第03版:གལ་ཆེའི་གསར་འགྱུ41/2018-05/17/03/2018051703_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年5月17日 星期
3 上一篇  下一篇 4  
སློབ་གྲྭར་བསྐྱོད་པའི་གཡང་ཟར་རི་ལམ་གཞུང་ལམ་དུ་གྱུར་པ།

ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་རྫོང་ཅིན་ལན་གྲོང་རྡལ་ཝ་ཕང་གྲོང་ཚོའི་ཧ་ཁྲུང་ཚོགས་ཆུང་འདི་ཉིད་ལེའུ་ཁྲུང་གཙང་འགྲམ་གྱི་གཡང་ཟར་བྲག་རིའི་འོག་ཏུ་ཆགས་ཤིང་། ཧ་ཁྲུང་ཚོགས་ཆུང་གི་ཕྲུ་གུ་ཚོས་ཉིན་ལྟར་གཡང་ཟར་རི་ལམ་འགྲིམས་ནས་ཧྭ་ཧྲན་སློབ་ཆུང་དུ་སློབ་ཚན་འཚོག་པར་འགྲོ་དགོས་པར་བརྟེན། ལོ་28རིང་སྤྱི་ལེ་4ཙམ་ཡོད་པའི་གཡང་ཟར་རི་ལམ་དེ་ཡུལ་དེ་གའི་མེའོ་རིགས་སློབ་མ་ཚོའི་དཀའ་ཉེན་ཆེ་བའི་སློབ་གྲྭར་བསྐྱོད་པའི་ལམ་བུ་ཞིག་ཏུ་གྱུར་ཡོད།

ཟླ་5ཚེས་5ཉིན་ནས་བཟུང་། ཧ་ཁྲུང་ཚོགས་ཆུང་གི་མེའོ་རིགས་སྤུན་ཟླ་ཚོ་རྫོང་གྲོང་གི་མཛེས་སྡུག་ལྡན་པའི་མེ་ཏོག་གྲོང་ཞེས་བརྗོད་པའི་བཀོད་སྒྲིག་ས་ཚིགས་སུ་གཅིག་མཇུག་གཉིས་མཐུད་ངང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད། ཕྲུ་གུ་ཚོའང་ཆན་ཤིས་རྫོང་སློབ་ཆུང་བཅུ་པར་བསྐྱོད་རྒྱུ་བྱུང་ཞིང་། དུས་དེ་ནས་བཟུང་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་པའི་ལམ་དེ་ཆུ་ཚོད་2ཙམ་གྱི་དཀའ་ཉེན་ཆེ་བའི་གཡང་ཟར་རི་ལམ་ནས་རྐང་ཐང་མར་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་ན་སླེབས་པའི་གཞུང་ལམ་དུ་གྱུར་ཡོད།

← པར་①ནི་ལོ་བདུན་ལ་སླེབས་པའི་ལི་ཞའོ་དུང(གཡས་ཀྱི་དང་པོ)གིས་ཧྭ་ཧྲན་སློབ་ཆུང་གི་སློབ་ཁང་ནང་ཞོགས་པ་ངག་འདོན་བྱེད་པའི་གནས་ཚུལ་ཡིན་པ།

པར་②ནི་ལོ་བདུན་ལ་སླེབས་པའི་ལི་ཞའོ་དུང(མདུན་གྲལ་གཡོན་གྱི་གཉིས་པ)གིས་ཆན་ཤིས་རྫོང་སློབ་ཆུང་བཅུ་པའི་སློབ་ཁང་ནང་སློབ་ཚན་ཉན་པའི་གནས་ཚུལ་ཡིན་པ།

→ པར་③ནི་ཆུ་ཚོད་2ཙམ་དཀའ་ཉེན་ཆེ་བའི་གཡང་ཟར་རི་ལམ་འགྲིམས་པ་བརྒྱུད་དགེ་རྒན་དབྱང་ཧྲའོ་ཧྲུའུ་དང་སློབ་མ་ཚོ་ཧྭ་ཧྲན་སློབ་ཆུང་དུ་འབྱོར་པའི་གནས་ཚུལ་ཡིན་པ།

པར་④ནི་སྐར་མ་20ལྷག་ཙམ་གྱི་གཞུང་ལམ་འགྲིམས་པ་བརྒྱུད་དགེ་རྒན་དབྱང་ཧྲའོ་ཧྲུའུ་དང་སློབ་མ་ཚོ་ཆན་ཤིས་རྫོང་སློབ་ཆུང་བཅུ་པར་འབྱོར་པའི་གནས་ཚུལ་ཡིན་པ།

→ པར་⑤ནི་དགེ་རྒན་དབྱང་ཧྲའོ་ཧྲུའུ་དང་སློབ་མ་ཚོས་གཡང་ཟར་རི་ལམ་འགྲིམས་པའི་གནས་ཚུལ་ཡིན་པ།

པར་⑥ནི་དགེ་རྒན་དབྱང་ཧྲའོ་ཧྲུའུ་དང་སློབ་མ་ཚོས་སྡོད་ཁུལ་གསར་པ་ནས་སློབ་གྲྭ་གསར་པར་སྐྱོད་པའི་གནས་ཚུལ་ཡིན་པ།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
ཟླ་4པར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་11%འཕར་བ།
སློབ་གྲྭར་བསྐྱོད་པའི་གཡང་ཟར་རི་ལམ་གཞུང་ལམ་དུ་གྱུར་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།