第04版:གལ་ཆེའི་གསར་འགྱུ41/2018-05/17/04/2018051704_brief.jpg 上一版3
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
ཅང་སུའུ་ཧོང་ཧའེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཛེས་ཉམས།
ཉེན་རྟོག་པའི་སྐོར་སྐྱོད་ཀེར་ལངས་སྦག་སྦག་གནའ་གྲོང་ཕིང་ཡའོ་རུ་བཏང་བ།
ཅང་ཤིས་ཕིང་ཤང་དུ་སྲོལ་རྒྱུན་གྱི་སོ་ནམ་རིག་གནས་ཉམས་སུ་མྱོང་བ།
སྐབས་31པའི་ཏ་ལེན་རྒྱལ་སྤྱིའི་མཱ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་པ།
ཟློས་གར་སློབ་ཚན་སློབ་གྲྭར་ཚོགས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年5月17日 星期
3 上一篇  
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད) ཁོང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་དང་དོན་འཁྱོལ་ཡག་པོ་བྱེད་པ། ནད་ཡམས་དང་དབུལ་པོ་བུ་རབས་ཚ་རྒྱུད་བརྒྱུད་སྤེལ་བཀག་འགོག་བྱེད་པ་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཁྱིམ་ཚང་ཚང་མར་གནད་སྨིན་དོན་འཁྱོལ་ཐུབ་པ་བྱེད་དགོས། “ཁག་གཅིག་རེ་ལྔ”དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་དབུལ་སྐྱོར་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་དགོས། དབུལ་སྐྱོར་དེ་བློ་སྐྱོར་དང་རིག་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྩལ་ནུས་ཀྱི“དངོས་འཐབ”གསོ་སྦྱོང་ལ་དེ་བས་སྣང་ཆེན་བྱེད་པ་དང་། མང་ཚོགས་ལ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུའི་སྣེ་ཁྲིད་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་སྤྱོད་དངོས་བཅས་ལས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་ཐུགས་ཁུར་དང་བྱམས་སྐྱོང་དང་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་དགོས་ཞེས་མཛུབ་སྟོན་གནང་བ་རེད།

ཁོང་གིས་མི་དམངས་མང་ཚོགས་དང་ཕ་ཚ་བུ་རྒྱུད་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྣོད་བཅུད་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་པོ་སྲུང་བ་དང་། འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཆེས་ནན་ཤོས་ཀྱི་ཚད་གཞིར་བརྟེན་ཏེ་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག ས་གོ་ལའི་སྣེ་གསུམ་པ་བཅས་སྲུང་སྐྱོང་ཡག་པོ་བྱེད་པའི་ལས་དོན་གལ་ཆེན་དེ་ཏན་ཏིག་སྒྲུབ་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ཕྱུགས་གསོ་རྒྱུ་ཚོད་འཛིན་དང་། རྩྭ་ཆུ་སྲུང་སྐྱོང་། རྩྭ་ཐང་སླར་གསོ་བཅས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་རྩྭ་ཆུ་དོ་སྙོམས་ཡོང་བ་བྱས་ནས་མང་ཚོགས་ལ“སྣོད་བཅུད་ཀྱི་ཡོང་འབབ”རག་ཐབས་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷས་ད་དུང་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཞོང་ར་དང་ཇོ་མོ་དོ་དམ་ས་ཚིགས་ཀྱི་དོ་དམ་སྲུང་སྐྱོང་པར་གཟིགས་པ་དང་སེར་གླིང་མཚོ་སྲུང་སྐྱོང་བྱ་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། ཉི་དོན་དང་བསྟན་འཛིན་བཟང་མོས་ཞུས)

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
ཅང་སུའུ་ཧོང་ཧའེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཛེས་ཉམས།
ཉེན་རྟོག་པའི་སྐོར་སྐྱོད་ཀེར་ལངས་སྦག་སྦག་གནའ་གྲོང་ཕིང་ཡའོ་རུ་བཏང་བ།
ཅང་ཤིས་ཕིང་ཤང་དུ་སྲོལ་རྒྱུན་གྱི་སོ་ནམ་རིག་གནས་ཉམས་སུ་མྱོང་བ།
སྐབས་31པའི་ཏ་ལེན་རྒྱལ་སྤྱིའི་མཱ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་པ།
ཟློས་གར་སློབ་ཚན་སློབ་གྲྭར་ཚོགས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།