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版: པར་རིས་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:ཞི་མཐུན་ས་མཐོ།
   第07版:དམངས་འཚོ།
   第08版:ས་གནས་གསར་འགྱུར།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལྷ་སར་འཚོགས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གמ@