第03版:03 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
3 上一篇  下一篇 4  
དྲ་ཐོག་ཚོང་དོན་གྱིས་དམངས་ལ་ཕན་བདེ་བསྐྲུན་པ།
—— དཔལ་མགོན་རྫོང་གི་དྲ་ཐོག་ཚོང་དོན་འཕེལ་རྒྱས་སྐོར་གྱི་ཟུར་བྲིས།

དཔལ་མགོན་རྫོང་ཕུ་བུ་གྲོང་རྡལ་གྱི་གྲོང་མི་བསམ་བསྟན་གྱིས་ཞོགས་པ་སྔ་པོ་ནས་གྲོང་ཚོའི་དྲ་ཐོག་གཉེར་སྐྱོང་ལྟེ་གནས་སུ་ཡོང་སྟེ་དྲ་ཐོག་ནས་གྱོན་ཆས་ཤིག་ཉོ་དགོས་སྙམ་ཡང་རང་ཉིད་ཀྱིས་བཀོལ་སྤྱོད་བྱེད་སྟངས་མི་ཤེས་སྟབས། གྲོང་རྡལ་གྱི་དྲ་ཐོག་གཉེར་སྐྱོང་ལྟེ་གནས་ས་ཚིགས་ཀྱི་ཀྲན་ཀྲང་ཉི་ཤར་ལ་རོགས་པ་བྱེད་རོགས་ཞེས་བཤད། ཉི་ཤར་གྱིས“ད་ཆ་ཉིན་ལྟར་ང་ཚོའི་སར་གྲོང་རྡལ་གྱི་གྲོང་མི་མང་པོ་ཡོང་ནས་ཁོ་ཚོས་དྲ་ཐོག་ནས་ཅ་ལག་སྣ་ཚོགས་ཉོ་གི་འདུག”ཅེས་བཤད།

2015ལོའི་ཟླ་7པར། དཔལ་མགོན་རྫོང་ཉིད་ཚོང་དོན་པུས་རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཀྱི་དཔེ་སྟོན་རྫོང་ལ་གཏན་འཁེལ་བྱས་ཚུན། དཔལ་མགོན་རྫོང་གི་ཁྱད་ལྡན་ཐོན་རྫས་མང་དག་ཅིག་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད། ཕྱིར་བཙོངས་པས་ཡུལ་དེའི་མང་ཚོགས་ཀྱིས་དྲ་ཐོག་ཉོ་སྒྲུབ་ཀྱི་སྟབས་བདེ་དང་ཕན་པ་དངོས་སུ་ཚོར་ཐུབ་ཡོད། གཞན་ཡང་། བསམ་གཏན་དང་འདྲ་བར་དྲ་ཐོག་ནས་ཉོ་སྒྲུབ་བྱེད་མི་ཤེས་པའི་མི་མང་པོ་ཡོད་ཀྱང་ཉེ་འགྲམ་གྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་སུ་ཡོང་ན་ལས་དོན་པས་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད།

ལོ་24ལ་སླེབས་པའི་དཔལ་སྐྱིད་སྒྲོལ་མ་ནི་ཕུ་བུ་གྲོང་རྡལ་དྲ་ཐོག་ཚོང་དོན་གཉེར་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ཞིག་ཡིན་ཞིང་། 2016ལོའི་ལོ་མཇུག་ཏུ། ཁོང་གིས་དཔལ་མགོན་རྫོང་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་གསོ་སྦྱོང་ཁང་དུ་བསྐྱོད་པ་ནས་བཟུང་ལས་གནས་དེར་དགའ་ཞེན་བྱེད་ཀྱི་ཡོད། “དྲ་ཐོག་ནས་ཅ་ལག་གདམ་ག་ཧ་ཅང་མང་པོ་བྱེད་རྒྱུ་ཡོད་ལ། གོང་ཡང་ཁེ་པོ་ཡོད་པས། ད་ཆ་གྱོན་ཆས་དང་སྒེག་རྫས་སོགས་འཚོ་བའི་མཁོ་ཆས་ཚང་མ་དྲ་ཐོག་ནས་ཉོ་གི་ཡོད། ངས་གྱོན་པ་འདི་ཡང་ན་ནིང་དྲ་ཐོག་ནས་ཉོས་པ་ཡིན”ཞེས་དཔལ་སྐྱིད་སྒྲོལ་མས་བཤད།

དྲ་ཐོག་ཚོང་དོན་གྱིས་དཔལ་མགོན་རྫོང་གི་གྲོང་མིར་སྟབས་བདེ་བསྐྲུན་པ་མ་ཟད། འབྲོག་པ་མང་ཚོགས་ཀྱིས་ལག་ཤེས་ཐོན་རྫས་དང་འབྲོག་ཟོག་སོགས་འཚོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུའང་གྱུར་ཡོད། དཔལ་མགོན་རྫོང་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཝུའུ་སེན་དང་ཁོང་གི་ལས་རོགས་ཚོས་ཟླ་བ་མི་རེ་ངོ་རེར་རླངས་འཁོར་ཕི་ཁ་བཏང་ནས་གཤམ་སྐྱོད་བྱས་ཏེ་ཉོ་སྒྲུབ་འདུ་ཚོགས་གཉེར་ནས་དངུལ་རང་སར་རྩིས་བརྒྱབ་རྗེས། ཉོ་སྒྲུབ་བྱས་པའི་ཐོན་རྫས་དྲ་ཐོག་ཏུ་ལམ་གསེང་འཚོང་གི་ཡོད། དེས་ཀྱང་མང་ཚོགས་ཐོན་སྐྱེད་ལ་གཞོལ་རྒྱུར་སྒུལ་ཤུགས་སྔར་བས་བསྣན་ཡོད། “མི་རིང་བར་དཔལ་མགོན་རྫོང་གི་འབྲོག་ལས་ཚན་རྩལ་ཐོན་ལས་གླིང་དངོས་སུ་གཉེར་སྐྱོང་བྱས་རྗེས། རྫོང་གི་མཉམ་ལས་ཁང་མང་དག་ཅིག་དེར་ཞུགས་རྒྱུ་ཡིན་པས། སྐབས་དེ་དུས་ང་ཚོའི་ཉོ་སྒྲུབ་དང་སྦྲེལ་མཐུད་སོགས་ཀྱི་ལས་དོན་སྔར་ལས་སྟབས་བདེ་རུ་འགྲོ་རྒྱུ་རེད”ཅེས་ཝུའུ་སེན་གྱིས་དེ་ལྟར་ངོ་སྤྲོད་བྱས།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
“ལྷ་ས་ནི་ངའི་ཕ་ཡུལ་གཉིས་པ་ཡིན་”
འཐག་རྩལ་འགྲན་པ།
དྲ་ཐོག་ཚོང་དོན་གྱིས་དམངས་ལ་ཕན་བདེ་བསྐྲུན་པ།
ལོ་ལེགས།
བདེ་སྡོད་ལས་གྲྭས་ཕྱུག་འགྱུར་ལམ་བུ་བཏོད་།
ལོ་ཐོའི་ཟླ་བཤད་ཀུན་གསལ་མ།