第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགמ@
ལས་འདེམས་ཀྱི་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས།
ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།
སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་བཏོད་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2019年5月16日 星期
3 上一篇  下一篇 4  
ཝུའུ་དབྱིང་ཅེས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་སྐབས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

ཟླ་5ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྔ་རྗེས་སུ་གོང་དཀར་གནམ་ཐང་དང་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོར་ཕེབས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་གོང་དཀར་གནམ་ཐང་དུ་ཝུའུ་དབྱིང་ཅེས་ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་དང་སྤེལ་རེས་གནང་སྟེ་བོད་དུ་ཡུལ་སྐོར་བྱེད་རིང་གི་ཁོང་ཚོའི་མྱོང་ཚོར་བཀའ་འདྲི་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྔ་རྗེས་སུ་གོང་དཀར་གནམ་ཐང་དང་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོར་ཕེབས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་སྟངས་འཛིན་ནན་པོ་བྱེད་པ། དམངས་ཀྱི་འདོད་འདུན་དང་བསྟུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་ཕན་པའི་བྱ་བ་དངོས་སེམས་ནུས་གཅིག་སྒྲིལ་གྱིས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས།

(པར་ངོས་གསུམ་པར་གཟིགས)

(པར་ངོས་བཞི་པར་གཟིགས) བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་དབང་འདུས་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ་བཅས་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།

གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་སའི་ཚོམས་ཆེན་དུ། ཝུའུ་དབྱིང་ཅེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་མཛའ་བརྩེའི་བཀའ་མོལ་གནང་ནས་བོད་དུ་ཡུལ་སྐོར་བྱེད་རིང་གི་ཁོང་ཚོའི་མྱོང་ཚོར་མཁྱེན་རྟོགས་གནང་བ་རེད། ཧྥིན་ལན་གྱི་ཡུལ་སྐོར་བ་ཨའེ་ལི་ནཱ་དུས་ཡུན་ཉིན་ལྔའི་ཡུལ་སྐོར་བྱེད་མཇུག་འགྲིལ་ནས་གནམ་གྲུར་བསྡད་དེ་བོད་ནས་ཁ་གྱེས་ཁར། ཝུའུ་དབྱིང་ཅེས་ཁོང་བོད་དུ་ཡུལ་སྐོར་བྱེད་རིང་གི་གཟུགས་པོའི་གནས་ཚུལ་དང་། བོད་ཀྱི་ཡུལ་སྐོར་ཞབས་ཞུར་བློ་ཡིད་ཚིམ་མིན་ཐད་ལ་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་རེད། ཨའེ་ལི་ནཱས་ད་ཐེངས་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུ་བྱུང་བ་ནི་ཧ་ཅང་བརྗེད་པར་དཀའ་ལ། ཡུལ་སྐོར་ཉམས་ལེན་ཡང་ཧ་ཅང་ཡག་པོ་བྱུང་ཞེས་དགའ་ཚོར་ཆེན་པོས་བརྗོད། ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་ལ་གོ་སྐབས་ཡོད་ཕྱིན་སླར་ཡང་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུའི་དགའ་བསུ་ཞུས་པ་རེད། ད་དུང་ཝུའུ་དབྱིང་ཅེ་གནམ་ཐང་གི་ཚོང་ཁང་ཁག་ཏུ་ཕེབས་ནས་ཚོང་གཉེར་མཁན་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ་ཚོང་ཁང་ནང་ཅ་ལག་ཉོ་མཁན་མང་པོ་ཡོད་མེད་དང་ཚོང་གཉེར་ཡོང་འབབ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཆབས་ཅིག ཁོང་ཚོས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བོད་ཀྱི་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

ཝུའུ་དབྱིང་ཅེས་བོད་ཀྱི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་ལ་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད་ཁར། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཀྱང་ཡིན་པས། བོད་ལྗོངས་བརྟན་ལྷིང་དང་དར་རྒྱས་ཁྲོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་གནས་བབ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཡུལ་སྐོར་ལས་རིགས་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རིར་དངོས་འབྲེལ་འགྱུར་བར་བྱེད་དགོས། དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་སྣེ་ལེན་བྱེད་ནུས་ཆེ་རུ་གཏོང་བ། ལམ་ལུགས་ལམ་སྲོལ་འཛུགས་པ། ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བས་ཁྱིམ་ཚང་མགྲོན་ཁང་དང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་། འབྲོག་དུད་སྤྲོ་སྐྱིད་ཁང་སོགས་འཛུགས་པའི་བྱ་ཐབས་བརྒྱུད། ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་ཡུལ་སྐོར་ཡོང་འབབ་རག་པ་དང་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱེད་དགོས། སྒོ་དབྱེ་དང་། དགའ་བསུ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་དེ་བས་འཆམ་མཐུན་དང་དེ་བས་མཛའ་གྲོགས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོར་ཝུའུ་དབྱིང་ཅེས་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ནས་ཤང་དང་གྲོང་རྡལ་ལས་བྱེད་པ་དང་། གཤམ་སྐྱོད་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་བཅས་དང་སྤེལ་རེས་གཏིང་ཟབ་གནང་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་འདི་ལོའི་ཟླ་6པ་ནས་བཟུང་། ཏང་ཡོངས་སུ་གོང་ནས་འོག་བར་ཁག་ཐེངས་གཉིས་ལ་དབྱེ་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་ཡོད། ཚང་མས་དེ་ཉིད་གོ་སྐབས་སུ་བཟུང་ནས་ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་སྟངས་འཛིན་ནན་པོ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་སེལ་བ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། སེམས་རྩ་འཁོལ་པོས་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་དོན་དག་ཆུང་ངུ་ཡོད་དོ་ཅོག་ཡག་པོ་སྒྲུབ་པ། དམངས་ཀྱི་འདོད་འདུན་དང་བསྟུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་ཕན་པའི་བྱ་བ་དངོས་སེམས་ནུས་གཅིག་སྒྲིལ་གྱིས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། གཞི་རིམ་ཏང་འཛུགས་སྐྱོང་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ། ལས་རྗེས་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། ཐོབ་ཆ་ཁག་དོན་འཁྱོལ་ཡག་པོ་བྱེད་པ། གཞི་རིམ་ལས་བྱེད་པ་མི་རེ་ངོ་རེའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གང་ལེགས་འཕེལ་བར་བྱེད་པ་བཅས་བྱས་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་དམག་འཐབ་མཁར་རྫོང་སྟོབས་ཆེན་ཞིག་ཏུ་ཧུར་ཐག་སྐྲུན་དགོས། ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རིང་། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། མ་འབྱུང་སྔོན་འགོག་བྱེད་རྒྱུ་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་ཐོན་རྒྱུ་སྔོན་འགོག་བྱས་ནས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་བྱེད་ཕོད་པ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ། “བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། བསམ་བློའི་གནད་དོན་ཡང་ཐག་གཅོད་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ། གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། “ལྗོན་ཤིང་མེད་པའི་དུད་ཚང”ཚང་མར་ལྗོན་ཤིང་ཡོད་པར་བྱེད་པའི་བྱ་སྤྱོད་དང་། གྲོང་ཚོ་དང་གྲོང་ལྷན་གྱི་ཁོར་ཡུག་མཛེས་སུ་གཏོང་བའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་ཝུའུ་དབྱིང་ཅེས་བོད་སྡེ་གྲོང་ཚོའི་ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ཕེབས་ནས་སྙན་སེང་གསན་པ་དང་འགྲེམས་པང་ལ་གཟིགས་ཏེ་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་ཁུལ་གྱི་འགན་ཁུར་བས་བོད་སྡེ་གྲོང་ཚོའི་ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་91.07ཟིན་ཡོད། དུས་ཐེངས་དང་པོའི་འཆར་འགོད་རྒྱ་ཁྱོན་མུའུ་56.29ཟིན་པར་དུད་ཚང་44དང་མི་279བཀོད་སྒྲིག་བྱེད་རྩིས་ཡོད། “ཀུང་སི་དང་། མཉམ་ལས་རྩ་འཛུགས། གནས་སྤོས་མང་ཚོགས་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་དམིགས་པ་དང་། སྡོང་ཕྲུག་རྟེན་གཞི་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་ཀྱི་རྟེན་གཞིར་བརྟེན་ནས་གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། ཝུའུ་དབྱིང་ཅེས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁང་པའི་ཕྱི་ནང་གི་འཚོ་བའི་སྒྲིག་བཀོད་ལེ་ལག་ཚང་བའི་ངང་བསྐྲུན་རྒྱུར་ཕྱོགས་བསྡུས་བསམ་གཞིག་བྱེད་དགོས་པ་མ་ཟད། བུ་ཕྲུག་སློབ་གྲྭ་འགྲིམ་པ་དང་རྒན་རྒོན་སྨན་ཁང་བསྟེན་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ས་བབ་ཧ་ཅང་མཐོ་བའི་གནས་སྤོ་དང་། གྲོང་གསེབ་དར་རྒྱས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་སྐྲུན་རྒྱུ་ཟུང་འབྲེལ་བྱས་ཏེ་གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཆ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གཅིག་སྡུད་གནས་སྤོའི་ས་ཚིགས་ཚན་རིག་ལུགས་མཐུན་ངང་འཆར་འགོད་བྱེད་དགོས། དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་མཚོ་ལས་ཟབ་པ་སེམས་ལ་བརྟན་པོར་ངེས་རྒྱུའི་སློབ་གསོ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྔར་བས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་དགོས། གཞོགས་འདེགས་དམ་ཟབ་དང་ཐབས་མང་མཉམ་སྤྱོད་བྱས་ནས་གནས་སྤོས་མང་ཚོགས་ཚོས“མི་རབས་འདིས་དཀའ་བ་སྤྱད་ནས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་ཡོང་བའི”གྲ་སྒྲིག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ། ཏང་གི་སྲིད་ཇུས་བཟང་པོར་བརྟེན་པ། ཕྱུག་འགྱུར་གྱི་འཇོན་ཐང་ཡག་པོ་སྦྱོང་བ། ཡུལ་གོམས་གཤིས་ལུགས་དང་གོམས་སྲོལ་ངན་པ་སྒྱུར་བ། རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་པ། དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས། རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་ཕུགས་ལ་དམིགས་པ་དང་། གསར་འབྱེད་གསར་གཏོད། ཡུལ་བབ་དང་བསྟུན་པ་བཅས་བྱས་ནས་ལེ་ལག་ཚང་བའི་ཐོན་ལས་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་པ་དང་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་བརྒྱུད་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་པ་དང་། ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་སྔ་ཙམ་རི་ཁུག་ནས་སྤོ་ཐུབ་པ་དང་། སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བཅས་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གྲྭར་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་འགན་ལེན་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་དགའ་སྤྲོ་ཆེན་པོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

(པ་ཚེ་དང་བསྟན་བློས་སྒྱུར་ཞུས་བྱས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ལ་དགའ་བསུ་ཞུས་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགמ@
ལས་འདེམས་ཀྱི་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས།
ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།
སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་བཏོད་པ།