第03版:03 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  下一篇 4  
—— ཡུལ་མིའི་སྤུས་རྟཌ་འགྲུལ་ཁང“བདེ་སྐྱིད་ལྡན་པའི་བོད་ཁྱིམ”གཉེར་བའི་སྐོར་གྱི་ཟུར་བྲིས།
བདེ་སྡོད་ལས་གྲྭས་ཕྱུག་འགྱུར་ལམ་བུ་བཏོད་།

ཡུལ་མིའི་སྤུས་རྟགས་འགྲུལ་ཁང“བདེ་སྐྱིད་ལྡན་པའི་བོད་ཁྱིམ”དུ་སྐྱོད་སྐབས། གསར་འགོད་པས་ངོ་ཚ་སྨིན་པའི་བུ་མོ་ཞིག་གིས་ཕོར་ཆས་སྒྲིག་གཤོམ་བྱེད་བཞིན་པ་མཐོང་བྱུང་། “ད་ཆ་ང་ཕྱིར་གླ་པ་རྒྱུག་པར་འགྲོ་མི་དགོས་པའི་ཁར། ཕ་མ་དང་ཕྲུ་གུ་ལའང་ལྟ་རྟོག་བྱེད་ཐུབ་པས་ཧ་ཅང་དགའ་པོ་འདུག གཟིགས་དང་། ཕ་གི་ནི་ང་ཚོའི་ཁྱིམ་ཚང་རེད”ཅེས་ཡུལ་མིའི་སྤུས་རྟགས་འགྲུལ་ཁང“བདེ་སྐྱིད་ལྡན་པའི་བོད་ཁྱིམ”གྱི་ལས་དོན་པ་སྒྲོལ་མས་དེ་ལྟར་བཤད།

སྒྲོལ་མས་སྣེ་ཤན་པ་བྱས་ཏེ་གསར་འགོད་པ་ཁོང་གི“ཁྱིམ”ལ་ལྟ་བར་ཁྲིད་བྱུང་། དེར་སྒོ་ར་གུ་ཡངས་ཤིང་ཁང་མིག་དཀར་ཆ་དོད་ལ་ཁང་པའི་ནང་འཛིན་ཆས་གསར་རྐྱང་སྒྲིག་གཤོམ་བྱས་ཡོད་པ་མ་ཟད། འགྲམ་དུ་སྒྲོམ་སྟེགས་ཤིག་བཙུགས་པའི་ནང་ཕྲེང་བ་དང་རྒྱན་ཆ་སོགས་བཞག་པ་དག་དེ་གར་སྡོད་མཁན་འགྲུལ་པར་འཚོང་གི་ཡོད།

“ང་ཚོ་ཚང་མ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་གི་རྣམ་པ་གྲོང་ཚོ་ནས་འབྲོག་མ་གྲོང་ཚོར་གནས་སྤོས་བྱས་པ་ཡིན། སྔོན་མ་གུ་དོགས་པའི་ཁང་པ་ཐོག་གཅིག་མར་སྡོད་ཀྱི་ཡོད་ཀྱང་། ད་ཆ་སྲིད་གཞུང་གིས་ཁང་པ་སྐྱིད་པོ་འདི་འདྲར་སྤོ་རུ་བཅུག་ནས་ཉིས་ཐོག་གི་ཁང་པ་དེ་དག་འགྲུལ་ཁང་བྱས་པས། ཟླ་རེར་ཡོང་འབབ་དངུལ་སྒོར་སྟོང་ཕྲག་ཁ་ཤས་ཡོང་གི་འདུག་ལ་ལོ་མཇུག་ཏུ་བགོ་འགྲེམས་ཀྱང་ཡག་པོ་འདུག”ཅེས་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།

ཡུལ་མིའི་སྤུས་རྟགས་འགྲུལ་ཁང“བདེ་སྐྱིད་ལྡན་པའི་བོད་ཁྱིམ”གྱིས་བོད་རིགས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ནས“སྟེང་ཤོད་ལ་འགྲུལ་ཁང་དང་ཁྱིམ་ཚང་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ། “འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་ཁང་པར”སྒྱུར་བཅོས་རིམ་སྤོར་བྱས་ནས་ཁེ་སྤོགས་མཉམ་དུ་སྤྱོད་པའི་གྲོང་མིའི་སྡོད་ཁང་གསར་པ་ཞིག་བསྐྲུན་པ་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མི་སེར་ལ་འབབ་འཕར་ཡོང་བར་སྐུལ་མ་བཏང་བས། “སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱུང་ཡོད།

“ད་ཆ་ང་ཚོའི་ཡུལ་མིའི་སྤུས་རྟགས་འགྲུལ་ཁང‘བདེ་སྐྱིད་བོད་ཁྱིམ’”ལ་ལས་མི་44ཡོད་པ་ལས་ས་གནས་དེ་རང་གི་བོད་རིགས་ལས་མི་37ཡོད་ལ། བོད་རིགས་སློབ་གྲྭ་ཆེ་མོ་བ་4ལ་སྣེ་ཁྲིད་བྱས་ནས་ལས་ཞུགས་ཐུབ་ཡོད། ཉེ་དུས་ཀྱི་དུས་ཚིགས་དང་པོའི་ཚོང་གཉེར་བགོ་འགྲེམས་ལ་འགྲུལ་ཁང་གཉེར་བའི་ནང་ཞུགས་པའི་ཡུལ་གཞན་དུ་གནས་སྤོས་ཡུལ་མི་ཐེམ་དུད་རེར་སྒོར་2050བྱུང་བ་མ་ཟད། ཡུལ་མིའི་སྤུས་རྟགས་འགྲུལ་ཁང‘བདེ་སྐྱིད་ལྡན་པའི་བོད་ཁྱིམ’གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱང་སྤྱོད་འགོ་ཚུགས་ནས་ཡུལ་སྐོར་བའི་ལྟེ་གནས་དང་། མངོན་མིན་རིག་གནས་ཤུལ་བཞག་དང་གླིང་གཏོང་མྱོང་རོལ་བྱ་ཡུལ་སོགས་ཀྱང་བཙུགས་པས། འབྲོག་མ་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་སྒྲིག་བཀོད་སྔར་བས་ལེ་ལག་ཚང་བར་གྱུར་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཏེ་གནས་སྤོས་མི་སེར་ལ་འབབ་འཕར་ཕྱུག་འགྱུར་བྱུང་ཡོད”ཅེས་ཡུལ་མིའི་སྤུས་རྟགས་འགྲུལ་ཁང“བདེ་སྐྱིད་བོད་ཁྱིམ”གྱི་ལས་གཉེར་སྤྱི་གཉེར་བ་གཞོན་པ་ཅང་ཞའོ་ལིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
“ལྷ་ས་ནི་ངའི་ཕ་ཡུལ་གཉིས་པ་ཡིན་”
འཐག་རྩལ་འགྲན་པ།
དྲ་ཐོག་ཚོང་དོན་གྱིས་དམངས་ལ་ཕན་བདེ་བསྐྲུན་པ།
ལོ་ལེགས།
བདེ་སྡོད་ལས་གྲྭས་ཕྱུག་འགྱུར་ལམ་བུ་བཏོད་།
ལོ་ཐོའི་ཟླ་བཤད་ཀུན་གསལ་མ།