第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་བཅུ་གསུམ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དང་གོ་ལ་ཧྲིལ་པོའི་བདེ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རངמ@
ལྷ་ས། རིམ་བཞིན་རྒྱ་ཆེར་འགྲོ་བའི་གྲོང་ཁྱེར་གསར་པ།
བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བྱུང་བ།
དམིགས་ཚད་དང་བླང་བྱ་ཁ་གསལ་ཡོང་བ་བྱས་ཏེ་འབེན་ཡོད་སར་མདའ་འཕེན་རྒྱུ་མཐའ་འཁྱོངས་བྱེད་དགོས།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年6月13日 星期
3 上一篇  下一篇 4  
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཐོག་མའི་བསམ་འདུན་མ་བརྗེད་ན། མཐའ་མའི་འབྲས་བུ་ལག་ཏུ་སོན། ཟླ་5ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་འབྲེལ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་ཐད་བླང་བྱ་ཁ་གསལ་ཡང་བཏོན་གནང་ཡོད། ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་རྒྱུ་ཟུང་འབྲེལ་བྱེད་པ། “ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་ཐེབས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རླབས་ཆེན་གྱི་ཕུགས་འདུན་འགྲུབ་པའི་ཐུན་མོང་འབད་འཐབ་ཀྱི་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ས་ཁུལ་དེ་ག་དང་སྡེ་ཚན་དེ་ག་ཚན་པ་དེ་ག་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དམིགས་ཚད་དང་བསྡུར་བ་དང་སྐུལ་སྤེལ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏན་ཏིག་ཏིག་ཐོབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྤེན་པ་ཚེ་རིང་གིས“ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་རེད། ཐོག་མའི་བསམ་འདུན་མ་བརྗེད་པ་ནི་ལྷག་བསམ་རྣམ་དག་གི་བསམ་བློ་དང་དམངས་ཆེད་ཀྱི་བསམ་བློ་ནམ་ཡང་འཆང་དགོས་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ནི་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་བ་དང་འགན་འཁྲིར་ངོ་གནོང་མི་དགོས་པ་བྱེད་དགོས། ང་ཚོས་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་པ་ཚང་མ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་བཞག་ནས་རང་འཁྲིའི་ལས་དོན་ཏན་ཏན་ཏིག་ཏིག་སྒྲུབ་པ་དང་འབྲེལ་ཁྲིམས་འགལ་བ་མཐའ་དག་དང་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱེད་རྒྱུ་རེད”ཅེས་བརྗོད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཁ་ཕྱོགས་གསར་པ་གསལ་སྟོན་གནང་ཡོད་པས། ཏང་ཡོན་ལས་བྱེད་པ་ཚོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་བཤེར་བརྟག་དཔྱད་ནན་ཏན་བྱེད་པ་དང་། གནད་དོན་འཚོལ་ཞིབ་ཏན་ཏིག་དང་འབྱུང་རྩའི་གནད་དོན་ཧུར་ཐག་སེལ་བ། སྒྱུར་བཅོས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། འཕྲལ་དུ་ཞིབ་བཤེར་དང་དག་ཐེར་དང་འཕྲལ་དུ་ཤེས་རྟོགས་དང་དག་ཐེར་བྱེད་པ་བཅས་བྱེད་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ལས་བྱེད་པ་ལིའུ་དབྱང་ཧའོ་ཡིས་བརྗོད་པ་དང་། ཁོང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་ནན་ཏན་བྱས་ནས་ཚོགས་འདུའི་དགོངས་དོན་གསལ་པོ་ཤེས་པ་དང་གོ་བ་གཏིང་ཟབ་བླངས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ཏང་གཤིས་ལ་ཞུན་བརྡར་ཐེབས་པ་དང་བསམ་བློར་ཉམས་སད་ཐེབས་པའི་ལག་ལེན་གྱི་སློབ་ཁང་ཞིག་ལ་བརྩིས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱེད་པ་དང་། རང་འགན་གཙང་སྒྲུབ་ཀྱི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་ལས་དོན་ཏན་ཏིག་སྒྲུབ་པ། ལས་དོན་སྤེལ་སྟངས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། བསམ་བློར་ཉམས་སད་ཐེབས་པ་བཅས་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་དཀོན་སྒྲོལ་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་བཅུ་གསུམ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དང་གོ་ལ་ཧྲིལ་པོའི་བདེ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རངמ@
ལྷ་ས། རིམ་བཞིན་རྒྱ་ཆེར་འགྲོ་བའི་གྲོང་ཁྱེར་གསར་པ།
བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བྱུང་བ།
དམིགས་ཚད་དང་བླང་བྱ་ཁ་གསལ་ཡོང་བ་བྱས་ཏེ་འབེན་ཡོད་སར་མདའ་འཕེན་རྒྱུ་མཐའ་འཁྱོངས་བྱེད་དགོས།