第05版:གསར་འགྱུར་ད་ལྟ་བ41/2019-08/14/05/2019081405_brief.jpg 上一版3  4下一版
 
版面导航

第04版
གལ་ཆེའི་གསར་འགྱུར།

第05版
གསར་འགྱུར་ད་ལྟ་བ།

第06版
ཞི་མཐུན་ས་མཐོ།
 
标题导航
སྨན་རྩྭ་བཏབ་ནས་ཕུགས་འདུན་དོན་གཉེར་བྱེད།
ཤྭ་རུ་གྲོང་ཚོའི་དམངས་འཚོའི་རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ།
སྣང་རྫོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསོན་ཤུགས་དང་སྐྱེ་སྟོབས་སྤེལ་བ།
གོ་འཇོ་རྫོང་གིས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ།
ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年8月14日 星期
下一篇 4  
སྨན་རྩྭ་བཏབ་ནས་ཕུགས་འདུན་དོན་གཉེར་བྱེད།
—— བློ་བཟང་སྦྱིན་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་ཕྱུག་འགྱུར་བྱས་པའི་གཏམ་རྒྱུད།

ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་དུ་པད་མ་མཚམས་གཅོད་དང་འདྲ་བར་བོད་སྨན་གྱི་སྨན་རྩྭར་བརྟེན་ནས་ཡོང་འབབ་གཏོད་མཁན་གྲོང་མི་600ལྷག་ཙམ་ཡོད་ཅིང་། ཁོ་ཚོས་བཏབ་པའི་བོད་སྨན་གྱི་སྨན་རྩྭ་ཇེ་ལེགས་ནས་ཇེ་ལེགས་དང་ཐོན་སྐྱེད་བྱས་པའི་བོད་སྨན་གྱི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

ས་སེར་པོར་རེ་བའི་ས་བོན་བཏབ་པ།

བོད་སྨན་གྱི་སྨན་རྩྭར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་མཁན་ནི་ལྗོངས་ཡོངས་ཀྱི་གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ་བློ་བཟང་སྦྱིན་པ་རེད།

བློ་བཟང་སྦྱིན་པ་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོའི་ཞིང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུ་མཁར་གྲོང་ཚོར་ཐང་གཤོངས་རྒྱ་ཆེན་པོ་ཡོད་པས། བོད་སྨན་གྱི་སྨན་རྩྭ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། བྱིས་དུས་ནས་ཞིང་ནང་དུ་ནར་སོན་པའི་དབང་གིས་ཁོང་ལ་ཆུང་དུས་ནས་སྨན་རྩྭ་འདེབས་པའི་ཕུགས་བསམ་ཞིག་ཡོད།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། བློ་བཟང་སྦྱིན་པས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དང་ཡུམ་བུ་བླ་མཁར་བོད་སྨན་བཟོ་གྲྭར་ལས་ཀ་བྱས་ནས་བསྡད། ལོ་མང་གི་ལས་ཀའི་ཉམས་མྱོང་ཡོད་པས། ཁོང་གི་མཐོང་རྒྱ་ཡངས་སུ་ཕྱིན་པ་མ་ཟད། ཡོང་འབབ་ཀྱང་ཡག་པོ་རག་ཡོད། འོན་ཏེ་བྱ་གཞག་གཏོད་སེམས་ཆེན་པོ་ཡོད་པའི་ཁོང་གིས་སྔ་བར་ཕྱི་གསུམ་དུ་ཞིང་ནང་དུ་ལོག་ནས་སྨན་རྩྭ་འདེབས་པའི་བསམ་བློ་འཆང་བཞིན་ཡོད།

ལོ་13ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། བློ་བཟང་སྦྱིན་པའི་མཐོང་རྒྱ་ཆེ་རུ་དང་ལས་ཀའི་ཉམས་མྱོང་ཟབ་ཏུ་ཕྱིན་པས་ལས་གཏོད་ཀྱི་བསམ་བློ་རིམ་བཞིན་ཆེ་རུ་སོང་། 2012ལོར་ཁོང་གིས་གཞུང་ལས་པའི་ལས་གནས་དོར་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱས།

2013ལོར་བློ་བཟང་སྦྱིན་པས་ཆུ་མཁར་གྲོང་ཚོ་ནས་ས་ཆ་འགན་གཙང་བླངས་ཏེ་སྨན་རྩྭ་བཏབ། སྐབས་དེ་དུས་ཁོང་ལ་དཀའ་ངལ་དུ་མ་ཕྲད་ཡོད། མཐར་ཁོང་གིས་ཡུལ་མིའི་ས་ནས་ས་ཞིང་མུའུ་6བོགས་མར་བླངས།

“ཁ་རྒྱུན་དུ་བྱ་བ་ཀུན་གྱི་ལས་འགོ་འཛུགས་དུས་དཀའ་ཟེར་བ་ལྟར་རེད། ངས་སྐབས་དེ་དུས་ངལ་བར་མ་འཛེམས་པར་གྲུབ་འབྲས་ལ་བརྟེན་ནས་ཡུལ་མི་ཚོའི་ཡིད་ཆེས་འཐོབ་ཐབས་བྱས་པ་ཡིན” བློ་བཟང་སྦྱིན་པས་མུའུ་6གི་ས་ཞིང་དུ་སྨན་རྩྭ་བཏབ་པ་དང་། ཞིང་ནང་གཡོག་བྱེད་ལ་དཀའ་ངལ་འཕྲད་སྐབས། ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ནས་རིགས་གཅིག་མཁས་ཅན་གདན་དྲངས། ཁོང་གི་གཡོག་བྱེད་ཞིབ་ཚགས་འོག་ལོ་དེ་རང་དུ་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་རག་ཡོད།

ས་སེར་པོར་བཏབ་པའི་རེ་བའི་ས་བོན་ལ་འབྲས་བུ་སྨིན་པས་བློ་བཟང་སྦྱིན་པའི་ཡིད་ཆེས་ཆེ་རུ་ཕྱིན་པ་དང་སྦྲགས། ཡུལ་མི་རྣམས་ཀྱང་ཧ་ལས་ཧང་སངས་པར་གྱུར།

“མཛངས་མིའི”སྤུས་རྟཌ་ཐོན་རྫས་ལས་གྲོང་མི་འབྱོར་འབྲིང་ཕྱོཌ་སུ་སྐྱོད་པར་རམ་འདེཌ་བྱས་པ།

བློ་བཟང་སྦྱིན་པའི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་ལ་གྲུབ་འབྲས་རགས་ཙམ་ཐོབ་པ་མ་ཟད། སྐབས་དེ་དུས་ས་ཞིང་ནང་བཤུག་བྱེད་མཁན་གྱི་ཞིང་པར་ཡང་ཡོང་འབབ་བྱུང་བས། ཆུ་མཁར་གྲོང་ཚོའི་གྲོང་མི་ཚང་མས་བློ་བཟང་སྦྱིན་པ་དང་མཉམ་དུ་སྨན་རྩྭ་འདེབས་འདོད་ཆེན་པོ་བྱེད་ཀྱི་ཡོད།

དེ་མ་ཐག་བློ་བཟང་སྦྱིན་པས་བོད་ལྗོངས་ལྷོ་ཁ་བདེ་ནོར་ཞིང་ནགས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་དང་འབྲེལ། དེའི་གཤམ་འོག་ཏུ་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོའི་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། བོད་སྨན་གྱི་སྨན་རྩྭ་གཞི་ཁྱོན་ཆེན་པོས་བཏབ་པ་མ་ཟད། ད་དུང་བོད་སྨན་གྱི་ཐོན་རྫས་ཞིབ་སྤེལ་དང་དེ་བཞིན་ཐོན་སྐྱེད་སོགས་ཀྱི་རྗེས་མཐུད་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་བཏང་བ་རེད།

བློ་བཟང་སྦྱིན་པས“མཛངས་མིའི”ཚོང་རྟགས་ཐོ་འགོད་བྱས་ཏེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད།

ཕུགས་འདུན་དོན་གཉེར་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ཞིང་། མཉམ་ལས་ཁང་གི་འདེབས་འཛུགས་རྟེན་གཞིའི་གཞི་ཁྱོན་མུའུ་6ནས་ད་ལྟའི་མུའུ་520བར་རྒྱ་ཆེར་བཏང་བ་དང་། འདེབས་འཛུགས་ས་ཁོངས་ཆུ་མཁར་དང་། ཤག་ལྷོ། གདོང་མཁར་བཅས་གྲོང་ཚོ་གསུམ་དུ་རྒྱ་སྐྱེད་བཏང་བ། འདེབས་འཛུགས་སྨན་རྩྭའི་གྲས་སུ། ཤིང་སྤོས་དང་། གུར་གུམ། ཧི་མ་ལ་ཡའི་བ་སྤུ་མེ་ཏོག་སྨུག་པོ། ཧ་ལོ། ཟར་མ་སོགས་རིགས་16ཡོད།

2016ལོར་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་7500ཡོད་པའི་ཆུ་མཁར་བོད་སྨན་སྨན་རྩྭ་ལས་སྣོན་བཟོ་གྲྭའི་བྱུག་རྫས་ཐོན་སྐྱེད་འཁོར་ཁང་བདེ་བླག་ངང་བསྐྲུན་ཟིན་པ་དང་འབྲེལ། བོད་སྨན་གྱི་སྨན་རྩྭའི་ཉིང་བཅུད་བླངས་ནས་གྲུབ་པའི་ཐོན་རྫས་སྤུས་ལེགས་རབ་དང་རིམ་པ་ཞིབ་སྤེལ་བྱས་ཤིང་། དེས་བློ་བཟང་སྦྱིན་པའི་བོད་སྨན་བྱ་གཞག་གི་ལེའུ་གསར་པ་རྩོམ་འགོ་ཚུགས་པ་རེད།

ཐོན་ལས་དར་རྒྱས་བྱུང་ནས་དངུལ་ཁུག་

ལྗིད་ཏིག་ཏིག་ཏུ་གྱུར་པ།

2018ལོར་བློ་བཟང་སྦྱིན་པའི་ཀུང་སིར་རིམ་རྩིས་ལྟར་ན། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་285ཟིན་ནས་ཁེ་གཙང་ཡོང་འབབ་སྒོར་ཁྲི་93བྱུང་བ་དང་། དུད་ཚང་དབུལ་པོ་11ལ་སྐུལ་ཁྲིད་བྱས་ཏེ་དུད་ཚང་རེར་འབབ་འཕར་སྒོར་ཁྲི་1.7བྱུང་ནས་ཐད་ཀར་མི་45ལས་ཞུགས་བྱས་པ་དང་། ཆུ་གསུམ་གྲོང་རྡལ་གྱི་གྲོང་ཚོ་3གྱི་མི་600ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

གྲུབ་འབྲས་དེ་ལྟར་ཐོབ་དོན་ནི་བློ་བཟང་སྦྱིན་པས་ཐོག་མའི་བསམ་འདུན་མུ་མཐུད་འཆང་བ་དང་། ཡུལ་མི་ཚོ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱས་པའི་འབྲས་བུ་ཞིག་རེད།

ལོ་58ལ་སླེབས་པའི་པད་མ་མཚམས་གཅོད་ནི་ཆུ་མཁར་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཡུལ་མི་རེད། བོད་སྨན་གྱི་སྨན་རྩྭ་རྟེན་གཞིར་སྨན་རྒྱུ་བཏབ་ནས་ནན་ཁྲང་དུ་སློབ་ཆེན་འགྲིམ་བཞིན་པའི་བུར་སློབ་ཡོན་གསོག་གི་ཡོད་པ་རེད།

“ངའི་ནང་གི་ས་ཞིང་མུའུ་3ནི་2013ལོ་ནས་ནང་བཤུག་བཏང་བ་ཡིན” པད་མ་མཚམས་གཅོད་ནི་བློ་བཟང་སྦྱིན་པའི་རྗེས་སུ་འབྲངས་ནས་ལས་ཀ་བྱེད་མཁན་སྔ་ཤོས་ཡིན་ལ་ཕན་པ་སྔ་ཤོས་འཐོབ་མཁན་ཡང་རེད། ཁོང་གིས“དེ་སྔོན་ནས་དང་པད་ཁ་བཏབ་པར་མུའུ་རེ་ནས་ཡོང་འབབ་སྒོར་1000ཙམ་ལས་མེད་པས་འཚོ་བ་སྐྱོ་པོ་ཡིན། ས་ཞིང་ནང་བཤུག་བཏང་རྗེས་ཡོང་འབབ་རིམ་བཞིན་མང་དུ་སོང་བ་དང་ད་ཆར་ནང་བཤུག་བཏང་ན་མུའུ་རེར་སྒོར་1500བར་འཕར་གྱི་ཡོད། ངས་འདི་གར་ལས་ཀ་བྱས་ན་ཉིན་རེར་གླ་ཆ་སྒོར་70ཡོད་པ་དང་། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་ཡོད་པས་བུའི་སློབ་ཡོན་སོགས་རྦད་དེ་འདང་གི་འདུག”ཅེས་བཤད།

ཀུང་སིའི་གྲུབ་འབྲས་དང་གྲོང་མིའི་ཁས་ལེན་ནི་བློ་བཟང་སྦྱིན་པས་མུ་མཐུད་འབད་བརྩོན་བྱེད་པའི་སྐུལ་ལྕག་ཏུ་གྱུར། ཁོང་གིས“རྒྱུན་ཆད་མེད་པར་ལས་ཀ་ཧུར་ཐག་བྱས་ན་ཕུགས་བསམ་དོན་དུ་སྨིན་པར་ཐག་ཉེ། ཕྱིན་ཆད་ང་ཚོས་བོད་སྨན་གྱི་སྨན་རྩྭ་འདེབས་པའི་རྟེན་གཞི་མུའུ་1000བར་རྒྱ་བསྐྱེད་ནས་མུ་མཐུད་ཐོན་སྐྱེད་འཁོར་ཁང་ཆེ་རུ་གཏོང་བ་དང་། བོད་སྨན་གྱི་བྱུག་རྫས་གསར་པ་བཟོས་ནས་ལས་ཞུགས་བྱེད་ཚད་ཆེ་རུ་བཏང་ཐོག་མི་སྔར་བས་མང་བ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བཤད།

(རིག་རྡོར་དང་། ཚེ་བསྟན། གནམ་ཕྱུག བསོད་དཔའ་བཅས་ཀྱིས་སྒྱུར་ཞུས་བྱས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版: ཞི་མཐུན་ས་མཐོ།
   第07版: རྨང་བརྟན་དམངས་ཕན།
   第08版:ས་གནས་གསར་འགྱུར།
སྨན་རྩྭ་བཏབ་ནས་ཕུགས་འདུན་དོན་གཉེར་བྱེད།
ཤྭ་རུ་གྲོང་ཚོའི་དམངས་འཚོའི་རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ།
སྣང་རྫོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསོན་ཤུགས་དང་སྐྱེ་སྟོབས་སྤེལ་བ།
གོ་འཇོ་རྫོང་གིས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ།
ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ།