第06版:དམངས་འཚོ། 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  下一篇 4  
རང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་དགོས།
ལི་མེ་དབྱིང་གིས།

མི་ལ་བརྩོན་འགྲུས་ལྡན་འགྱུར་ན། མི་སྒྲུབ་བྱ་བ་ཅི་ཡང་མེད། གནའ་སྔ་མོ་ནས་ད་བར། མིང་གྲགས་ཅན་གྱི་ཕྱུག་པོ་ཚང་མ་འབད་བརྩོན་མ་བྱས་པར་ཕྱུག་པོ་ཆགས་པ་གཅིག་རྐྱང་མེད།

དེ་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་སྐབས་རིམ་ཁག་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་དེ་བས་མཐོང་ཆེན་བྱས་ཏེ། མ་དངུལ་དང་། མི་ཤུགས། སྲིད་ཇུས་སོགས་ཀྱི་མཉམ་ཤུགས་དེ་བས་གཅིག་སྒྲིལ་བྱས་ནས་ཚ་ཚ་འུར་འུར་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བཞིན་ཡོད། ཡིན་ནའང་། ཚང་མས་དངོས་པོའི་དབུལ་སྒྲོལ་གྱི་བརྒྱུད་རིམ་ལ་དོ་སྣང་བྱས་པས། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་རང་འགུལ་མི་འདང་བར་དེ་ལས་ལྡོག་སྟེ་ཞན་དུ་ཕྱིན་ཡོད། དེ་ལྟར་བྱས་རྐྱེན་དབུལ་སྒྲོལ་གྱི་ནུས་པ་མངོན་གསལ་དོད་པོ་མེད་པ་མ་ཟད། ད་དུང་མང་ཚོགས་ཁག་གཅིག་གནས་སྐབས་དབུལ་སྒྲོལ་ཐུབ་རྗེས་སླར་ཡང་དབུལ་ལོག་ཐེབས་སྲིད།

ཟླ་5ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། 《གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོ་བར)》དང《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་དབང་པོ་སྐྱོན་ཅན་དབུལ་པོ་དབུལ་སྒྲོལ་གྱི་བྱ་སྤྱོད་དང་། དབུལ་སྐྱོར་དང་བློ་སྐྱོར་གྱི་བྱ་སྤྱོད་སྤེལ་ནས་དབུལ་སྒྲོལ་གཟི་བརྗིད་ཕྱོགས་སྟོན་དུ་བཟུང་ནས་རང་བཀུར་དང་། རང་གཅེས། རང་འབད་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མང་ཚོགས་དབུལ་པོའི་རང་ངོས་ཀྱི་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

དངུལ་དང་དངོས་པོ་སྤྲད་པ་དེས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལས་ཐག་གཅོད་བྱེད་མི་ཐུབ། རིག་སྐྱོར་དང་བློ་སྐྱོར་བྱས་ཚེ། གཞི་ནས་ལེ་ལོ་དང་སྒྱིད་ལུག་བཅོས་ནས“སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་ཐུབ། དབུལ་པོའི་གནས་ལས་སྒྲོལ་བར་ད་དུང་མང་ཚོགས་དབུལ་པོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། དེ་ཡང་དང་ཐོག རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས་ངལ་ལས་འབབ་འཕར་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ངོས་འཛིན་གཏིང་ཟབ་བྱས་ནས་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་ཀྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་བཅས་ཆེ་རུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུ་དེ་མང་ཚོགས་དབུལ་པོ་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། རང་བརྟེན་དབུལ་སྒྲོལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དམིགས་ཚད་དང་ལས་འགན་ཞིབ་ཕྲ་བཟོས་ནས་སྲིད་ཇུས་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། གཉིས་ནས་གྲོང་ཚོ་དབུལ་པོའི་ལས་བྱེད་པ་དང་མང་ཚོགས་དབུལ་པོར་དྲིལ་བསྒྲགས་དང་། སློབ་གསོ། གསོ་སྦྱོང་བཅས་བྱེད་པའི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་ཤང་གྲོང་དར་རྒྱས་གཏོང་བའི་སྲིད་ཇུས་དང་རྣམ་གྲངས་རབ་དང་རིམ་པ་དྲིལ་བསྒྲགས་བྱེད་པའི་ལས་དོན་ལེགས་པར་བསྒྲུབས་ཏེ། དབུལ་སྒྲོལ་ཕྱུག་འགྱུར་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་མང་ཚོགས་དབུལ་པོའི་གདེང་ཚོད་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་ས་ཁུལ་དང་། རྫོང་ཆུས་ཁག་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གནད་སྨིན་གསལ་འབྱེད་དང་། རྩལ་ནུས་གསོ་སྦྱོང་། ལས་ཞུགས་མཛུབ་ཁྲིད་སོགས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྒྲིག་འཛུགས་མཐུན་སྦྱོར་དང་སྐུལ་འདེད་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་འགན་དང་འགན་འཁྲི་རྫོང་ཤང་གྲོང་ཚོ་གསུམ་ལ་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་ཀྱི་ཐོག་ནས་བྱ་ཐབས་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ཤང་གྲོང་དང་གྲོང་ཚོ(གྲོང་ལྷན)རིམ་པ་གཉིས་ནི་བྱ་ཐབས་དོན་འཁྱོལ་བྱེད་མཁན་གྱི་འགན་འཁྲིའི་བྱེད་པོ་ཡིན་པས། མང་ཚོགས་སྒྲིག་འཛུགས་དང་སློབ་གསོ་དང་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱེད་པའི་འགན་འཁྲི་ནན་ཏན་ངང་འཁུར་དགོས།

(པ་ཚེ་དང་ཚེ་ཁོས་སྒྱུར་ཞུས་བྱས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
བསམ་བློའི་དབུལ་སྐྱོར་ལས་དབུལ་སྒྲོལ་གྱི་ངར་ཤུགས་འཕེལ་བ།
དབུལ་སྒྲོལ་ལ་ཐབས་ཤེས་ཡོད་ལ་འབབ་འཕར་ལ་ཐབས་ལམ་ཡོད་པ།
རང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་དགོས།
ཇུས་བཟང་གསུམ་སྤྱད་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ།