第02版:གལ་ཆེའི་གསར་འགྱུ41/2018-06/14/02/2018061402_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ།
ཙེང་དབན་མིང་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱེད་པའི་སྙན་སེང་ཚོགས་འདུར་ཞུགས་པ།
ཅང་ཅེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།
གཙོ་གནད་རྣམ་གྲངས་སྐྲུན་ མགྱོཌ་སུ་བཏང་བ།
ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་གི་ཚགས་པར་པར་འདེབས་ལག་རྩལ་སྤེལ་རེས་ཀྱི་གསོ་སྦྱོང་བྱས་པ།
འཕོ་འགྱུར་ཆེན་པོ་ཡོང་སྐབས་ཏང་གི་བཀའ་དྲིན་བརྗེད་མི་རུང་།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年6月14日 星期
下一篇 4  
ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རང་འགུལ་ངང་བྱས་རྗེས་བཞག་ནས་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། ནུས་ཤུགས་འདོན་པ་དང་། བྱ་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ་དམངས་ཕྱུག་དང་ཆབ་མདོ་དར་རྒྱས་ཀྱི་རླབས་ཆེན་ལག་ལེན་ཁྲོད་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་གྱི“སྒུལ་བྱེད་འཕྲུལ་འཁོར”གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། འདི་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་བར། གྲོང་ཁྱེར་ཡོངས་ཀྱི་དུད་ཚང་7524ཡི་མི་ཁྲི་3.35དང་གྲོང་ཚོ་དབུལ་པོ་211ཚང་མ་དབུལ་པོའི་གནས་ལས་བསྒྲལ་བ་རེད།

འགན་འཁྲིར་ཤུགས་སྣོན་དང་འཆར་འགོད་ལ་དམ་འཛིན་བྱས་ནས“བརྗོད་དོན་གཙོ་བོར”དམིགས་པ། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང་ཏང་འཛུགས་སྐྱོང་རྣམ་གྲངས་ལ་དོ་དམ་གྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཉམ་དུ་ཇུས་འགོད་དང་མཉམ་དུ་བཀོད་སྒྲིག་གིས་དམིགས་ཚད་དང་ལས་འགན་རིམ་པ་བཞིན་དབྱེ་འབྱེད་དང་འབྲེལ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས“དམག་བཀའ་ཁུར་ལེན་གྱི་ཞུ་ཡིག”བཞག་པ་རེད།

དྲིལ་བསྒྲགས་ཟབ་མོ་དང་སྐུལ་སློང་རྒྱ་ཁྱབ་བྱས་ནས“དྲང་ནུས”གཅིག་ཏུ་སྒྲིལ་བ། རིམ་ཁག་ཏང་རྩ་འཛུགས་ཀྱིས་བཙུགས་པའི་རིམ་ཁག་གནད་སྨིན་དབུལ་སྐྱོར་གྱི་སྒྲོག་འགྲེལ་ཚོགས་པ་སྤྱད་དེ་གཞི་རིམ་དུ་སྒྲོག་འགྲེལ་རྒྱ་ཁྱབ་དང་བསམ་བློའི་སློབ་གསོ་སྤེལ་ནས་མང་ཚོགས“གཞན་རྟེན”ནས“རང་རྟེན”ལ་འགྱུར་རྒྱུར་ཁྲིད་སྟོན་བྱས་ཡོད། རིམ་རྩིས་བྱས་ན་དྲིལ་བསྒྲགས་ལག་དེབ་ཁྲི་2ལྷག་དང་། དམངས་ཕན་སྲིད་ཇུས་ཀྱི་འགེལ་རིས་ཆ་ཚང་1142 སྲིད་ཇུས་འགྲེལ་བཤད་གསལ་རྟོགས་གཱ་ཁྲི་4.5བཅས་སྤྲད་ཡོད་པ་རེད། ཆ་སྒྲིག་གཉེན་འཚོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ལས་བྱེད་ལས་བཟོ་ཁྲི་2.6གིས་མང་ཚོགས་དབུལ་པོ་དང་ཆ་སྒྲིག་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁྲི་4ལྷག་ཙམ་གསལ་བཟོ་བྱེད་རོགས་བྱས་པ་དང་། རོགས་དངུལ་སྒོར་ཁྲི་3749བཏང་བ། གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་82ཀྱིས་གྲོང་ཚོ(གྲོང་ལྷན)ལ་དབུལ་སྐྱོར་རྣམ་གྲངས་90མཐུན་སྦྱོར་བྱེད་རོགས་བྱས་པར་མ་དངུལ་སྒོར་ཁྲི་7378བཏང་ཡོད་པ་རེད།

རྩ་འཛུགས་ལ་དམ་འཛིན་དང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས“མཁར་རྫོང་བརྟན་པོ”བསྐྲུན་པ། ཞིང་འབྲོག་པའི་མཉམ་ལས་ཁང་དང་། ཆེད་ལས་མཐུན་ཚོགས། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས། ཞིང་པ་ལས་མིའི་འདུས་སྡོད་ཁུལ། ཐོན་ལས་གླིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་བཅས་སུ་ཏང་རྩ་འཛུགས་འཛུགས་་ཤུགས་ཆེ་རུ་བཏང་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཁྱབ་པར་བྱས་ཡོད། ཟླ་གསུམ་པའི་ཟླ་དཀྱིལ་བར། གྲོང་ཁྱེར་ཡོངས་ཀྱིས་ཐོན་ལས་འཁོར་འབྲེལ་དང་། ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས། མཐུན་ཚོགས་བཅས་སུ་བཙུགས་པའི་ཏང་རྩ་འཛུགས་103ཟིན་ཡོད་པ་རེད། ཉེ་བའི་ལོ་གཉིས་ནང་སྐྱོན་བརྗོད་སློབ་གསོ་དང་། བསླབ་འདོམས་སྐུལ་ལྕག་གི་གླེང་མོལ། བརྗེ་འཐེན་བྱེད་རིང་ཚད་གཞི་མི་འདྲ་བའི་གནད་དོན་ཡོད་པའི་ཚན་ཁག་གི་ཁོངས་མི་168ལེགས་སྒྲིག་བྱས་ཡོད།

ལྟེ་བ་གསོ་སྐྱོང་དང་དཔུང་ཁག་གི་སྣེ་ཁྲིད་ནས“སྟོབས་གསར་དམག་དཔུང”སྟོབས་ལྡན་ཞིག་བཙུགས་པ། རིགས་ཁག་གི་ཤེས་ལྡན་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“འདེམས་པ”དང་། “གསོ་སྐྱོང” “མངགས་པ”བཅས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་དང་། ས་ཁུལ་དབུལ་པོར་ཚན་ཁག་གི་སྟོབས་ཤུགས་ཧྲག་པོ་བཀོད་སྒྲིག ཤེས་ལྡན་པའི་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རིགས་ཁག་གི་ཤེས་ལྡན་པ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་གཏོང་རྒྱུར་སྐུལ་མ་བཏང་ཡོད། 2016ལོར་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་32དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་ལས་བྱེད་པ་82 “རིགས་གསུམ་གྱི་མི་སྣ”ཕུལ་བྱུང་298བཅས་ཤང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ནང་བཏང་བ་དང་ཕུལ་བྱུང་ལས་བྱེད་པ་464ཧྲུའུ་ཅི་དང་པོའི་ལས་འགན་འཁུར་བར་བཏང་ཡོད།

རོགས་སྐྱོར་ལ་སྣང་ཆེན་དང་དཔེ་མཚོན་བཏོད་ནས“ཕྱུག་འགྱུར་གྱི་སྒྲོན་མེ”སྤར་བ། ཏང་ཡོན་གྱི་ཕྱུག་འགྱུར་མེ་སྟག་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེད་མེད་དངུལ་བུན་གཡར་བའི་རྣམ་པའི་ཐོག་ནས་རོགས་སྐྱོར་བྱ་ཡུལ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཏེ་ཏང་ཡོན་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་རྒྱུན་ནང་ཞུགས་རྒྱུར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་2432གསོ་སྐྱོང་བྱས་པ་དང་། གྲོང་ཨུད་རྩ་འཛུགས་པུས་ཏང་འཛུགས་སྐྱོང་གི་སྐྱེད་མེད་རོགས་སྐྱོར་མ་དངུལ་སྒོར་ཁྲི་205བཏང་བ། མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་3དང་སྒེར་གཉེར་དཔལ་འབྱོར་རྣམ་གྲངས་11ལ་སྐྱེད་མེད་དངུལ་བུན་གཡར་བ་བཅས་རེད།

(བདེ་དབང་དང་གནམ་ཕྱུག་གིས་སྒྱུར་ཞུས་བྱས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།
ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ།
ཙེང་དབན་མིང་ལས་བྱེད་པ་འདེམས་སྤྱོད་ལས་དོན་ལ“ཕྱིར་དྲན”བྱེད་པའི་སྙན་སེང་ཚོགས་འདུར་ཞུགས་པ།
ཅང་ཅེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།
གཙོ་གནད་རྣམ་གྲངས་སྐྲུན་ མགྱོཌ་སུ་བཏང་བ།
ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཏང་གི་ཚགས་པར་པར་འདེབས་ལག་རྩལ་སྤེལ་རེས་ཀྱི་གསོ་སྦྱོང་བྱས་པ།
འཕོ་འགྱུར་ཆེན་པོ་ཡོང་སྐབས་ཏང་གི་བཀའ་དྲིན་བརྗེད་མི་རུང་།