第07版:ཕྱོགས་བསྡུས། 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
下一篇 4  
སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཏང་འཛུཌ་སྐྱོང་ལ་དམ་འཛིན་བྱས་པ།
—— ལྗོངས་ལུས་རྩལ་ཅུས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

ཀྲུང་དབྱང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐབས་ཇུས་བཀོད་སྒྲིག་བཏོན་རྗེས། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཉིད་མིག་སྔ་དང་སླད་ཕྱིན་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ལས་སྒོ་དང་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་དང་ཐུན་མོང་ཡར་རྒྱས་ཡོང་བ་བྱས་པ་རེད།

འཆར་འགོད་གཏིང་ཟབ་བྱས་ཏེ་སློབ་སྦྱོང་སློབ་གསོར“སྤྱི་འདོམས”ངང་སྐུལ་འདེད་བཏང་བ།

ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་ཇུས་གཞི་དང་། གསུང་བཤད་རབ་དང་རིམ་པ། ཡིག་ཆའི་དགོངས་དོན་བཅས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པའི་རྨང་གཞིའི་ཐོག་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཡིས་ཁོངས་གཏོགས་སུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་ལ་ལུས་རྩལ་གྱི་དོན་དངོས་ལ་གཞི་ཚུགས་ནས“སློབ་སྦྱོང་དངོས་དང་། སྒྱུར་བཅོས་དངོས། བེད་སྤྱོད་དངོས”བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གནད་དོན་ལ་གཞིགས་ནས་སློབ་སྦྱོང་དང་། ལས་གནས་ལ་གཞི་ཚུགས་ནས་སློབ་སྦྱོང་། ཐབས་ཤེས་གསར་གཏོད་བྱས་ནས་སློབ་སྦྱོང་བཅས་བྱེད་པ་དང་། “ཞིབ་བཤེར་དྲུག་དང་ཤུགས་སྣོན་དྲུག”དང་། “དམ་འཛིན་གསུམ་དང་མཚོན་པ་གསུམ་དང་། འཛུགས་པ་གཅིག་དང་དར་སྤེལ་གཅིག”བཅས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད།

གོང་དཔེ་འོག་སྟོན་བྱས་ཏེ་སློབ་སྦྱོང་སློབ་གསོ“གཏིང་ཟབ”བྱེད་པའི་ཐད་ཤུགས་སྣོན་བརྒྱབ་པ།

“འདི་ལོ་ནས་བཟུང་། སློབ་སྦྱོང་གི་ཕན་འབྲས་ཟབ་ཏུ་གཏོང་ཆེད། ཅུས་ཏང་ཙུའུ་ཡིས་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་བསམ་བློ་གཏོང་བ་དང་བྱེད་སྟངས་གསར་གཏོད་ལ་ལྕག་སྐུལ་བྱས་ཡོད། ཅུས་སློབ་ཁྲིད་གཞུང་ལས་ཁང་གིས《ལུས་རྩལ་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན》དང《ལྗོངས་ལུས་རྩལ་ཅུས་ཀྱི‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་ངེས་པར་དུ་ཤེས་དགོས་པའི་འགག་རྩའི་ཚིག》གི་དེབ་ཆུང་གནད་བཤུས་དང་། རྩོམ་འབྲི། པར་འགྲེམས་བཅས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞི་དང་། ལྗོངས་སྒྲིག་ཨུད་སྲིད་གཙང་རིག་གནས་འགྲེམས་སྟོན། ‘བསྐྱར་དར་ལམ་བུའི’ལྷ་སའི་འགྲེམས་སྟོན་བཅས་ལ་ལྟ་སྐོར་བྱས་པ། ‘བདུན་གཅིག’སྐབས་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དུ་འཇོག་པ་མ་ཟད། ‘བཟང་པོ་གཉིས་དང་སྔོན་ཐོན་གཅིག’གི་གཟེངས་བསྟོད་ཚོགས་ཆེན་དང‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་དང་དེ་བཞིན་ཤེས་བྱའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གྲ་སྒྲིག་བྱས་པ་དང་ཀྲི་པུའུ་ཁག་ཚང་མས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད”ཅེས་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས།

དངོས་འཛིན་དངོས་སྒྲུབ་བྱས་ཏེ་སློབ་སྦྱོང་སློབ་གསོ“འབད་བརྩོན་ལྷོད་མེད་བྱེད་པའི”ཁྲོད་གཏིང་ཟབ་ཏུ་བཏང་བ།

“ཟུང་འབྲེལ་གསུམ”བརྒྱུད། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལས་བྱེད་ལས་བཟོའི་རང་རྟོགས་ལག་ལེན་ལ་འགྱུར་བ་བྱས་ཡོད། གཅིག་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ལུས་རྩལ་ལས་དོན་གྱི་གཙོ་གནད་ལ་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་དང་། གཉིས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ། གསུམ་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བཅས་བྱས་ཡོད། ཏང་གི་གཙོ་རྐང་ཡིན་པའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་དམ་འཛིན་དང་རྒྱུན་འཁྱོངས་བྱས་ཏེ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་འཛིན་ནས་ལྗོངས་ལུས་རྩལ་ཅུས་ཀྱིས་གཅིག་སྡུད་ཐོག“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བ། ཅུས་ཀྱི་འགོ་ཁྲིད་ཀྱིས་ཁོངས་གཏོགས་ཏང་ཡོན་གྱི་སྣེ་ཁྲིད་ནས་གཞིས་རྩེའི་དིང་རི་རྫོང་དང་ནག་ཆུའི་སྙན་རོང་རྫོང་སོགས་བཅའ་སྡོད་བྱ་ཡུལ་གྲོང་ཚོ་8ཀྱི་འབྲེལ་གཏུག་དུད་ཚང་དུ་བསྐྱོད་དེ“གཉེན་ཉེར་འཚམས་འདྲི”བྱས་ཏེ་འཚམས་འདྲིའི་དངོས་རྫས་དང་དངུལ་བསྡོམས་སྒོར་ཁྲི་15ཙམ་སྤྲད་ཡོད། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་རིག་དངོས་སྒོ་ར་ཆེ་མོར་བསྐྱོད་དེ་འཚམས་འདྲིའི་དངུལ་དང་འཚོ་བའི་མཁོ་ཆས་སྤྲད་པ་མ་ཟད། ཏང་ཡོན་ཡོངས་སྐོང་ཚོགས་བྱས་ནས་ཝ་པ་གླིང་སྡེ་ཁུལ་གྱི་ནད་གཞི་ཕོག་པའི་མང་ཚོགས་བསོད་ནམས་ལྷ་མོར་སྨན་རིན་ཞལ་འདེབས་བརྒྱབ་པ་རེད།

འདི་ལོ་ནས་བཟུང་། ལྗོངས་ལུས་རྩལ་ཅུས་ཀྱིས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་སྤྱི་ཡོངས་ལ་གཞི་ཚུགས་ཏེ་སྟོབས་ཤུགས་གཅིག་སྡུད་ངང་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་དང་། རི་འཛེག ཁོར་ཡུག་སྲུང་སྐྱོང་། རོགས་སྐྱོབ་བཅས་ཀྱི་འབྲེལ་ཡོད་ལས་དོན་ནན་ཏན་ངང་བསྒྲུབས་པ། ལོ་གསར་པར་མཐོ་ཚད་གསར་པར་འཛེགས་པའི་འདུ་ཚོགས་ཆེ་མོ་དང་བོད་ཀྱི་ལོ་གསར་ཚེས་གསུམ་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ངོམས་སྟོན། “6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོར་གྲོང་ཁྱེར་དུ་རྒྱུག་ཤར་གློད་པ། “7·16”དམངས་ཡོངས་རྐྱལ་རྩེད་ལུས་སྦྱོང་གི་ཉིན་མོ། ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་ལས་ཞོར་དྲ་བའི་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་དང་པོ། ལུས་རྩལ་གཞི་རིམ་དུ་སྤེལ་ནས་ལྷུན་གྲུབ་ས་ཚིགས་དང་སྣ་དཀར་རྩེ་ས་ཚིགས་སུ་བསྐྱོད་པ་སོགས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དང་ལུས་རྩལ་སྤྱི་ཕན་བྱེད་སྒོ་སྤེལ་ཡོད། རྩལ་འགྲན་གྱི་འབྲས་བཟང་ཡང་སེ་ཐོན་པ་དང་ལས་རིགས་དང་རྣམ་གྲངས་སྒྲོལ་བའི་ལུས་རྩལ་པ་གདམ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ། སྤེན་པ་ཚེ་རིང་དང་དགེ་ལེགས་ཕུན་ཚོགས“ཀྲུང་གོ་རྟ་རྩལ་ཨོ་རྩལ་འགྲན་ཚོགས་ཀྱི་རུ་ཁག”ནང་ཚུད་པ་དང་། སྟོབས་རྒྱལ་ལ་ཅ་ཁར་ཐའི་རྒྱང་རྒྱུག་འགྲན་བསྡུར་ལ་ཞུགས་པའི་འོས་ཐོབ་རག་པ་དང་། 2018ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེ་མོའི་འགྲན་བསྡུར་གྱི་རིམ་སྤེལ་འགྲན་བསྡུར(ཀྲུའུ་ཀྲོའུ་ས་ཚིགས)དང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་བསྐོའི་འགྲན་བསྡུར་གྱི་སྐྱེས་པའི་སྨི་10000གི་ཨང་དང་པོ་རག་པ། ཚེ་རིང་དགྲ་འདུལ་2018ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་གི་ལེགས་སྐྱེས་འགྲན་བསྡུར་དང་2020ལོའི་ལུའོ་སང་གཞོན་ནུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་བསྐོའི་འགྲན་བསྡུར་གྱི་སྤྱིའི་སྐར་གྲངས་ཀྱི་ཨང་དང་པོར་སླེབས་པ་མ་ཟད། 2020ལོའི་ལུའོ་སང་གཞོན་ནུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་འོས་ཐོབ་རག་པ། ཕུར་བུ་སྒྲོལ་མར་རྒྱལ་ཁབ་བྲག་འཛེག་རུབ་འཛོམས་སྦྱོང་བརྡར་ལ་ཞུགས་པའི་མིང་སྐལ་ཐོབ་པ། འབོག་སན་ལུས་རྩལ་པ་ཁྲེན་ཙེ་ཤིན་ལ་2018ལོའི་རྒྱལ་ཡོངས་འབོག་སན་ལེགས་སྐྱེས་འགྲན་བསྡུར(ཁྲུང་ཆིང་ས་ཚིགས)གྱི་སྤྱི་རྒྱ་49ཡི་ཨང་དང་པོ་རག་པ། སྒྲོལ་མ་ལྷ་དཀར་ལ་རྒྱལ་ཡོངས་U17གྱི་བུད་མེད་ཀྱི་རང་མོས་སྦེ་གའི་ལེགས་སྐྱེས་འགྲན་བསྡུར་གྱི་སྤྱི་རྒྱ་61གི་ཨང་དང་པོ་རག་ནས་ལུས་རྩལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས“‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད། ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། ལུས་རྩལ་ཅུས་ཁོངས་གཏོགས་ཀྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་པ། གནད་དོན་སྔར་བས་བཙལ་འཚོལ་དང་ཁ་ཕྱོགས་གསལ་སྟོན་བྱས་པ། དད་སེམས་སྔར་བས་བརྟན་དུ་ཕྱིན་ནས་ལས་བྱེད་པའི་ཟུངས་ཤུགས་འཕེལ་ཡོད”ཅེས་བཤད།

(བསྟན་བློས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
སེམས་ནུས་གཅིག་ཏུ་བསྒྲིལ་ནས་ཏང་འཛུཌ་སྐྱོང་ལ་དམ་འཛིན་བྱས་པ།
སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་གསོ་སྦྱོང་ལས་འགན་ཧུར་ཐག་ཁུར་བ།
འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་དོ་སྣང་བྱེད་དགོས་པའི་སྐོར་གླེང་བ།