第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
ཏིང་ཡེ་ཤན་རང་སྐྱོང་ལྗོངས་འཕྲོད་སྦྱོར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
བོད་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་བཙུགས་པ།
རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་གཅིག་རྗེས་གཉིས་མཐུད་ངང་བྱמ@
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年6月14日 星期
下一篇 4  
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
—— ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས“དེང་རབས་སྙེ་མོ་འཕེལ་རྒྱས་ཀྱི་གོམ་སྟབས་གསུམ”གྱི་སྤྱིའི་བཀོད་པ་འཆར་འགོད་བྱས་པ།

ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་བོད་བྱའི་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ“ལོ་ལྔར་ཁྲི་བཅུའི་འདུ་འགོད”ལག་ལེན་བསྟར་བ་དང“ཁེ་ལས་དང་ཞིང་འབྲོག་པའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཟུང་འབྲེལ”གྱི་གཉེར་སྐྱོང་གི་དཔེ་དབྱིབས་བཟོས་ནས་བོད་བྱ་གསོ་ཚགས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། འདི་ནི་སྙེ་མོ་རྫོང་ཐོན་པ་ཤང་དགེ་འཕེལ་གྲོང་ཚོའི་ལྷུན་གྲུབ་བོད་བྱ་གསོ་ཚགས་མཉམ་ལས་ཁང་གི་ལས་མིས་བྱ་དེར་ལྟོ་སྟེར་བའི་གནས་ཚུལ་ཡིན་པ།

སྙེ་མོ་ནི་བོད་ཡིག་དང་བོད་སྤོས་གསར་གཏོད་བྱེད་མཁན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན་པས“བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ། སྤོས་ཀྱི་རིག་གནས་འབྱུང་ཁུངས”ཞེས་བརྗོད་པ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཡོད།

དབྱར་ཟླ་དང་པོར་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བཅར་འདྲི་ཚོགས་པ་དང་བཅས་པས་སྙེ་མོ་རྫོང་དུ་བཅའ་སྡོད་བཅར་འདྲི་བྱེད་པར་བསྐྱོད་ཅིང་། “གླིང་ཁུལ་གཉིས”འཛུགས་སྐྲུན་རྣམ་པ་རགས་ཙམ་མངོན་པ་དང་། མཁར་རུ་ཤང་གྱི་ཁྱད་ལྡན་ལུང་གཞུང་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྣམ་གྲངས་ཚོད་ལྟ་འཁོར་རྒྱུག་གི་དུས་མཚམས་སུ་སླེབས་པ། ཞིང་འབྲོག་པའི་མཉམ་ལས་ཁང་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས་པ་ལ་སོགས་རྫོང་གྲོང་ནས་གྲོང་གསེབ་བར་དང་ཏང་ཡོན་ལས་བྱེད་པ་ནས་མི་སེར་དཀྱུས་མའི་བར་ལས་བརྩོན་ཕྱུག་འགྱུར་དང་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྣམ་པ་སྙེ་མོ་རྫོང་དུ་མངོན་བཞིན་མཆིས།

“གཞན་ངོས་ནས་བརྗོད་ན། སྙེ་མོ་རྫོང་གི་དཔལ་འབྱོར་རྨང་གཞི་ཞན་པ་དང་སྔ་ཕྱི་བར་གསུམ་དུ“ཞན་གསུམ”གྱི་ཞན་ཆ་ལྡན་པ་སྟེ། རང་བྱུང་ཆ་རྐྱེན་ཅུང་ཞན་པ་དང་། ས་བབ་ཆགས་སྟངས་ཅུང་ཐག་རིང་བ། ཐོན་ཁུངས་ཅུང་དཀོན་པ་བཅས་ཡིན་པ་དང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བལྟོས་བཅས་རྗེས་ལུས་ཀྱི་རྫོང་ཞིག་ཡིན”ཞེས་སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་གོ་ཅུན་གྱིས་བཤད།

དབུལ་པོར་གྱུར་ན་དབུལ་སྒྲོལ་བྱེད་སེམས་སྐྱེ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྙེ་མོ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད། པེ་ཅིང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་རྫོང་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ“ཞན་གསུམ”གྱི་དོན་དངོས་ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་དེང་རབས་ཀྱི་སྙེ་མོ་མགྱོགས་མྱུར་སྐྲུན་ཐུབ་པ་བྱ་ཆེད། “དེང་རབས་སྙེ་མོ་འཕེལ་རྒྱས་ཀྱི་གོམ་སྟབས་གསུམ”གྱི་སྤྱིའི་བཀོད་པ་འཚོལ་ཞིབ་ཧུར་ཐག་དང་། བློ་ཁོག་ཆེན་པོས་གསར་གཏོད། ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བཅས་བྱས་པར་སྙེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་པ་རེད།

གོམ་སྟབས་དང་པོ། རྣམ་གྲངས་ལ་བརྟེན་ནས་དབུལ་སྒྲོལ་སྣེ་ཁྲིད་བྱེད་པ།

“དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་རྒྱུར་དམིགས་ཏེ་ཐོན་ལས་དངོས་སུ་ཆགས་མེད་པ་དང་མངོན་གསལ་དོད་པའི་སྣེ་ཁྲིད་ཀྱི་ཕན་ནུས་ཐོན་མེད་པའི་གནས་ཚུལ་འོག་ང་ཚོས་རྣམ་གྲངས་ཀྱིས་སྣེ་ཁྲིད་བྱ་རྒྱུ་དེ་མིག་སྔའི་དམ་འཛིན་བྱ་གཞི་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་སེར་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལས་ཞུགས་དང་དཔལ་འབྱོར་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་བ་ཡིན”ཞེས་ཏུའུ་གོ་ཅུན་གྱིས་གསར་འགོད་པར་བཤད།

བཀྲ་ཤིས་ཚེ་རིང་ནི་ཐོན་པ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། སྤོས་མཉམ་ལས་ཁང་ནང་ཞུགས་རྗེས་མཉམ་ལས་ཁང་གིས་སྤེལ་བའི“བརྒྱུད་རོགས་ཁྲིད་གསུམ”གྱི་བྱེད་སྒོ་བརྒྱུད། བཀྲ་ཤིས་ཚེ་རིང་སྤོས་བཟོ་བ་དང་ཕྱིར་ཚོང་བྱེད་མཁན་བྱང་ཆུབ་པ་ཞིག་ཏུ་གྱུར་པ་དང་ཁྱིམ་ཚང་གི་ལོ་རེའི་འབབ་འཕར་སྒོར་ཁྲི་1ཡན་ཟིན་ནས་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་རེད།

ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བྱེད་པོར་བྱས་པ་དང་རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་དང་། ཁྱིམ་ཚང་དཔལ་འབྱོར་རྣམ་གྲངས་ལ་སྣེ་ཁྲིད། མཉམ་ལས་ཁང་གི་རྣམ་གྲངས་ལ་སྣེ་ཁྲིད། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྣེ་ཁྲིད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལ་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ“ཏང་ཀྲི་པུའུ+ཁེ་ལས+ མཉམ་ལས་ཁང+ཞིང་དུད”ཀྱི་དབུལ་སྐྱོར་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་སྤྱད་ནས་མང་ཚོགས་དབུལ་པོས་ས་ཞིང་དང་། དབུལ་སྐྱོར་མ་དངུལ། བེད་མེད་དུ་བཞག་པའི་སྡོད་ཁང་། ངལ་རྩོལ་ནུས་ཤུགས་སོགས་ཀྱི་ཐོན་ཁུངས་སྤྱད་དེ་མ་རྐང་ལ་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་དང་ཐོན་ཁུངས་མ་དངུལ་དུ་འགྱུར་བ་དང་། མ་དངུལ་མ་རྐང་དུ་འགྱུར་བ། ཞིང་འབྲོག་པ་མ་རྐང་འཇོག་མཁན་ལ་འགྱུར་བ་བཅས་ལ་སྐུལ་འདེད་བཏང་ཐོག ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་གཏོད་ལས་ཞུགས་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།

མིག་སྔར་རྫོང་ཡོངས་ཀྱི་བོད་བྱ་དང་བཞོན་མ་གསོ་ཚགས་དང་། སྤོས་དང་བོད་ཤོག་བཟོ་བ། དར་ལྕོག་པར་འདེབས་སོགས་མཉམ་ལས་ཁང་སྣ་ཚོགས་60ལྷག་ཙམ་ཡོད་པ་དང་མཉམ་ལས་ཁང་ལ་ཞུགས་མཁན་དུད་ཚང་837ཡོད་པ་མ་ཟད་མི་742སྣེ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1600ཡན་རག་ཡོད། 2017ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.51མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་10.2%འཕར་ཡོད། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.16ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་14.3%འཕར་བ་རེད།

གོམ་སྟབས་གཉིས་པ། ཁྱད་ཆོས་མངོན་གསལ་དོད་པ་དང་སྣ་མང་ཕུན་སུམ་ཚོགས་པ།

ཐོན་ལས་དར་རྒྱས་ཡོང་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་སྐྱོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ལོ་བརྒྱ་དང་པོའི་དམིགས་ཚད་ལ་དམིགས་ཏེ་སྙེ་མོ་རྫོང་གིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་དང་། ཁྲོམ་རས་ཕྱོགས་སྟོན་དུ་བྱེད་པ། ལག་རྩལ་གྱིས་སྣེ་ཁྲིད་བྱེད་པ། གཞི་ཁྱོན་འོས་འཚམ། ཐོན་ལས་གསུམ་མཉམ་འབྲེལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྤོས་ཀྱི་རིག་གནས་ཐོན་ལས་དང་། བོད་བྱའི་ཐོན་ལས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས། སྐྱེ་ལྡན་ཞིང་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སྙེ་མོའི་དེང་རབས་ཞིང་ལས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་གླིང་དང་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྙེ་མོའི་ཐོན་ལས་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྙེ་མོའི་དཔལ་འབྱོར་གསར་སྤེལ་གྱི་སྒུལ་ནུས་གསར་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ་རེད།

ཐོན་པ་མཛེས་ལྗོངས་ཁུལ་དང་། མཁར་རུ་མཛེས་ལྗོངས་ཁུལ། ཆུ་མོ་གངས་དཀར་མཛེས་ལྗོངས་ཁུལ། སྙེ་མོའི་དེང་རབས་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་གླིང་དང་ཕུན་སུམ་ཚོགས་པའི་ཆུ་ཚན། ས་འོག་ཚ་ནུས་བཅས་ལ་སྙེ་མོ་བས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི“ཚལ་བཞི་ཐང་གཅིག”ཅེས་ཀུ་རེའི་ངང་བརྗོད་ཀྱི་ཡོད། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་སྙེ་མོ་རྫོང་གིས་གྲོང་གསེབ་ཡུལ་སྐོར་སྒྱུར་བཅོས་འཕེལ་རྒྱས་ལས་ཐོབ་པའི་ཁེ་སྤོགས་སྤྲོད་རྒྱུར་སྣང་ཆེན་བྱས་པས་ཞིང་འབྲོག་པ་དེ་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད། གསར་དུ་བསྐྲུན་པའི་སྙེ་མོའི་སྤོས་ཞིབ་བཟོ་ལྟེ་གནས་རིག་གནས་ཤུལ་བཞག་སྲུང་སྐྱོང་གསར་སྤེལ་ལ་གཞི་ཚུགས་པ་དང་སྤོས་ཀྱི་ཐོན་རྫས་དང་། སྤུས་རྟགས། ཁྲོམ་རའི་མ་ལག་ཚད་ལྡན་ཅན་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་2017ལོར་རྫོང་ཡོངས་ཀྱི་སྤོས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་5700ཟིན་གྱི་ཡོད།

སྙེ་མོའི་ནར་སོན་པའི་བོད་བྱས་བདེ་བླག་ངང་ཞིང་ཁྱིམ་གྱི་སྒོ་རའི་གྱང་སྟེང་དུ་འཕུར་ཐུབ་ཀྱི་ཡོད་པས“འཕུར་ཐུབ་པའི་བྱ་དེ”ཞེས་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་བོད་བྱ་ཐོན་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང“ལོ་ལྔར་ཁྲི་བཅུའི་ལས་གྲྭ”ལག་བསྟར་བྱས་ཏེ“ཁེ་ལས་དང་ཞིང་འབྲོག་པའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཟུང་འབྲེལ”གྱི་གཉེར་སྐྱོང་དཔེ་དབྱིབས་བཟོས་ནས་བོད་བྱ་གསོ་ཚགས་རྟེན་གཞི་མགྱོགས་པོ་བསྐྲུན་ཡོད། 2017ལོར་རྫོང་ཡོངས་ཀྱིས་ཚད་ལྡན་ཅན་གྱི་བོད་བྱ་དཔེ་སྟོན་གསོ་ཚགས་བྱ་ཡུལ་14བསྐྲུན་པ་དང་ཚད་ལྡན་ཅན་གྱི་བྱ་ཚང་གཞི་ཁྱོན་སྨི་ངོས་གྲུ་6000ཟིན་ནས་བོད་བྱ་ཁྲི་2.62ཙམ་གསོ་ཚགས་བྱས་ཡོད། “སྙེ་མོའི་བོད་བྱ”དང“སྙེ་མོའི་བོད་བྱའི་སྒོ་ངའི”རྒྱལ་ཁབ་ས་ཁམས་མཚོན་རྟགས་ལས་ཚོང་རྟགས་ལ་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཞིབ་བཤེར་གཏན་འཁེལ་ཐོབ་པར་མཚོན་ཡོད།

གོམ་སྟབས་གསུམ་པ། ཚན་སློབ་རྩ་བར་བརྩིས་ནས་སྙེ་མོ་དར་རྒྱས་གཏོང་།

ལོ་བརྒྱ་གཉིས་པའི་དམིགས་ཚད་ལ་དམིགས་ཏེ་སྙེ་མོ་རྫོང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་དང་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་འགན་ལེན་ཆེ་ཤོས་སུ་བརྩི་ཡི་ཡོད།

སློབ་གསོ་དར་རྒྱས་འཆར་གཞི་ལག་བསྟར་བྱས་པ་བརྒྱུད“གྲགས་ཅན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ”དང“གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག”གི་སློབ་གསོའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང“སློབ་གྲྭ་སྤུས་ལེགས་གསར་པ”དང“སློབ་གྲྭ་གཅིག་ལ་ཁྱད་ཆོས་གཅིག”གི་གསར་འཛུགས་བྱེད་སྒོ་ཧུར་ཐག་སྤེལ་ནས་སློབ་ཁྲིད་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།

2017ལོར་སྙེ་མོ་རྫོང་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་སྒོར་ཁྲི་2534.8བཏང་བ་དེས་ནོར་སྲིད་ཡོང་འབབ་ཀྱི་22.68%བཟུང་བ་དང་སློབ་གསོའི་འགྲོ་གྲོན་ལོ་བསྟུད་མར“གསུམ་འཕར”བྱུང་ནས་སློབ་གསོའི་མཁྲེགས་ཆས་ལེགས་སུ་ཕྱིན་པ་དང་སློབ་གསོའི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

དཀའ་སྤྱད་འབད་བརྩོན་བྱས་ན་འབྲས་བུ་ཐོན་ངེས་ཡིན་ཞེས་པ་ལྟར། 2016ལོར་སྙེ་མོ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་6.69ཟིན་པ་དང་ས་ཁུལ་གྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་གྱི་འགག་སྒོ་ལས་ཐོག་མར་བསྒྲལ་ནས་སྙེ་མོ་རྫོང་གི་ལོ་རྒྱུས་ཐོག་གི་མཆོང་སྐྱོད་དང་པོ་མངོན་འགྱུར་བྱུང་བ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་ཀྱི“སྔོན་ཐོན་བརྩོན་ལེན”གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། 2017ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.51ཟིན་ནས་ལྷ་ས་གྲོང་ཁྱེར་གྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་ཀྱི“སྔོན་ཐོན་བརྩོན་ལེན”གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།

(ལྷག་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:སྤྱི་ཕན་བརྡ་ཆ།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
ཏིང་ཡེ་ཤན་རང་སྐྱོང་ལྗོངས་འཕྲོད་སྦྱོར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
བོད་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་བཙུགས་པ།
རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་གཅིག་རྗེས་གཉིས་མཐུད་ངང་བྱמ@