第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
标题导航
ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།
མངའ་རིས་ཀྱི“མཐའ་མཚམས་གྲོང་ཚོ་དང་པོའི”འཕོ་འགྱུར་གྱི་དཔང་པོར་གྱུར་པ།
ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་རང་ལྗོངས་ཀྱི་ཚན་པ་ཁག་གཅིག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྙན་སེང་གསན་པ།
“སྡོད་ཁང་རྟེན་རྫས་བཤམས་མཛོད་ཁང”གིས་དཔང་པོ་བྱེད་པ།
ཏིང་ཡེ་ཤན་གྱིས་ལྷ་སར་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།
དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཐོག་མའི་བསམ་འདུན་སྲུང་བ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་འགན་འཁྲི་འཁུར་ཕོད་པར་བྱེད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年7月12日 星期
3 上一篇  下一篇 4  
ཏིང་ཡེ་ཤན་གྱིས་ལྷ་སར་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་བོད་ལྗོངས་སློབ་ཆེན་གྱི་རྔ་ཆེན་སློབ་ཁུལ་དང་། ལྷ་སའི་ནག་ཆུ་མཐོ་འབྲིང་གཉིས་པ། ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་བཅས་ལ་སྔ་རྗེས་སུ་ཕེབས་ནས་སློབ་གྲྭའི་བདེ་འཇགས་དང་། སློབ་གྲྭའི་སློབ་ཁྲིད་དང་ཏང་འཛུགས་སྐྱོང་། སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཚ་གདུག་ཆེ་བའི་དབྱར་གཞུང་དུ་བོད་ལྗོངས་སློབ་ཆེན་གྱི་རྔ་ཆེན་སློབ་ཁུལ་དུ་རྩྭ་རྩི་ཤིང་ལྗང་ཐིང་ཐིང་དུ་གནས། སློབ་ཁྲིད་ཐོག་ཁང་ནང་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་ལོ་རིམ་དང་པོའི་སློབ་མ་རྣམས་ལོ་རིམ་གྱི་ཚོགས་འདུར་ཞུགས་བཞིན་ཡོད། དགེ་སློབ་ཚོས་སེམས་རྩ་འཁོལ་པོས་གདན་ཞུ་བྱས་པ་བརྒྱུད་ཏིང་ཡེ་ཤན་སློབ་ཁང་ནང་ཕེབས་ཏེ་ཚང་མའི་ཆེད་ལས་དང་ཟུང་འབྲེལ་གྱིས་མི་སེམས་འགུལ་བའི་གནས་ལུགས་མང་པོ་གསུངས་ཤིང་། རྒྱ་ཆེའི་གཞོན་ནུ་སློབ་མ་ཚོར་ན་གཞོན་འཚར་ལོངས་ཡོང་བ་དང་ཤེས་ཡོན་ཅན་ཆགས་པར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་དང་མཉམ་འདྲེས་བྱེད་པ་དང་། མིག་རྒྱང་རིང་དུ་དང་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ། ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་ཞུགས་ལས་འདེམས་ཀྱི་ལྟ་བ་ཡང་དག་འཛུགས་པ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བྱས་རྗེས་འཇོག་པར་སྐྱོད་པ་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། དེ་རྗེས་ཏིང་ཡེ་ཤན་སླར་ཡང་རླངས་འཁོར་ལ་བཞུགས་ཏེ་ལྷ་སའི་ནག་ཆུ་མཐོ་འབྲིང་གཉིས་པ་དང་ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་དུ་ཕེབས་ནས་སློབ་གསོ་སློབ་ཁྲིད་དང་ལྷག་པར་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྒྱ་ཆེའི་དགེ་རྒན་ཚོས་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་ནས་མི་སྣ་གསོ་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་མ་ཟད། བྱམས་བརྩེ་ཆེན་པོས་སློབ་མའི་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཡང་གནང་སྟེ། ཚང་མར་སློབ་སྦྱོང་གི་གོ་སྐབས་དམ་འཛིན་གྱིས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་དགོས་པ་དང་། རྒྱང་རིང་གི་ཕུགས་བསམ་འཛུགས་དགོས་པ། སློབ་གྲྭ་ཐོན་རྗེས་ཕ་ཡུལ་འཛུགས་སྐྲུན་དང་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་དངོས་འབྲེལ་ཆགས་པ་བྱེད་དགོས་པ་བཅས་ཀྱི་ལྕག་སྐུལ་གནང་བ་རེད།

ཏིང་ཡེ་ཤན་གྱིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། འགན་ནུས་སྡེ་ཚན་ཁག སློབ་གྲྭ་ཁག་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་རྒྱལ་གཅེས་རིང་ལུགས་དང“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། སྐད་གཉིས་སློབ་གསོ་ལག་ལེན་ཤུགས་ཆེན་བསྟར་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱལ་ཁབ་ཀྱི་རྒྱུན་སྤྱོད་སྐད་ཡིག་ཁྱབ་གདལ་ནུས་ལྡན་གཏོང་བ་བཅས་བྱས་ནས་སློབ་མ་ཚོར་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཤེས་སུ་འཇུག་དགོས་ལ“མོས་སེམས་ལྔ”རང་རྟོགས་ངང་ཆེ་རུ་གཏོང་དགོས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགེ་རྒན་དཔྱད་འདེམས་དང་། གདན་ཞུ། ཞིབ་དཔྱད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོའི་ཁོངས་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་། གུང་གཞོན་སྡེ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། “ལག་གདང་སྦྲེལ་བའི”བྱེད་སྒོ་སྤེལ་བ་བརྒྱུད་ཁྱིམ་ཚང་ལ་འབྲེལ་གཏུག་དང་མང་ཚོགས་ལ་སློབ་གསོ་གཏོང་བའི་ཐད་ཀྱི་སློབ་མའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་དོན་གཉེར། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྒུལ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版: གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:ཡིག་ཆ།
   第06版: ཡིག་ཆ།
   第07版: ཡིག་ཆ།
   第08版:ཡིག་ཆ།
ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།
མངའ་རིས་ཀྱི“མཐའ་མཚམས་གྲོང་ཚོ་དང་པོའི”འཕོ་འགྱུར་གྱི་དཔང་པོར་གྱུར་པ།
ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་རང་ལྗོངས་ཀྱི་ཚན་པ་ཁག་གཅིག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྙན་སེང་གསན་པ།
“སྡོད་ཁང་རྟེན་རྫས་བཤམས་མཛོད་ཁང”གིས་དཔང་པོ་བྱེད་པ།
ཏིང་ཡེ་ཤན་གྱིས་ལྷ་སར་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།
དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཐོག་མའི་བསམ་འདུན་སྲུང་བ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་འགན་འཁྲི་འཁུར་ཕོད་པར་བྱེད་པ།