第05版:གསར་འགྱུར་ད་ལྟ་བ41/2018-11/09/05/2018110905_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
标题导航
གྲོ་མོ་གཙང་འགྲམ་ནས་ཏང་གི་བཀའ་དྲིན་གླེང་བ།
“ང་དང་སྒྱུར་བཅོས་སྒོ་དབྱེའི་ལོ་40”ཡི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།
ལུས་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།
ཏང་ཡོན་གྱི་ལས་ཀའི་ཕན་འབྲས་མིག་མཐོང་ལག་ཟིན་ཡོང་རྒྱུར་སྐུལ་འདེད་བཏང་བ།
པ་སྣམ་རྫོང་གིས“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
下一篇 4  
གྲོ་མོ་གཙང་འགྲམ་ནས་ཏང་གི་བཀའ་དྲིན་གླེང་བ།

སྟོན་དུས་སུ་དུས་རྒྱུན་ལས་ས་རུབ་མགྱོགས་པ་དང་གྲོ་མོ་གཙང་འགྲམ་གྱི་ཤར་གསིང་མ་གྲོང་རྡལ་གྲོ་རྒྱུད་གྲོང་ཚོ་ཨུ་ལྷན་དུ་གློག་འོད་ཁྲ་ཆེམ་ཆེམ་ཡིན་པ་དང་། ས་ཐག་རིང་པོ་ནས་ཁོང་ཚོའི་སྐད་སྒྲ་དང་དགོད་སྒྲ་ཐོས་རྒྱུ་འདུག ནང་ལ་འཛུལ་ནས་ལྟ་སྐབས་མི་ཚང་མ་གྲོས་བསྡུར་འཁྲུག་པོ་བྱས་ནས་བསྡད་ཡོད་པ་རེད།

ཟླ་10ཚེས་22ཉིན་གྱི་དགོང་མོར། གྲོ་རྒྱུད་གྲོང་ཚོའི“ཏང་གི་སྲིད་ཇུས་ཁྲིད་སྦྱོང་ཁང”གི་སློབ་ཚན་དང་པོ་དངོས་སུ་འགོ་ཚུགས་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་། མཐའ་མཚམས་ལ་གཞི་ཚུགས་པ། མཐའ་མཚམས་ལ་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་ཞིག་རེད”ཅེས་ལོ་74ལ་སླེབས་པའི་གྲོ་རྒྱུད་གྲོང་ཚོའི་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་རྒྱལ་པོས《ང་དང་སྒྱུར་བཅོས་སྒོ་དབྱེའི་ལོ་40ཡི་གཏམ་རྒྱུད》འགོ་བརྗོད་དུ་བྱས་ཏེ་རང་ཉིད་ཀྱི་མྱོང་བ་དངོས་ནས་བོད་གསར་རྙིང་བསྡུར་བ་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་གྲོང་ཚོའི་རྣམ་པ་གསར་པ་བརྗོད་པ་རེད།

“ངས་ཚང་མར་རྩིས་ཤིག་བརྒྱབ་ཡོད། ལོ་འདི་དག་ནང་ང་ཚོ་མཐའ་མཚམས་མང་ཚོགས་ལ་ཁ་གསབ་དངུལ་དེ་སྔའི་སྒོར1700ནས་སྒོར་2700བར་འཕར་ཡོད། གོ་ཐོས་ལ་འདི་ལོ་ད་དུང་སྒོར་3700བར་སྤར་རྩིས་འདུག མ་ཟད་འགན་ལེན་ལྔའི་དུད་ཚང་གི་འཚོ་རྟེན་གྲོན་དངུལ་ལོ་རེར་སྒོར་4940ཡོད་པ་དང་། ད་དུང་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་སོགས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་ནས་ཡག་པོ་འདུག དེས་ང་ཚོའི་སེམས་ཁྲལ་ཚང་མ་བསལ་སོང་། ད་ཆ་ང་ཚོ་གྲོ་མོ་རྫོང་དབུལ་པོའི་གནས་ལས་བསྒྲལ་ཟིན་པས་སླད་ཕྱིན་གྱི་འཚོ་བ་སྐྱིད་པོ་ཡོང་ངེས་རེད”ཅེས་བསྟན་འཛིན་རྒྱལ་པོས་ཡིད་ཆེས་ཆེན་པོས་བཤད།

“འདི་དག་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་རེད། མི་ཚེ་ཕྱེད་ཀ་ལྷག་ཙམ་རིང་ངས་ཚང་མ་ཧ་གོ་སོང་། ཆོས་ལ་དད་པ་ག་ཚོད་བྱས་ཀྱང་། བདེ་སྐྱིད་འཚོ་བ་འཐོབ་མི་སྲིད། དེ་ལས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཚེ། གཞི་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ། ལོ་གཉིས་ནང་། ང་ཚོས་སྒྲོག་འགྲེལ་སྣ་ཚོགས་ཉན་པས་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་བོད་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་སྔར་བས་ཤེས་རྟོགས་བྱུང་བས་ང་ཚོའི་སེམས་ལ་གདེང་ཚོད་ཡོད་ལ་སླད་ཕྱིན་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་སོང་། ད་ཆ་གྲོང་ཚོར་ཏང་གི་སྲིད་ཇུས་ཁྲིད་སྦྱོང་ཁང་བཙུགས་ཡོད་པས་ང་གཅིག་པུ་མིན་པར་ད་དུང་ངའི་བུ་ཕྲུག་ཀྱང་དེར་སློབ་སྦྱོང་བྱེད་པར་འགྲོ་མཁན་རེད”ཅེས་ལོ་74ལ་སླེབས་པའི་ལྷ་འཛིན་གྱིས་མུ་མཐུད་བཤད།

ཁོང་གིས་བཤད་ཚར་མ་ཐག་ལོ་65ལ་སླེབས་པའི་གྲོང་མི་སངས་རྒྱས་རྡོ་རྗེས“ང་ཚོས་ཏང་གི་བཀའ་དྲིན་འཇལ་བར་དང་ཐོག་གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ལ། ད་དུང་མཐའ་མཚམས་མང་ཚོགས་ཀྱི་ལེགས་ཆ་བཏོན་ནས་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཡག་པོ་སྲུང་དགོས”ཞེས་བཤད།

ཏང་ཡོན་རྒན་གྲས་དང་། ཕྱུག་འགྱུར་འཇོན་ཐང་ཅན། སློབ་ཆེན་ཐོན་པའི་སློབ་མ། ཕྱིར་གླ་པར་འགྲོ་མཁན། གྲོང་ཚོའི་ལས་བྱེད་པ་སོགས་ལས་རིགས་ཁག་མི་སྣ་ཚང་མ་སློབ་ཚན་དེར་ཞུགས་པ་དང་ཚང་མས་ཕན་ཚུན་སྤེལ་རེས་བྱས་ཏེ་མྱོང་བ་གླེང་བ་དང་། ཐབས་འདོན་པ། མ་འོངས་ལ་འཆར་འགོད་སོགས་བྱས།

གྲོ་མོ་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཕུའུ་ཞའོ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར“ཏང་གི་སྲིད་ཇུས་ཁྲིད་སྦྱོང་ཁང”རྫོང་ཡོངས་སུ་ཁྱབ་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སློབ་གྲྭ་ཆེན་པོར་འགྱུར་བར་བརྩོན་ལེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་རྒྱ་ཁྱབ་ངོས་འཛིན་ཆགས་པར་བྱེད་པ་དང་། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་བོད་ཀྱི་ལས་དོན་གང་ལེགས་སྒྲུབ་པའི་དྲང་ནུས་ཆེན་པོ་གཅིག་ཏུ་འགྲིལ་བར་བྱ་རྒྱུ་ཡིན་པ་རེད།

ས་རྦད་དེ་རུབ་པ་དང་བསྟུན་ནས་གནམ་གཤིས་གྲང་དུ་སོང་ནའང་། གྲོ་རྒྱུད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་སྤྲོ་སེམས་ཉམས་པ་མེད་པར་གྲོས་བསྡུར་སྔར་བས་འཁྲུག་པོ་བྱུང་ནས་དགའ་སྣང་འཕེལ་ཁར་ཁང་པའི་ནང་སོས་ཀའི་དུས་བཞིན་སྔར་བས་དྲོ་སྐྱིད་ལྡན་པ་ཞིག་ཏུ་སྣང་།

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
གྲོ་མོ་གཙང་འགྲམ་ནས་ཏང་གི་བཀའ་དྲིན་གླེང་བ།
“ང་དང་སྒྱུར་བཅོས་སྒོ་དབྱེའི་ལོ་40”ཡི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།
ལུས་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།
ཏང་ཡོན་གྱི་ལས་ཀའི་ཕན་འབྲས་མིག་མཐོང་ལག་ཟིན་ཡོང་རྒྱུར་སྐུལ་འདེད་བཏང་བ།
པ་སྣམ་རྫོང་གིས“གྲོང་སྡོད་ཁྲིམས་དཔོན་ལས་དོན་ཁང”བཙུགས་པ།