第02版:གལ་ཆེའི་གསར་འགྱུ41/2018-06/14/02/2018061402_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ།
ཙེང་དབན་མིང་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱེད་པའི་སྙན་སེང་ཚོགས་འདུར་ཞུགས་པ།
ཅང་ཅེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།
གཙོ་གནད་རྣམ་གྲངས་སྐྲུན་ མགྱོཌ་སུ་བཏང་བ།
ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་གི་ཚགས་པར་པར་འདེབས་ལག་རྩལ་སྤེལ་རེས་ཀྱི་གསོ་སྦྱོང་བྱས་པ།
འཕོ་འགྱུར་ཆེན་པོ་ཡོང་སྐབས་ཏང་གི་བཀའ་དྲིན་བརྗེད་མི་རུང་།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年6月14日 星期
3 上一篇  下一篇 4  
ཙེང་དབན་མིང་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱེད་པའི་སྙན་སེང་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་11ཉིན། ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱེད་པའི་སྙན་སེང་ཚོགས་འདུ་འཚོགས་ཏེ་གཙོ་བོ་མི་སྣ་འདེམས་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ཡག་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་དང་ལྷག་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གནས་ཚུལ་སྙན་སེང་ཉན་པ། དུས་མཚམས་རྗེས་མའི་ལས་དོན་དང་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཙེང་དབན་མིང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ལྟ་སྐུལ་ཞིབ་བཤེར་ཏན་ཏིག་བྱས་ཏེ“ཕྱོགས་བདུན”ཐད་ཀྱི་ཞིབ་བཤེར་ནང་དོན་ལ་རིམ་པས་ཞིབ་བསྡུར་བྱས་པ་དང་ཆབས་ཅིག ཟླ་བ་གསུམ་གྱི་དུས་ཚོད་སྤྱད་དེ་གྲོང་ཁྱེར་དང་ས་ཁུལ་7དང་། ལྗོངས་ཐད་གཏོགས་ཚན་པ་75རང་ལྗོངས་ཀྱིས་དོ་དམ་བྱེད་པའི་རིམ་པ་དང་པོའི་གཞུང་ཁོངས་ཁེ་ལས་དང་རྫོང་དང་ཆུས་ཁག་གཅིག་བཅས་སུ་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱས་པའི་ཞིབ་བཤེར་ལས་དོན་གྱི་ཁུག་མ་ལུས་པ་དང་། སྟོང་ཆ་མི་ལུས་པ། སླ་བཅོས་མི་བྱེད་པ་བཅས་ཀྱི་སྒོ་ནས་སྤེལ་བས། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས་པ་རེད།

ཙེང་དབན་མིང་གིས་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆུང་དུ་མི་གཏོང་བར་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ“ཕྱིར་དྲན”གྱི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་དེ་འགོ་ཁྲིད་ཚན་ཁག་གི་ལོ་འཁོར་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་པ་དང་འགོ་ཁྲིད་ལས་བྱེད་པར་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་ཁ་གསལ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།