第06版:དམངས་འཚོ། 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  
མཁར་རྩེ་ཤང་དཔེ་སྣང་གྲོང་ཚོར་བཅའ་སྡོད་ལྷུན་གྲུབ་རྫོང་གི་ལས་དོན་རུ་ཁག་གིས།
ཇུས་བཟང་གསུམ་སྤྱད་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཤར་ཚུན། མཁར་རྩེ་ཤང་དཔེ་སྣང་གྲོང་ཚོར་བཅའ་སྡོད་ལྷུན་གྲུབ་རྫོང་གི་ལས་དོན་རུ་ཁག་གིས་དཔེ་སྣང་གྲོང་ཚོའི་རྩྭ་འདེབས་ཕྱུགས་གསོའི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་འཛུགས་སྐྲུན་དང་། སྒྲིག་ཆས་ཚང་སྒྲིག ཁྱད་ལྡན་ཐོན་ལས་བཅས་ཕྱོགས་གསུམ་ལ་དམིགས་ཏེ། ཇུས་བཟང་གསུམ་སྤྱད་ནས་དཔེ་སྣང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

མཉམ་ལས་ཁང་གི་རྩ་འཛུགས་འཛུགས་སྐྲུན་ལ་དམིགས་ཏེ“མཉམ་སྡེབ་ཀྱི་ཐབས་བཟང”ལེགས་པར་སྤྱད་ཅིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དཔེ་སྣང་གྲོང་ཚོའི་རྩྭ་འདེབས་ཕྱུགས་གསོའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་དང་འཐུས་མི་ཡོངས་སྒྲིག་འཛུགས་བྱས་ཏེ་ཆེད་དོན་ཚོགས་འདུ་ཐེངས་གཉིས་སྔ་རྗེས་སུ་འཚོགས་ནས་མཉམ་ལས་ཁང་གི་དོ་དམ་དང་གཉེར་སྐྱོང་སོགས་སྐོར་གྲོས་བསྡུར་རྒྱ་ཁྱབ་བྱས་པ་དང་། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་མ་ཟད། ད་དུང་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཀྱང་གསལ་བཟོ་བྱས་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཁྲིད་སྟོན་འོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ལྷག་པ་ཚེ་རིང་གིས་སྣེ་ཁྲིད་དེ་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་བསྐྱར་དུ་བཙུགས་པ་དང་དེ་ནས་འགན་སེམས་ཆེ་བ་དང་། རིག་གནས་ལྡན་པ། ཐབས་ཤེས་བཟང་བ། ལག་རྩལ་ཤེས་པ། གཉེར་སྐྱོང་མཁས་པ་བཅས་ཀྱི་དུས་རབས་གསར་པའི་ཞིང་འབྲོག་པ་4ལས་འཛིན་ལྷན་ཚོགས་སུ་བཅུག་ཡོད།

མཉམ་ལས་ཁང་གི་སྒྲིག་ཆས་ཚང་སྒྲིག་ལ་དམིགས་ཏེ“འཛུགས་སྐྲུན་གྱི་ཐབས་བཟང”ལེགས་པར་སྤྱད་ཅིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་7ལྷག་ཙམ་གྲབས་གསོག་བྱས་ཏེ་མཉམ་ལས་ཁང་གི་བཟོ་ཁང་རྒྱ་སྐྱེད་བཏང་བ་དང་དེ་བཞིན་ལྷས་ར་དང་། རྩྭ་ཁང་། རྒྱུ་ཆ་འཇོག་ཁང་བཅས་བསྐྲུན་པ་དང་། གཞན་ཡང་མ་དངུལ་སྒོར་ཁྲི་13བརྩོན་ལེན་བྱས་ཏེ་སྡོམ་སྒྲིལ་འཕྲུལ་ཆས་གཅིག་ཉོས་པ། ཡིག་ཐོག་སྙན་ཞུ་ཕུལ་ནས་སྒོར་ཁྲི་23རི་བའི་སྐྱེལ་འདྲེན་རླངས་འཁོར་གཅིག་ཉོས་ཡོད། མིག་སྔར་མཉམ་ལས་ཁང་གི་འཕྲུལ་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་གྲངས་སྒོར་ཁྲི་100ལྷག་ཙམ་ཟིན་གྱི་ཡོད།

མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ“འབབ་འཕར་གྱི་ཐབས་བཟང”ལེགས་པར་སྤྱད་ཅིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ་མཉམ་སྡེབ་ས་ཞིང་གི་སྟེང་དུ་ཡུག་པོ་དང་སྲན་ནག་མཉམ་བསྲེས་མུའུ་400ལྷག་ཙམ་བཏབ་པ་དང་དེ་བཞིན་གཟན་རྩྭ་འདེབས་འཛུགས་དང་སྒོ་ཕྱུགས་གསོ་ཚགས་ཟུང་འབྲེལ་དམ་ཚགས་བྱས་ནས་ས་ལུད་སླར་གསོ་ཡོང་བ་བྱས་པ་ལས་ཞིང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་བྱུང་ལ་སྣོད་བཅུད་ཁོར་ཡུག་ཀྱང་ལེགས་སུ་སོང་ཡོད།

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
བསམ་བློའི་དབུལ་སྐྱོར་ལས་དབུལ་སྒྲོལ་གྱི་ངར་ཤུགས་འཕེལ་བ།
དབུལ་སྒྲོལ་ལ་ཐབས་ཤེས་ཡོད་ལ་འབབ་འཕར་ལ་ཐབས་ལམ་ཡོད་པ།
རང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་དགོས།
ཇུས་བཟང་གསུམ་སྤྱད་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ།