第06版:དམངས་འཚོ། 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
下一篇 4  
བསམ་བློའི་དབུལ་སྐྱོར་ལས་དབུལ་སྒྲོལ་གྱི་ངར་ཤུགས་འཕེལ་བ།
—— རང་ལྗོངས་ཀྱི་བསམ་བློའི་དབུལ་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལྟེ་བའི་དྲན་སྐུལ།

མིར་སྙིང་སྟོབས་མེད་ན་གཟེངས་སུ་ཐོན་མི་སྲིད་པ་དང་རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་ཆེར་འགྲོ་མི་ཐུབ། བསམ་བློའི་གནད་དོན་ཡག་པོ་བསལ་ཚེ། གཞི་ནས་དབུལ་པོ་ལས་སྒྲོལ་བའི་ནང་སྐྱེས་སྒུལ་ཤུགས་དངོས་འབྲེལ་འདོན་སྤེལ་བྱེད་ཐུབ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་དབུལ་སྐྱོར་གྱི་ལས་དོན་ལ་མཐོང་ཆེན་དང་། དྲིལ་བསྒྲགས་ཁྲིད་སྟོན་ཤུགས་ཆེན། དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་འབྲེལ་ལ་མཐོང་ཆེན་བཅས་བྱས་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་ཀྱི་སྒུལ་ཤུགས་དང་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

དབུལ་སྐྱོར་གྱི་སྔོན་ལ་བློ་སྐྱོར་བྱས་པ།

“རང་ཉིད་ཀྱི་ལག་གཉིས་དང་བློ་གྲོས་ལ་བརྟེན་ནས་རང་སྟོབས་རང་འཕེལ་མཐའ་འཁྱོངས་བྱེད་པ་དང‘ལས་གཏོད་མཁན་ཡག་ཤོས’ཧུར་ཐག་བྱས་ན། གཞི་ནས་བདེ་སྐྱིད་ཀྱི་འཚོ་བ་ཡུན་རིང་ཡོང་ཐུབ”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གྲོ་སྙེ་ཞིང་ལས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཚེ་རིང་ཆོས་སྒྲོན་གྱིས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དབུལ་ཡང་བློ་སྟོབས་མི་ཉམས་པ་དང་དབུལ་སྐྱོར་གྱི་སྔོན་ལ་བློ་སྐྱོར་བྱེད་དགོས་པའི་ནན་བཤད་ཐེངས་མང་གནང་ཡོད། “དབུལ་སྐྱོར་གྱི་སྔོན་ལ་བསམ་བློའི་དབུལ་སྐྱོར”བྱས་ནས་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། བསམ་བློར་འགྱུར་ལྡོག་གཏོང་བ། ངར་ཤུགས་འཕེལ་བ་བཅས་བྱས་ཚེ། རང་ངོས་ཀྱི་འབད་བརྩོན་དང་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་གཉིས་མཉམ་དུ་ནུས་པ་ཐོན་ནས་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་ཐུབ།

དབུལ་སྒྲོལ་གྱི་སྔོན་ལ་བློ་སྐྱོར་བྱེད་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི“སྒུག་བརྟེན་སློང་གསུམ”གྱི་བསམ་བློར་དམིགས་ནས་རང་ལྗོངས་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས“དབུལ་སྐྱོར་གྱི་སྔོན་ལ་བློ་སྐྱོར་བྱེད་པ”ལས་འགན་ཨང་དང་པོར་བརྩི་བ་དང་། དུས་བཀག་ནང་དུད་ཚང་དུ་འཚམས་འདྲིར་བསྐྱོད་པ་དང་ཆ་སྒྲིག་རོགས་སྐྱོར་གྱི་བྱ་ཐབས་བརྒྱུད་ཁོང་ཚོར“ལས་བརྩོན་ནི་གཟི་བརྗིད་དང་སྒྱིད་ལུག་ནི་ཞེ་ཁྲེལ”གྱི་བསམ་བློའཆང་བའི་སློབ་གསོ་བཏང་བ། ཧྲུའུ་ཅི་ཨང་དང་པོ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི་ཏང་ཀྲི་པུའུ་བཅས་ཀྱི་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་པ། དུད་ཚང་མི་རེ་ངོ་རེར་སྒྲོག་འགྲེལ་བྱས་པ། མང་ཚོགས་དབུལ་པོའི་གཞན་འགུལ་དང་། གཞན་བརྟེན། གཞན་ལ་ལྟ་བ་བཅས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་པ། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་དབུལ་པོར་ཐབས་ལམ་འཚོལ་རོགས་དང་བྱ་ཐབས་སྟོན་རོགས་བྱས་པ། གཅིག་སེམས་གཅིག་སྦྲེལ་དང་ངོ་འཕྲད་གདོང་ཐུག་ངང་བསམ་བློའི་སྤེལ་རེས་བྱས་ནས་ཁོང་ཚོའི་དབུལ་སྒྲོལ་ཐུབ་པའི་ཡིད་ཆེས་བརྟན་དུ་བཏང་ཡོད།

དྲིལ་བསྒྲགས་བྱེད་པའི་ཐད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལོ་གཉིས་ལྷག་ཙམ་སྤེལ་རིང་རང་ལྗོངས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ཉེ་འགྲམ་གྱི་མི་དང་བྱ་བར་བརྟེན་ནས་མང་ཚོགས་དབུལ་པོའི་ཕྱུག་འགྱུར་གྱི་བསམ་པ་སྐྱེད་སྲིང་བྱས་ཏེ་དབུལ་སྒྲོལ་དེ་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་བ་བྱས་ཡོད། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི“བསྡུར་སྦྱོང་སྙེག་རོགས་བརྒལ”གྱི་བྱེད་སྒོ་སྤེལ་བར་བརྟེན་ནས། “ཁྱིམ་མཚེས་དབར་འགྲན་བསྡུར”དང་།“སྔོན་ཐོན་ལ་སྙེག་པ” “དུད་སྦྲེལ་རོཌ་རེས” “ཕྱུག་འགྱུར་ཚད་བརྒལ”བཅས་དང་། ཞན་ཆ་འཚོལ་བ་དང་། ཧེ་བག་འཚོལ་བ། རྩལ་ནུས་འགྲན་པ། འབབ་འཕར་འགྲན་པ། ལས་ཀའི་སྙིང་སྟོབས་འགྲན་པ་བཅས་བརྒྱུད། གཅིག་རྗེས་གཅིག་སྙེག་དང་ཕྱུག་འགྱུར་གཟི་བརྗིད་ཀྱི་རྣམ་པ་ཡག་པོ་ཞིག་བཏོད་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་སུ“བསྡུར་སྦྱོང་སྙེག་རོགས་བརྒལ”གྱི་བྱ་དགའ་བཀོད་སྒྲིག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ལས་རྗེས་ལེགས་པའི་ཕུལ་བྱུང་མི་སྣ་དང་། ཁྱིམ་ཚང་། མཉམ་སྡེབ་བཅས་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པ་རེད།

དབུལ་སྐྱོར་ཐད་ངེས་པར་དུ་རིག་སྐྱོར་བྱས་པ།

གསོ་སྦྱོང་ནི་རིག་སྐྱོར་གྱི་ཆེས་ནུས་ལྡན་གྱི་ཐབས་ལམ་ཞིག་རེད། རང་ལྗོངས་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས་རྫོང་རིམ་པས་སྒྲིག་འཛུགས་དང་འགན་འཁུར་བ་དང་། དུས་ཚོད་གཏན་འཁེལ་། མངག་ཐོའི་གནས་གཏན་འཁེལ། དགེ་སློབ་སློབ་ཁྲིད། དངོས་སྦྱོང་གསོ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ་ལས་རིགས་སློབ་གྲྭ་དང་། ལས་ཞུགས་ཁེ་ལས། ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ལ་བརྟེན་ནས་ངལ་རྩོལ་ནུས་པ་ལྡན་པའི་དབུལ་པོར་དེང་རབས་ཀྱི་འདེབས་འཛུགས་གསོ་ཚགས་དང་། ཁྱིམ་ལས་ཞབས་ཞུ། ཡུལ་སྐོར་ཞབས་ཞུ། ལག་ཤེས་བསླས་འཐག འཁོར་རིགས་ཉམས་བཟོ། ཁ་ལོ་བ། ཨར་ལས་སོགས་རིགས་ཁག་གི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པའི་རྩལ་ནུས་དཔང་ཡིག་ཐོབ་པ་བྱས་ནས་མང་ཚོགས་དབུལ་པོར་ལག་རྩལ་སྣ་གཅིག་བྱང་ཆུབ་པ་བྱས་པ་རེད།

ལོ་གཉིས་རིང་དབུལ་པོ་ཁྲི་9.2གསོ་སྦྱོང་བྱས་པ་དང་མི་ཁྲི་8.1ལས་ཞུགས་གཞན་སྒྱུར་བྱས་ཡོད། དེ་དང་ཆབས་ཅིག“ནང་འདྲེན”དང“ཕྱིར་སྐྱོད”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་འདེབས་འཛུགས་གསོ་ཚགས་ཁེ་ལས་80ལྷག་ཙམ་དང་འདེབས་འཛུགས་གསོ་ཚགས་དུད་ཆེན་དང་ཕྱུག་འགྱུར་འཇོན་ཐང་ཅན་200ལྷག་ཙམ་ནང་འདྲེན་བྱས་པ་དང་། ལག་རྩལ་སྣ་གཅིག་བྱང་ཆུབ་པའི་ནང་སའི་མང་ཚོགས་1000ལྷག་ཙམ་དང་ཡུལ་དེའི་མང་ཚོགས་3000ལྷག་ཙམ་དབར་ཆ་སྒྲིག་ཐུབ་པ་བྱས་ཏེ་མང་ཚོགས་དབུལ་པོར་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་པ་དང“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་བྱས་པར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་རེད།

ལས་གཏོད་ལས་ཞུགས་ལ་སེམས་ཁྲལ་མེད་པ།

ལས་ཞུགས་ནི་དམངས་འཚོའི་གནད་དོན་ཆེ་ཤོས་ཤིག་རེད། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་མང་ཚོགས་དབུལ་པོ་སྒྲིག་འཛུགས་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་དང་། གཞུང་ཁོངས་ཁེ་ལས་སུ་ལས་ཞུགས། ཁ་གཏད་བོད་སྐྱོར་ཐབས་ལམ་སྤྱད་དེ་བོད་སྐྱོར་ལས་ཞུགས་སོགས་ཀྱི་བྱ་ཐབས་སྤྱད་ནས་མང་ཚོགས་དབུལ་པོ་མགྱོགས་མྱུར་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་པ་དང་ལས་ཞུགས་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་ངོ་མ་སྤེལ་བ་དང་བྱ་ཐབས་སྣ་མང་སྤྱད་ནས་དམངས་འཚོའི་གནད་དོན་ཆེ་ཤོས་དེ་ཐག་གཅོད་བྱས་པ་རེད།

ཁྲིམས་ལྟར་བཙུགས་པའི་ཞིང་འབྲོག་པའི་མཉམ་ལས་ཁང་དང་ཕྲན་ཚེགས་ཁེ་ལས་སུ་ལས་ཞུགས་དང་། གཉེར་སྐྱོང་བྱེད་པོར་ལས་ཞུགས་ཐུབ་ཚད་མི་3ཡན་ཟིན་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་རིང་མི་འབོར་དབུལ་པོའི་ལས་གནས་ཀྱིས་སྤྱིའི་ལས་འབོར་མི་སྤྱོད་ཀྱི་10%ཡན་ཟིན་པ། ཀྲུང་དབྱང་ཁེ་ལས་ཀྱིས་ལོ་ལྟར་རོགས་སྐྱོར་དང་ལེན་ས་ཁུལ་ལ་ངལ་ནུས་ཕྱིར་གཏོང་ལས་གནས་3000ཡན་མཁོ་འདོན་བྱས་པ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ཐོན་ཁུངས་གསར་སྤེལ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གནས་ཡུལ་གྱི་མི་འབོར་དབུལ་པོར་བསྡུར་གྲངས་10%ཡི་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ངལ་རྩོལ་ནུས་ཤུགས་ལྡན་པའི་ཁྱིམ་ཚང་དབུལ་པོ་ནས་ཉུང་མཐར་ཡང་མི་1ཀྲུང་དབྱང་ཁེ་ལས་སུ་ལས་ཞུགས་ཐུབ་པ་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་པ་ལ་སོགས་རེད།

མི་འབོར་དབུལ་པོའི་ལས་གཏོད་ལ་གཟིགས་བཟོས་དང་རོགས་སྐྱོར་བྱེད་པའི་ལམ་ལུགས་ཐད་རང་ལྗོངས་ལའང་ལྕག་སྐུལ་ལམ་སྲོལ་ཡོད་ཅིང་། སྲིད་གཞུང་གིས་མ་རྩ་བཏང་མེད་པའི་ས་ཆ(ཁྲོམ་བཀྱག)བོགས་མར་བླངས་ཏེ་རང་བརྟེན་ལས་གཏོད་བྱས་ནས་གཏན་འཇགས་གཉེར་སྐྱོང་ཟླ་6ཡན་བྱས་པའི་མི་འབོར་དབུལ་པོར་ལོ་ལྟར་མང་ཤོས་ལ་སྒོར་ཁྲི་1.2ལས་མ་བརྒལ་བའི་གཉེར་སྐྱོང་བྱ་ཡུལ་གྱི་བོགས་གླ་དང་ཆུ་རིན་དང་གློག་རིན་གྱི་ཁ་གསབ་སྤྲད་པ་དང་ཁ་གསབ་དུས་ཚད་རིང་ཤོས་ལ་ལོ་3ལས་མི་བརྒལ་བ་བྱས་ཡོད། ལས་ཞུགས་མི་གྲངས་3ཡན་ཟིན་པ་མ་ཟད་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་པ་དང་སྤྱི་ཚོགས་ཀྱི་འགན་བཅོལ་བསྐྱལ་ཏེ་ཆ་རྐྱེན་ངེས་ཅན་འཛོམས་པར་སྒོར་ཁྲི་2དང་། ཁྲི་3 ཁྲི་5བཅས་ཀྱི་ལས་གཏོད་གཟིགས་བཟོས་བྱ་དགའ་སྤྲད་ཡོད།

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
བསམ་བློའི་དབུལ་སྐྱོར་ལས་དབུལ་སྒྲོལ་གྱི་ངར་ཤུགས་འཕེལ་བ།
དབུལ་སྒྲོལ་ལ་ཐབས་ཤེས་ཡོད་ལ་འབབ་འཕར་ལ་ཐབས་ལམ་ཡོད་པ།
རང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་དགོས།
ཇུས་བཟང་གསུམ་སྤྱད་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ།