第05版:གསར་འགྱུར་ད་ལྟ་བ41/2018-11/09/05/2018110905_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
标题导航
གྲོ་མོ་གཙང་འགྲམ་ནས་ཏང་གི་བཀའ་དྲིན་གླེང་བ།
“ང་དང་སྒྱུར་བཅོས་སྒོ་དབྱེའི་ལོ་40”ཡི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།
ལུས་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།
ཏང་ཡོན་གྱི་ལས་ཀའི་ཕན་འབྲས་མིག་མཐོང་ལག་ཟིན་ཡོང་རྒྱུར་སྐུལ་འདེད་བཏང་བ།
པ་སྣམ་རྫོང་གིས“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  
པ་སྣམ་རྫོང་གིས“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། པ་སྣམ་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་པའི་ལས་ཀའི་འདུ་ཤེས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་དང་གཞི་རིམ་དུ་རྒྱ་བསྐྱེད་གཏོང་བ་དང་། མང་ཚོགས་ཁྲོད་དུ་བསྐྱོད་དེ་ཁྲིམས་ཁང་གི་ཏང་ཡོན་ལས་བྱེད་ཉེན་རྟོག་པའི་དམངས་བརྟན་དམངས་ཕན་དང་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་བའི་ཐད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། བཅའ་སྡོད་བྱ་ཡུལ་གྲོང་ཚོ་གཉིས་སུ“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་ནས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་དུས་ཐོག་ཏུ་སྐོང་བ་དང་མང་ཚོགས་ཀྱི་ཁྲིམས་འཛིན་ཐད་ཀྱི་རེ་བ་གསར་པར་ལན་བརྒྱབ་ནས་མང་ཚོགས་ལ་སྒོ་རྩ་ནས་ནུས་ཆེ་སྟབས་བདེའི་ཁྲིམས་འཛིན་ཞབས་འདེགས་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་སྡོད་ཁྲིམས་དཔོན་ཁག་གིས་གཞི་རིམ་དུ་གཏིང་ཟབ་བསྐྱོད་ཅིང་། ཞིང་ནང་དང་མུ་ཁ་དང་ཞིང་ཁྱིམ་དུ་བསྐྱོད་ནས་ཞིང་འབྲེལ་བཅའ་ཁྲིམས་ཤེས་བྱ་ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱས་པ་དང་། ཞིང་འབྲེལ་རྩོད་གཞི་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག་དང་བསལ་ནས་བཅའ་ཁྲིམས་བློ་འདྲི་དང་དམངས་ཕན་བཅའ་ཁྲིམས་ཞབས་འདེགས་མཁོ་འདོན་བྱས་པ་རེད།

“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་པ་ལས་དམངས་ཆེད་ཁྲིམས་འཛིན་པའི“མཐའ་མའི་འགག་གནད”ནུས་ལྡན་ངང་སེལ་ནས་གྲོང་སྡོད་ཁྲིམས་དཔོན་དེ་གཞི་རིམ་གྱི་འགལ་བ་འདུམ་འགྲིག་མཁན་དང་། སྲིད་ཇུས་སྒྲོག་འགྲེལ་མཁན། སྤྱི་ཚོགས་གནས་ཚུལ་ཆ་འཕྲིན་མཁན། མངོན་མེད་རྐྱེན་ངན་གྲལ་བཤེར་མཁན་བཅས་ལ་འགྱུར་བར་བྱས་ཏེ་མང་ཚོགས་ལ་ཉེ་ས་དང་། ཉིན་མཚན་བལྟོས་མེད། མ་གནས་དམའ་བ། སྟབས་བདེ་བ། ལས་ཆོད་ཆེ་བ་བཅས་ཀྱི་ཁྲིམས་འཛིན་ཞབས་འདེགས་ཞུས་ནས“གནས་ཚུལ་ཆུང་ངུ་གྲོང་ཚོ་ནས་ཐག་གཅོད་པ་དང་། གནས་ཚུལ་ཆེན་པོ་ཤང་ནས་ཐག་གཅོད་པ། རྩོད་གཞི་ཆེ་རུ་མི་གཏོང་བ། འགལ་བ་གོང་ཞུ་མི་བྱེད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་རོགས་བྱས་པ་རེད། (དཀོན་མཆོག་སྒྲོལ་མས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
གྲོ་མོ་གཙང་འགྲམ་ནས་ཏང་གི་བཀའ་དྲིན་གླེང་བ།
“ང་དང་སྒྱུར་བཅོས་སྒོ་དབྱེའི་ལོ་40”ཡི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།
ལུས་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།
ཏང་ཡོན་གྱི་ལས་ཀའི་ཕན་འབྲས་མིག་མཐོང་ལག་ཟིན་ཡོང་རྒྱུར་སྐུལ་འདེད་བཏང་བ།
པ་སྣམ་རྫོང་གིས“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་པ།