第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
标题导航
སྒྱུར་བཅོས་སྒོ་དབྱེ་མུ་མཐུད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་མགྱོགས་མྱུར་གོང་མཐོར་གཏོང་དགོས་ཞེས་ནན་བཤད་གནང་བ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ།
མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  下一篇 4  
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་གཞིར་བཟུང་བ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག བོད་ཀྱི་དོན་དངོས་དང་ཟུང་འབྲེལ། རང་འགན་གཙང་སྒྲུབ་བཅས་བྱས་ནས་ལས་བཟོ་དང་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། བཟོ་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་པ། རྒྱ་ཆེའི་ལས་བཟོ་ཚོས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འབད་འཐབ་དམིགས་ཚད་ཁོང་དུ་བརྟན་པོ་ཆུད་རྒྱུ་དང་། ཡིད་ཆེས་ཀྱིས་ཁེངས་བཞིན་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་བྱ་གཞག་ཁག་གི་མེ་ལྟར་ཚ་བའི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་འཕེལ་རྒྱས་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་མཉམ་སྡེབ་བཀའ་མོལ་ནང་ཞུགས་ཡོད་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་འགྱུར་མེད་ཀྱིས་ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་གཙོ་བོ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསམ་གཞིག་སྙན་སེང་ཞུས་པ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཀྱི་བཟོ་ཚོགས་ཚོགས་ཆེན་བཅུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གྲུབ་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་མང་ཚོགས་དང་། ངལ་རྩོལ་དཔེ་བཟང་བ། བཟོ་ཚོགས་ཀྱི་ལས་དོན་པ་བཅས་ལ་འཚམས་འདྲི་ཞུས་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པས་དུས་བབ་གསར་པའི་འོག་བཟོ་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཁར་བླང་བྱ་ཡང་ཁ་གསལ་བཏོན་ཡོད། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་བཟོ་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བློ་རྩ་བརྟན་པོ་དང་། ཡིད་ཆེས་བརྟན་པོ། བརྩེ་སེམས་ཀྱིས་ཁེངས་པ། སྙིང་སྟོབས་རབ་འཕེལ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་རེ་བ་ཟབ་མོ་བཅོལ་ཡོད། ཁྱེད་ཚོས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྣེ་ཁྲིད་དེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་སྦྱངས་པ་གོ་ཆོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་བཟོ་པའི་གྲལ་རིམ་གྱིས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་གཙོ་ཤུགས་དམག་དང་གདོང་ལེན་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱས་ནས་ལྗོངས་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ལ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ཚུན་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ནུས་པ་གལ་ཆེན་བཏོན་ཡོད། འདས་ཟིན་པའི་ལོ་ལྔའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགོ་ཁྲིད་ནུས་ལྡན་འོག རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་རིམ་ཁག་བཟོ་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་རྒྱ་ཆེའི་ལས་བཟོ་བ་རྣམས་ཏང་གི་མཐའ་འཁོར་དུ་ཆེས་རྒྱ་ཁྱབ་དང་ཆེས་དམ་ཟབ་ཀྱི་མཐུན་སྒྲིལ་བྱས་ཏེ་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ལྷག་དོན་དུ་སྐབས་བཅུ་བདུན་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་ལྟར་བྱས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་བཟོ་ཚོགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད། ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་གཅིག་ནས“སྲུང་སྐྱོང་གཉིས”ཐུབ་པའི་ཐད་གཞོལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བཟོ་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བའི་དངོས་ཡོད་ཞིབ་བཤེར་ལ་བརྩི་བ་དང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པའི་བྱ་སྤྱོད་དངོས་ལ་བརྩི་བ། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་བཟོ་པའི་ལས་འགུལ་ཐད་ཐོག་མཐའ་བར་གསུམ་དུ་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་རྒྱུ་འགན་ལེན་བྱེད་དགོས། ལྷག་པར་དུ་བཟོ་པའི་གྲལ་རིམ་གྱི་གཟི་བརྗིད་སྲོལ་རྒྱུན་སྔར་བས་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་བཅས་བྱས་ནས་ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་བརྟེན་ས་དང་། སེམས་ཀྱི་ཞིང་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ། ལས་བཟོ་དང་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་བྱས་ཏེ་བཟོ་པའི་གྲལ་རིམ་འདི་ཉིད་བློས་འགེལ་ཆོག་པའི་སྟོབས་ཤུགས་སུ་འགྱུར་བ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

གཉིས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་དོན་དངོས་གཞིར་བཟུང་། བྱེད་ཐབས་གསར་གཏོད་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལས་བཟོ་དང་མང་ཚོགས་ཀྱི་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་འཚོ་བ་གསར་པ་སྤྱད་ནས། ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅིའི་རླབས་ཆེན་མཛད་རྗེས་ལ་རྒྱས་བཤད་གཏིང་ཟབ་བྱེད་པ། ཏང་གི་དམངས་ཕྱུག་དམངས་ཕན་དམངས་བདེ་བཅས་ཀྱི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་ཐུབ་པ། དུས་རབས་གསར་པའི་རླབས་ཆེན་མེས་རྒྱལ་ནང་འཚོ་བ་སྐྱེལ་བའི་བདེ་སྐྱིད་དང་སྤོབས་སེམས་ཚོར་ཐུབ་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས། ལས་བཟོའི་ཁྲོད་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ཆོས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ལས་བཟོ་དང་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཏེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

གསུམ་ནས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་གཞོལ་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་སེམས་ཁྲལ་བྱེད་ས་རེ་བ་བཅོལ་ས་བཅས་སེམས་ནུས་གང་ཡོད་ཀྱིས་ཤེས་རྟོགས་བྱེད་པ་དང་དམིགས་ས་ཡོད་པའི་སྒོ་ནས་ལྕག་སྐུལ་གྱི་སྲིད་ཇུས་ཁག་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་ཆེའི་ལས་བཟོ། མང་ཚོགས་དང་ལྷག་པར་དུ་འཐབ་ཕྱོགས་དང་པོའི་ལས་བཟོས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེགས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་ནུས་པ་འདོན་རྒྱུར་སྐུལ་ལྕག་བྱས་ནས་མི་རིགས་ཁག་གི་མི་དམངས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཁེ་ལས་ཀྱི་ཐོན་འཕར་ནུས་ཆེ་དང་། ཁེ་ལས་ཀྱི་ལས་བཟོའི་ཕན་བདེ་ཐོབ་ཐང་ལེགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལས་བཟོའི་ཕན་བདེ་ཐོབ་ཐང་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས།

བཞི་ནས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། “གཉིས་གཏོད”ལས་དོན་སོགས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་སློབ་རྒྱུས་མཐོ་བ་དང་། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་ཁེ་ལས་སུ་ལས་ཀ་བྱ་རྒྱུར་འགུགས་པ་དང་སྐུལ་ལྕག་བྱེད་པ་དང་། ཁོང་ཚོར་དད་སེམས་བརྟན་པོ་དང་། ཤེས་བྱར་བརྩོན་འགྲུས། ལག་རྩལ་བརྩོན་ཞིབ། འགན་འཁྲི་ཁུར་ཕོད་པ་བཅས་ཁོང་ཚོའི་མི་ཚེའི་དོན་གཉེར་བྱ་ཡུལ་དུ་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། རང་འཁྲིའི་ལས་གནས་ཐོག་འཇོན་ཐང་འཕེལ་བ་དང་སྤྱང་གྲུང་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་ཐུབ་པ་བཅས་བྱེད་དགོས། རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ཀྱི་ཆབ་སྲིད་གསོ་སྦྱོང་དང་ཆེད་ལས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཐོན་ལས་བཟོ་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཏེ་བྱང་ཚད་མཐོ་བའི་བཟོ་པའི་དཔུང་ཁག་ཅིག་མགྱོགས་མྱུར་བསྐྲུན་པ་དང་རྒྱ་ཆེའི་ལས་བཟོ་དུས་རབས་གསར་པའི་འབད་འཐབ་པ་ཞིག་བྱ་རྒྱུར་སྐུལ་ལྕག་བྱེད་དགོས།

ལྔ་ནས་ལས་བཟོར་ཐུགས་ཁུར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་བཟོ་ཚོགས་ལས་དོན་གྱི་སྲོག་རྩ་དང་རྩ་བའི་ལམ་ཕྱོགས་ལ་བརྩིས་ནས་ལས་དོན་གྱི་གཙོ་གནད་རྒྱ་ཆེའི་ལས་བཟོ་དཀྱུས་མའི་ཐོག་བཞག་སྟེ་དམིགས་བསལ་དཀའ་ངལ་ཡོད་པའི་ལས་བཟོ་དང་། ཞིང་འབྲོག་པའི་ལས་མི། འཐབ་ཕྱོགས་དང་པོའི་ལས་བཟོ་སོགས་ཀྱི་ཚོགས་སྤྱིའི་ཞབས་འདེགས་ལས་དོན་ཡག་པོ་སྒྲུབ་པ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཁོང་ཚོར་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་ངལ་ཐག་གཅོད་བཅས་བྱས་ནས་རྒྱ་ཆེའི་ལས་བཟོར་ཀུན་ཕན་རང་བཞིན་དང་། རྒྱུན་རྣམ་རང་བཞིན། གནད་འཕིགས་རང་བཞིན་བཅས་ཀྱི་ཞབས་འདེགས་མཁོ་འདོན་བྱས་ནས་ལས་བཟོ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ་དང་ལས་བཟོ་མང་ཚོགས་ཚོས་བཟོ་ཚོགས་ནི་ལས་བཟོའི་ཁྱིམ་ཚང་དང་བཟོ་ཚོགས་ལས་བྱེད་པ་ནི་རང་གི་ནང་མི་དང་སྙིང་ཉེ་བ་ཞིག་ཡིན་པ་ཚོར་ཐུབ་པ་བྱེད་དགོས། ལྷག་པར་དུ་དུས་ཡུན་རིང་པོའི་ནང་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་ཁྲེལ་གྲགས་མཉམ་ཁུར་དང་བློ་གཅིག་སེམས་གཅིག་བྱེད་མཁན་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་ཁོང་ཚོའི་མི་རབས་རྗེས་མ་དང་། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དོན་ཆེན་ཁག་ནང་ང་ཚོར་སྒེར་སེམས་མེད་པར་རོགས་སྐྱོར་དང་རོགས་སྐྱོར་ཤུགས་ཆེན་བྱེད་མཁན་གྱི་མང་ཚོགས་དང་དེ་བཞིན་ཚེ་སྲོག་ལེགས་སྐྱེས་སུ་འབུལ་པའི་མང་ཚོགས་ཀྱི་མི་རབས་རྗེས་མར་ཐུགས་ཁུར་བྱས་ནས་ཁོང་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཁོང་ཚོ་དང་ཐད་ཀར་དང་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སྟོན་ཕྱོགས་བཟང་པོ་ཞིག་སྔར་བས་ཆགས་པ་བྱེད་དགོས།

དྲུག་ནས་བཟོ་ཚོགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་དང་ཀྲུང་དབྱང་གི་བཟོ་ཚོགས་སྒྱུར་བཅོས་སྐོར་གྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་སྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་ཐུབ་པ་དང་། སྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་གྱིས་དོན་དངོས་དང་མཐུན་པ། སྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་གྱིས་ལས་བཟོ་དང་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། མངོན་གསལ་དོད་པའི་འགལ་ཟླ་སེལ་བ། ལས་བཟོའི་དོ་ཁུར་ལ་བརྡ་ལན་ཞུ་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་བ་དང་། ལས་བགོས་བཟང་སྒྲིག ལས་དོན་གྱི་འགན་འཁྲི་ཁ་གསལ། ལས་དོན་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འབྲེལ་བ་རྒྱ་ཁྱབ་དང་ལས་བཟོར་ཞབས་འདེགས་ཞུ་བའི་བཟོ་ཚོགས་ལས་དོན་གྱི་མ་ལག་སྐྲུན་དགོས།

བདུན་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཐོག་མཐའ་བར་གསུམ་དུ“བརྟན་པོར་འཛུགས་དགོས་པ་གསུམ”བྱེད་ཐུབ་པ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་འགོག་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་བཟོ་ཚོགས་ཀྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་གཙང་སྒྲིག་ནན་བཅས་བྱས་ཏེ་སྤྱོད་ཚུལ་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་སྐྲུན་དགོས།

བརྒྱད་ནས་ཏང་གིས་བཟོ་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྩ་འཛུགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བཟོ་ཚོགས་ལས་དོན་ལ་རྒྱབ་སྐྱོར་དང་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་ཐོག་ཏུ་བཟོ་ཚོགས་ལས་དོན་ནང་གི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱས་ནས་བཟོ་ཚོགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་བསྒྲུབ་རྒྱུར་ཕན་ཡོད་ཀྱི་ཆ་རྐྱེན་གཏོད་དགོས། ངལ་རྩོལ་དཔེ་བཟང་བ་དང་ཁོང་ཚོའི་དཔེ་མཚོན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་དང་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་ནི་ཆེས་གཟི་བརྗིད་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེན། ངལ་རྩོལ་ནི་ཆེས་མཛེས་ཤོས་བཅས་ཀྱི་འདུ་ཤེས་དར་སྲོལ་དུ་འགྱུར་བ་བྱེད་པ་དང་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་ཀྱི་ངལ་རྩོལ་སྤྲོ་སེམས་དང་གསར་གཏོད་ནུས་པ་སྔར་བས་འཕེལ་བ་བྱས་ཏེ་ངལ་རྩོལ་གསར་གཏོད་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
སྒྱུར་བཅོས་སྒོ་དབྱེ་མུ་མཐུད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་མགྱོགས་མྱུར་གོང་མཐོར་གཏོང་དགོས་ཞེས་ནན་བཤད་གནང་བ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ།
མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།