第05版:གསར་འགྱུར་ད་ལྟ་བ41/2019-08/14/05/2019081405_brief.jpg 上一版3  4下一版
 
版面导航

第04版
གལ་ཆེའི་གསར་འགྱུར།

第05版
གསར་འགྱུར་ད་ལྟ་བ།

第06版
ཞི་མཐུན་ས་མཐོ།
 
标题导航
སྨན་རྩྭ་བཏབ་ནས་ཕུགས་འདུན་དོན་གཉེར་བྱེད།
ཤྭ་རུ་གྲོང་ཚོའི་དམངས་འཚོའི་རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ།
སྣང་རྫོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསོན་ཤུགས་དང་སྐྱེ་སྟོབས་སྤེལ་བ།
གོ་འཇོ་རྫོང་གིས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ།
ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年8月14日 星期
3 上一篇  下一篇 4  
སྣང་རྫོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསོན་ཤུགས་དང་སྐྱེ་སྟོབས་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན། སྣང་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་དང་། རུལ་རྒོལ་གཙང་སྤེལ་གྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། རུལ་རྒོལ་གཙང་སྤེལ་གྱི་ལམ་ལུགས་དམ་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་སྲོལ་གསར་པ་བཟོས་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་དང་གཞི་རིམ་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།

སྣང་རྫོང་གིས་ལོ་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལོ་མཇུག་གི་ཕྱོགས་བསྡུས་དཔྱད་ཞིབ་ཁོངས་སུ་བཅུག་པ་དང་། སྒྱུར་བཅོས་བརྟན་ལྷིང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ལས་དོན་དང་མཉམ་དུ་བཀོད་སྒྲིག་བྱེད་པ། ལས་བྱེད་པ་གནས་སྤོར་བསྐོ་གཞག་དང་གནས་སྒྱུར་ལས་སྒྱུར་སོགས་དང་མཉམ་དུ་ཞིབ་དཔྱད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་ཆེད། སྣང་རྫོང་གིས་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ཞིང་། 《འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དངོས་བྲིས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་བཟོས་པ་དང་། རྫོང་ཡོངས་སུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དངོས་བྲིས་ལས་དོན་ལག་དེབ་སྤྱོད་རྒྱུ་ཁྱབ་གདལ་བཏང་བ། འགན་འཁྲི་ཁ་གསལ་གྱི་གསལ་ཐོ་བཟོ་བ་དང་། འགན་འཁྲི་ལག་བསྟར་གྱི་ཤུལ་ཡོད་པ། འགན་འཁྲི་ཐོ་འགོད་ཀྱི་རྩིས་ཐོ་བཟོ་བ་བཅས་ཀྱི་ལམ་སྲོལ་ཁག་གསུམ་བཟོས་ནས་འགན་འཁྲི་ལག་བསྟར་གྱི་བརྒྱུད་རིམ་ལ་ཤུལ་ཡོད་པ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་དོན་དངོས་ལ་བརྟེན་ནས་སྒྲིག་ལམ་ཁ་གསལ་དུ་བཏང་བ་རེད། 《དགོས་པའི་ལས་མི་བྱེད་པར་མི་དགོས་ལས་ཉོག་བཟོ་བ་དང་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་ཀའི་ཇུས་གཞི》བཟོས་ནས་མི་དང་། བྱ་བ། ཞིབ་ཆ་བཅས་མཐོང་ཐུབ་པའི་བླང་བྱ་བཏོན་ཏེ་རྫོང་ཡོངས་སུ་རང་བཤེར་བྱས་པ་དང་ལྷག་དོན་དུ་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ནང་ཁུལ་ནས་འགོ་བཙུགས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་འཁུར་ཤུགས་ལ་སྐུལ་འདེད་བཏང་བ་རེད། “གལ་ཆེ་གསུམ་དང་ཆེན་པོ་གཅིག”དང་ལས་བྱེད་པ་བཀོལ་སྤྱོད་ཀྱི་སྲོལ་ཡིག་སོགས་སྒྲིག་སྲོལ་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་དབང་ཆ་འཁོར་རྒྱུག་ལ་ཚོད་འཛིན་དང་ལྟ་སྐུལ་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པས་སེམས་གཅུན་བློ་སྦྱོང་དང་། རང་གཅུན་ཁྱིམ་སྐྱོང་། སྤྱོད་གཙང་དཔོན་སྐྱོང་བཅས་ཀྱི་སྒོ་ནས་རང་རྟོགས་ངང་ཚུལ་མིན་སྤྱོད་ངན་གྱི་སླད་སྐྱོན་མ་འགོས་པར་བྱས་པ་རེད། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཚན་ཁག་ཁོངས་མིས་ཡུག་ཁུལ་འགན་གཙང་ལེན་པ་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཟོས་ཏེ་མང་ཚོགས་ལྟ་སྐུལ་ལ་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་པ་རེད། ལོ་སྟོད་དུ་སྣང་རྫོང་གིས་ཁྱོན་བསྡོམས་སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་21བདག་སྤྲོད་དང་གྱོད་དོན་ཐོ་འགོད་5བྱས་པ་རེད།

སྣང་རྫོང་གིས་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ། རུལ་སུངས་ཡོད་ཕྱིན་ངོ་རྒོལ་བྱེད་ངེས་དང་ལྐོག་ཟ་ལྐོག་རྔན་ཡོད་ཕྱིན་མཐའ་གཅིག་ཏུ་ནན་པོ་བྱེད་དགོས་པའི་ལས་ཀའི་བླང་བྱ་གཞིར་བཟུང་། གཙོ་གནད་མི་དང་བྱ་བ་དང་། གཙོ་གནད་ཁྱབ་ཁོངས། འགག་རྩའི་ལྷུ་ཚིགས་བཅས་ཀྱི་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版: ཞི་མཐུན་ས་མཐོ།
   第07版: རྨང་བརྟན་དམངས་ཕན།
   第08版:ས་གནས་གསར་འགྱུར།
སྨན་རྩྭ་བཏབ་ནས་ཕུགས་འདུན་དོན་གཉེར་བྱེད།
ཤྭ་རུ་གྲོང་ཚོའི་དམངས་འཚོའི་རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ།
སྣང་རྫོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསོན་ཤུགས་དང་སྐྱེ་སྟོབས་སྤེལ་བ།
གོ་འཇོ་རྫོང་གིས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ།
ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ།