第02版:གལ་ཆེའི་གསར་འགྱུ41/2018-11/09/02/2018110902_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
03
 
标题导航
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་བཅའ་སྡོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ།
བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་18པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།
གསར་འགོད་པའི་དུས་ཆེན་ཐེངས་19པར་རྟེན་འབྲེལ་ཞུ་བའི་རི་འཛེག་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年11月9日 星期
下一篇 4  
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་བཅའ་སྡོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་བཅའ་སྡོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱིས་ཚོགས་ཆུང་9བཀོད་སྒྲིག་བྱས་ནས། ཉིན་45ཡས་མས་སྤྱད་དེ་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུ་རྩེ་ཆུས་དང་། རྒྱལ་རྩེ་རྫོང་། རིན་སྤུངས་རྫོང་། ལྷ་རྩེ་རྫོང་། ངམ་རིང་རྫོང་། ས་སྐྱ་རྫོང་བཅས་དང་། མངའ་རིས་ས་ཁུལ་དང་རུ་ཐོག་རྫོང་དང་། སྤུ་ཧྲེང་རྫོང་། རྩྭ་མདའ་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས། ནག་ཆུ་གྲོང་ཁྱེར་གྱི་ལྷ་རི་རྫོང་དང་། སྙན་རོང་རྫོང་། དཔལ་མགོན་རྫོང་། ཤན་རྩ་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་བཅས། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའུ་དང་། ནོར་སྲིད་ཐིང་གི་ཏང་ཙུའུ། མི་སྤྱི་ཐིང་གི་ཏང་ཙུའུ། ཆུ་བེད་ཐིང་གི་ཏང་ཙུའུ། དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཏང་ཙུའུ། འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའུ། སློབ་གསོ་ཐིང་གི་ཏང་ཙུའུ། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའུ་བཅས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་སྤེལ་བ་རེད། ཟླ་10ཚེས་30ཉིན་ནས་བཟུང་། སྐོར་གཟིགས་ཚོགས་ཆུང་9ཡིས་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པ་ཁག་ལ་སྔ་རྗེས་སུ་བཅའ་སྡོད་བྱས་པ་དང་། ཟླ་11ཚེས་4ཉིན་བར་བཅའ་སྡོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད་པ་རེད།

སྐོར་གཟིགས་བྱེད་རིང་། སྐོར་གཟིགས་ཚོགས་ཆུང་གིས་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་། ཏང་ཨུད(ཏང་ཙུའུ)ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། སྒྲིག་ཨུད་ལྟ་བཤེར་ཨུ་ལྷན(སྒྲིག་བཤེར་ལྟ་བཤེར་ཚོགས་ཆུང)གྱི་ལྟ་སྐུལ་འགན་འཁྲི་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་ལྟ་སྐུལ་ཞིབ་བཤེར་སྣ་ཚོགས་བཅས་བྱས་པ་བརྒྱུད། ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དང་། དེ་བཞིན་ཏང་ཡོན་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྒྲིག་ལམ་དང་བླང་བྱ་ལག་བསྟར་བྱས་ཚུལ་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། “ལྟ་ཞིབ་བརྒྱད”གཙོ་གནད་དུ་བཟུང་སྟེ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཁུར་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་ཨུད(ཏང་ཙུའུ)ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ།“དཔེ་སྟོན་གསུམ”གྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་ཞིབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ཁུར་ཚུལ་ལ་ལྟ་ཞིབ། མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ལྟ་སྐུལ་ཞིབ་བཤེར་སྣ་ཚོགས་བརྒྱུད་ཤེས་རྟོགས་བྱུང་བའི་དབུལ་སྒྲོལ་འགག་སྒྲོལ་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དག་ཐེར་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་ལ་ལྟ་ཞིབ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཚུལ་ལ་ལྟ་ཞིབ། ཏང་གི་སྒྲིག་ལམ་གྱི་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་ཡོན་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྒྲིག་ལམ་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་བཅས་བྱས་པ་རེད།

(དཀོན་མཆོག་སྒྲོལ་མས་བསྒྱུར། སྤེན་ཚེས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:03
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:དམངས་འཚོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་བཅའ་སྡོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ།
བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་18པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།
གསར་འགོད་པའི་དུས་ཆེན་ཐེངས་19པར་རྟེན་འབྲེལ་ཞུ་བའི་རི་འཛེག་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་བཀའ་མོལ་གནང་བ།