第08版:ས་གནས་གསར་འགྱུར། 上一版3
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
标题导航
“མཐའ་འཁྱོངས་བདུན”ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བརྩོན་ལེན་བྱེད་པའི”བྱེད་སྒོ་སྤེལ་བ།
ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་སུ་གཞུང་ལས་པའི་ལས་རིགས་ཀུན་སྤྱོད་དང་ནུས་པ་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
སྨན་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་དགོས་མཁོའི་སྟོན་ཕྱོགས་ལ་གཞིགས་ནས་གསོ་སྦྱོང་ནུས་པ་ཆེ་རུ་བཏང་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  下一篇 4  
སྨན་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་དགོས་མཁོའི་སྟོན་ཕྱོགས་ལ་གཞིགས་ནས་གསོ་སྦྱོང་ནུས་པ་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། སྨན་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་2015ལོར་སློབ་གྲྭ་བཙུགས་ཚུན་གཙོ་གནད་མངོན་གསལ་དང་། བྱེད་ཐབས་གསར་གཏོད། དངོས་གཉེར་ཕན་འབྲས་བཅས་མཐའ་འཁྱོངས་དང་། ལྷག་པར་དུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གོ་སྐབས་སུ་བྱས་ཏེ་ཏང་གི་སློབ་གྲྭའི་འཐབ་ས་གཙོ་བོ་དང་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་དང་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་སྟེ། སྨན་གླིང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་དཔུང་སྡེ་འགན་ལེན་ཡོང་བར་བྱས་པ་རེད།

སློབ་གསོ་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱ་ཆེད། སྨན་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་སློབ་ཚན་བཀོད་སྒྲིག་དང་། དུས་ཚོད། བྱེད་ཐབས་སོགས་ཀྱི་ནང་དོན་གཙོ་གནད་དུ་བྱས་ཏེ་བརྟག་ཞིབ་ཐེངས་20དང་། མི་ཐེངས་500ཙམ་ལ་ཡིག་རྒྱུགས་བརྟག་དཔྱད། བསམ་འཆར་90དང་ལེན་བཅས་བྱས་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྫོང་ཡོངས་ཀྱི་གསོ་སྦྱོང་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་དམིགས་ཏེ་སློབ་སྦྱོང་བྱས་པ་རེད། འཛིན་གྲྭ་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་གསོ་སྦྱོང་ཇུས་གཞི་བཟོས་པ་དང“གང་མི་འདང་ན་དེ་གསབ་པ་དང་གང་གལ་ཆེ་ན་དེ་བཀོད་སྒྲིག”གི་བླང་བྱ་གཞིར་བཟུང་། དམིགས་ས་ཡོད་པའི་སྒོ་ནས་གསོ་སྦྱོང་ལས་དོན་སྤེལ་ཏེ་གསོ་སྦྱོང་གི་ནང་དོན་དང་ཏང་ཡོན་ལས་བྱེད་པའི་དགོས་མཁོ་འབྲེལ་མཐུད་ཐུབ་པར་བྱས་པ་རེད།

ད་ཕན་ལོ་ཤས་རིང་། སྨན་གླིང་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི་150ཙམ་བཏང་ནས་རྫོང་ཨུད་ཏང་གི་སློབ་གྲྭའི་བརྒྱུད་ལམ་སྣེ་མང་སློབ་ཁང་དང་དཔེ་དེབ་ཁང་སོགས་བསྐྲུན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་ཁོར་ཡུག་ལེགས་སུ་བཏང་བ་རེད། དེ་དང་ཆབས་ཅིག“ཏང་གི་སློབ་གྲྭ+རྟེན་གཞི+X”བཅས་ཀྱི་བྱེད་ཐབས་སྤྱད་དེ་སློབ་ཁྲིད་ཀྱི་ལག་ལེན་རྟེན་གཞི་བསྐྲུན་པ་དང་སྨན་གླིང་གྲོང་རྡལ་གྱི“ཉི་མ་དམར་པོའི”ཚན་རྩལ་དཔེ་སྟོན་ཁྱིམ་ཚང་གི་ཞིང་ར་སྤྱད་དེ་སློབ་མའི་ཚན་རྩལ་ཕྱུག་འགྱུར་དང་ཐོན་ལས་འབབ་འཕར་གྱི་འདུ་ཤེས་དང་འཇོན་ཐང་ཆེ་རུ་བཏང་བ་རེད།

ད་ཕན་ལོ་གསུམ་རིང་། སྨན་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་སྔ་རྗེས་སུ་ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་2གཉེར་བ་དང་སློབ་མ་མི་ཐེངས་50གསོ་སྦྱོང་བྱས་པ་དང་། ལས་ཁུངས་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3གཉེར་ནས་སློབ་མ་མི་ཐེངས་190གསོ་སྦྱོང་བྱས་པ། ལས་ཁུངས་ཀྱི་ཏང་དོན་ལས་དོན་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་2གཉེར་ནས་སློབ་མ་མི་ཐེངས་140གསོ་སྦྱོང་བྱས་པ། ཏང་ལ་ཞུགས་མཁན་ཧུར་བརྩོན་ཅན་དང་གྲ་སྒྲིག་ཏང་ཡོན་གྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་ནས་སློབ་མ་མི་ཐེངས་380གསོ་སྦྱོང་བྱས་པ། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་2གཉེར་ནས་སློབ་མ་མི་ཐེངས་240གསོ་སྦྱོང་བྱས་པ། ཧྲུའུ་ཅི་དང་པོ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བཅས་གཞི་རིམ་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་ནས་སློབ་མ་མི་ཐེངས་200གསོ་སྦྱོང་བཅས་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་དཔུང་ཁག་གི་ནུས་པ་དང་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་སྟོབས་དང་ལྡན་པའི་རྩ་འཛུགས་དང་དཔུང་ཁག་འགན་ལེན་ཐུབ་པར་བྱས་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
“མཐའ་འཁྱོངས་བདུན”ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བརྩོན་ལེན་བྱེད་པའི”བྱེད་སྒོ་སྤེལ་བ།
ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་སུ་གཞུང་ལས་པའི་ལས་རིགས་ཀུན་སྤྱོད་དང་ནུས་པ་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
སྨན་གླིང་རྫོང་ཨུད་ཏང་གི་སློབ་གྲྭས་དགོས་མཁོའི་སྟོན་ཕྱོགས་ལ་གཞིགས་ནས་གསོ་སྦྱོང་ནུས་པ་ཆེ་རུ་བཏང་བ།