第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགמ@
ལས་འདེམས་ཀྱི་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས།
ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།
སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་བཏོད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年5月16日 星期
3 上一篇  下一篇 4  
སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གོང་དཀར་གནམ་ཐང་དང་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོར་བརྟག་ཞིབ་གནང་སྐབས། མང་ཚོགས་ལ་སློབ་གསོ་བཏང་ནས་ཕྱུག་འགྱུར་འཇོན་ཐང་ནན་ཏན་ངང་སློབ་སྦྱོང་བྱེད་དགོས་པ་དང་། ཏང་གི་སྲིད་ཇུས་བཟང་པོར་བརྟེན་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ལམ་དུ་སྐྱོད་དགོས་པའི་ཁྲིད་སྟོན་ཡང་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། “ལུས་པོ་དབུལ་ན་རོགས་སྐྱོར་བྱེད་སླ། སེམས་པ་དབུལ་ན་བཅོས་སྐྱོང་བྱེད་དཀའ” མིག་སྔར་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་ལས་དོན་དམིགས་ཚད་ལ་དམ་པོར་དམིགས་པ་ལས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མོད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) འོན་ཏེ་མང་ཚོགས་ཁག་གཅིག་ལ་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་སྔར་བཞིན་ལྡན་ཡོད་ལ། “གྱང་ལ་བསྙེས་ནས་ཉི་མ་སྲོ་བ་དང་འབྱོར་འབྲིང་བསྒུགས་ནས་སྡོད་པའི”སྣང་ཚུལ་ཡང་སྔར་བཞིན་ཡོད།

སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་རང་བརྟེན་འཇོན་ཐང་ཆེ་རུ་གཏོང་བ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་ཐོན་སྐྱེད་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་མང་ཚོགས་དབུལ་པོ་ཚོར་ལས་རྒྱུ་ཡོད་པ་དང་། ལས་ཤེས་པ། ཡོང་འབབ་གསོག་ཤེས་པ་བཅས་ཡོང་བར་བྱེད་དགོས། བྱེད་སྟངས་ལེགས་སུ་གཏོང་བ་དང་། བྱེད་ཐབས་གསར་གཏོད་བྱེད་པ། དངུལ་དང་ཟོག་སྤྲོད་པའི་སྟབས་བདེའི་བྱེད་སྟངས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ། ཐོན་སྐྱེད་ཁ་གསབ་དང་། ངལ་རྩོལ་ཁ་གསབ། རྒུད་གསབ་ལས་སྤྲོད་སོགས་ཀྱི་ལམ་སྲོལ་མང་ཙམ་སྤྱོད་པ་བཅས་བྱས་ནས་དབུལ་པོའི་རྩ་བ་དངོས་འབྲེལ་གཅོད་ཐུབ་པ་དང་རྩ་ལག་མཉམ་བཅོས་ཐུབ་པ་བྱེད་དགོས།

སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་བའི་འགག་རྩ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་བརྗེ་སྒྱུར་ལ་ཐུག་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནའ་སྔ་མོ་ནས་བཟུང་། དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། མི་རིགས་ཁག་གི་མང་ཚོགས་ལ་སྲོལ་རྒྱུན་བཟང་པོ་དར་སྤེལ་ཡག་པོ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འདུ་ཤེས་བརྟན་པོར་འཛུགས་པ། ཏང་གི་སྲིད་ཇུས་བཟང་པོ་ཁོང་དུ་ཏན་ཏིག་ཆུད་པ། ཕྱུག་འགྱུར་འཇོན་ཐང་སྦྱོང་བ་བཅས་བྱས་ཏེ། རང་ཉིད་ཀྱི་དཀའ་སྤྱད་ལས་བརྩོན་ལ་བརྟེན་ནས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་རང་འགུལ་ངང་དོན་གཉེར་བྱས་ཏེ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས། ཕྱུག་འགྱུར་དཔེ་མཚོན་སྔོག་འདོན་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མང་ཚོགས་ཀྱི་ཉེ་འཁོར་དུ་བྱུང་བའི་བྱ་བ་བགྲངས་ནས་ཉེ་འཁོར་གྱི་མིར་སློབ་གསོ་གཏོང་བ། མིག་དཔེའི་སྣེ་འདྲེན་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།