第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགמ@
ལས་འདེམས་ཀྱི་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས།
ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།
སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་བཏོད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年5月16日 星期
3 上一篇  下一篇 4  
ཐོན་ལས་དབུལ་སྐྱོར་བྱ་རྒྱུ་མི་ཐོག་ཏུ་གནད་སྨིན་ཐུབ་པ་དང་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཁྲོམ་ར་དང་འབྲེལ་མཐུད་བྱེད་པ།
ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ལོ་འགོར་བཟོས་པའི“གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%ཡན་འཕར་བའི”དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད། རང་ལྗོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེར་དམ་པོར་དམིགས་ནས་ཞིང་འབྲོག་པའི་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་འཕྱུགས་མེད་འཚོལ་བ་དང་ཞིང་འབྲོག་པའི་འབབ་འཕར་གྱི་ཤུགས་རྒྱག་ས་འཕྱུགས་མེད་བཙལ་ནས་ཉེ་ཆར《2019ལོའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་གཙོ་གནད》པར་འགྲེམས་བྱས་ཏེ“ཞིང་འབྲོག་པ་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཞིང་ཕྱུགས་ཐོན་ཟོག་མཁོ་སྤྲོད་བྱེད་ནུས་བརྟན་པོའི་ངང་འཕར་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གོམ་སྟབས་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུ་གསར་གཏོད་དང་ལེགས་སུ་གཏོང་བ”སོགས་ཀྱི་བྱེད་ཐབས་གསལ་པོ་བཏོན་ནས་ཕྱོགས་བསྡུས་ཇུས་འདོན་གྱིས་ཞིང་འབྲོག་པའི་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

དུས་ཚིགས་དང་པོར། རང་ལྗོངས་ཀྱི་ཞིང་ལས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.42མངོན་འགྱུར་བྱུང་ནས་དུས་མཚུངས་ལས་5.3%འཕར་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་16.57འཕར་ནས་དུས་མཚུངས་ལས་6.7%འཕར་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་འཕེལ་རྒྱས་བརྟན་པོ་བྱུང་ནས་ཞིང་འབྲོག་པའི་འབབ་འཕར་ལ་རྨང་གཞི་བཏིངས་པ་རེད། འདི་ལོ་རང་ལྗོངས་ཀྱིས་རྨང་གཞི་དེའི་ཐོག་དེང་རབས་ཞིང་ལས་ཐོན་སྐྱེད་མ་ལག་མགྱོགས་མྱུར་བསྐྲུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་སྤོར་གྱིས་ཞིང་ཕྱུགས་ཐོན་ཟོག་མཁོ་སྤྲོད་བྱེད་ནུས་བརྟན་པོའི་ངང་འཕར་བ་བྱེད་མཁན་རེད།

2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡིན་པས་ཤིན་ཏུ་དབུལ་པོ་དབུལ་སྒྲོལ་ཡོང་བར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་རྫོང་དང་ཆུས་དབུལ་པོ་19ཡི་དབུལ་ཞྭ་འཕུད་ཐུབ་པ། མི་འབོར་ཁྲི་15དབུལ་སྒྲོལ་ཐུབ་པ་བཅས་བྱེད་མཁན་ཡིན་སྟབས་འདི་ལོའི་ཞིང་འབྲོག་པའི་འབབ་འཕར་དམིགས་ཚད་ལེགས་སྒྲུབ་བྱེད་པར་གལ་འགངས་ཆེན་པོ་ཡོད། འདི་ལོ་རང་ལྗོངས་ཀྱིས་གྲོང་ཚོ་ནས་དུད་ཚང་དང་མི་བཅས་བར་ལ་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། གནས་སྤོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་སོགས“བྱ་སྤྱོད་ཁག་བཅུ”ལག་བསྟར་ཤུགས་ཆེན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་ནས་ལོ་མཇུག་གོང་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་26.6གི་གནས་སྤོའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་། དུད་ཚང་10ཡན་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་ལེ་ལག་ཚང་བའི་དབུལ་སྐྱོར་ཐོན་ལས་ངེས་པར་དུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལས་དོན་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

འདི་ལོ་རང་སྐྱོང་ལྗོངས་ཀྱིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་རིགས་ཁག་གི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་གྱིས་གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་ཞུགས་པའི་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་འདི་ལོ་ཞིང་འབྲོག་པའི་ངལ་ནུས་ཡོང་འབབ་20%ཡན་འཕར་བའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད། དམིགས་ཚད་འདིར་གཞིགས་ནས་འདི་ལོ་རང་ལྗོངས་ཀྱིས་འགྲིམ་འགྲུལ་དང་། སྡོད་ཁང་འཛུགས་སྐྲུན། ཆུ་བེད་སོགས་རྣམ་གྲངས་ལ་ཆ་རྐྱེན་གཅིག་མཚུངས་འོག་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་སྔོན་ལ་འདེམས་པ་དང་། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་400མན་གཏོང་བ། ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ཀྱིས་སྐྲུན་འགན་འཁུར་ཐུབ་པའི་རྣམ་གྲངས་ཡིན་ཕྱིན་རྩ་དོན་ནས་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ལ་རྩིས་སྤྲོད་མཁན་རེད། དུས་མཚུངས་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་ལེན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་རང་ལྗོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་གསོ་སྦྱོང་ལས་རིགས་དང་ཁྲོམ་རའི་དགོས་མཁོ་གནད་སྨིན་འབྲེལ་མཐུད་ཡོང་བར་མཐོང་ཆེན་བྱས་ཏེ་སྤྱི་པའི་ལས་ཞུགས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་དང་ཡུལ་དེའི་ཞིང་འབྲོག་པ་ལས་མི་དང་ལྷག་པར་དུ་མང་ཚོགས་དབུལ་པོའི་དབར་ཡུན་རིང་ངལ་ནུས་སྤྱོད་པའི་གན་རྒྱ་འཇོག་པར་ཁྲིད་སྟོན་བྱས་ཐོག་མང་ཚོགས་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པ་བྱེད་མཁན་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་བསོད་དཔས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགמ@
ལས་འདེམས་ཀྱི་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས།
ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།
སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་བཏོད་པ།