第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།
སྡོད་ཁང་གསར་པར་བསྐྱར་དུ་ལོག་པའི་ཁྱིམ་ཚང་བདེ་སྐྱིད་ཅན།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
མི་སྣ་མཛེས་ཤོས།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年5月17日 星期
3 上一篇  下一篇 4  
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
—— བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི“གངས་ལྗོངས་ལྷའི་ཕོ་ཉའི”དང་བླངས་པ་ཝང་པིན་གྱི་སྐོར་བཀོད་པ།

དྲན་སྐུལ་གཙོ་བོ།

ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་སོགས་སྡེ་ཚན་11གིས་2017ལོའི་ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་ཡོངས་བསྒྲགས་བྱས་པ་དང་། རང་ལྗོངས་ཀྱི་དཔེ་མཚོན་བཞི་དེའི་ནང་ཚུད་པ་དང་། ཧྥུའུ་ཁང་སྨན་ཁང་གི“གངས་ལྗོངས་ལྷའི་ཕོ་ཉའི”དང་བླངས་ཞབས་ཞུའི་རུ་ཁག་གི་དང་བླངས་པ་ཝང་པིན་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། གོང་ཁེའི་སྨན་རྫས་སྒོ་རྩིས་ཁང་བཙུགས་པ་ནས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་གཞག་ནང་ཞུགས་པའི་བར་དང་། སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་ས་ཡོམ་གེགས་ཁུལ་དུ་བསྐྱོད་པ་ནས་དང་བླངས་པའི་ཞབས་ཞུའི་རུ་ཁག་དངོས་སུ་བཙུགས་པའི་བར། ལོ་20ལྷག་ཙམ་གྱི་དུས་ཚོད་ནང་ཁོང་གིས་ཇི་ལྟར་བྱས་ནས་ཉམས་ལེན་འབད་སྒྲུབ་ཀྱིས“ལེགས་སྐྱེས་དང་། མཛའ་བརྩེ། རོགས་ལས། ཡར་ཐོན”བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་བཏང་ལུགས་མཚོན་ཡོད།

མི་མང་པོ་ཞིག་གིས་བོད་ལྗོངས་འདི་ཉིད་མི་ཚེའི་འགྲུལ་བཞུད་ནང་གི་ལྟ་ན་སྡུག་པའི་མཛེས་ལྗོངས་ས་ཚིགས་ཤིག་ཏུ་བརྩི་ཡི་ཡོད་ལ། ཡང་མི་མང་པོ་ཞིག་གིས་གངས་ལྗོངས་ས་མཐོ་འདི་ཉིད་རང་ཉིད་འགྲོ་འདོད་ཆེ་ཤོས་ཀྱི་གནས་ཤིག་ཏུ་བརྩི་ཡི་ཡོད། མི་འགའ་ཞིག་འདི་གར་ཡོང་ཡང་གནས་སྐབས་ཙམ་སྤྲོ་འཆམ་ལ་རོལ་ནས་སྡོད་པ་དང་། ཡང་འགའ་ཞིག་གིས་ཚེ་གང་འདི་གར་ལེགས་སྐྱེས་ཕུལ་ནས་སྡོད་ཀྱི་ཡོད།

1997ལོར་ལས་གནས་ལས་བབས་པའི་སེམས་སྡུག་ཡལ་མ་ཐག་གི་ཝང་པིན་ནི་ན་གཞོན་ཞིག་ཡིན་པ་དང་། ལྟོ་ཕད་འཁྱེར་ནས་རང་གཅིག་པུ་ལྷ་སར་སྐྱོ་སྣང་བསང་བར་ཡོང་། ད་ཐེངས་ཡུལ་སྐོར་དུ་ཡོང་བ་དེས་ཁོང་གིས་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་ཐུབ་ཡོད་ལ་སྣང་མེད་ངང་རང་ཉིད་ཀྱིས་ཚེ་གང་འབད་འཐབ་བྱེད་འོས་པའི་བྱ་གཞག་འཚོལ་ཞིབ་ཐུབ་པ་སྟེ། ཧྥུའུ་ཁང་སྨན་ཁང་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ཚོང་ཁང་ཆེ་མོ་བཙུགས། སྐབས་དེ་དུས་བོད་དུ་སྨན་རྫས་དཀོན་ལ་རིན་གོང་མཐོ་པོ་ཡོད། ཝང་པིན་གྱིས་བཙུགས་པའི་གོང་ཁེའི་སྨན་རྫས་སྒོ་རྩིས་ཚོང་ཁང་དེ་ལས་རིགས་གཅིག་པས་བཙུགས་པའི་སྨན་རྫས་ཚོང་ཁང་ལས་འཕེལ་རྒྱས་ཡག་པ་བྱུང་བ་དང་། ཁྲོམ་ར་དང་མང་ཚོགས་ཀྱི་ཞིབ་དཔྱད་འོག་བོད་ཀྱི་སྨན་རྫས་ལས་རིགས་ཀྱི་ཁྱབ་ཁོངས་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད།

ལོ་20ལྷག་ཙམ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། དེ་སྔའི་སྨན་རྫས་སྒོ་རྩིས་ཚོང་ཁང་འདི་ཉིད་སྨན་བཅོས་བདེ་སྲུང་དང་། གཟུགས་པོ་བརྟག་དཔྱད། བདེ་ཐང་སླར་གསོ་དང་རྒན་གསོ། སྨན་རྫས་ཕྱིར་ཚོང་། སྡེབ་ཚོང་སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ཝང་པིན་གྱི་སེམས་ནང་སྔ་བར་ཕྱི་གསུམ་དུ་སེམས་ཁྲལ་བྱེད་པའི་བྱ་བ་ཞིག་ཡོད་པ་སྟེ། དེ་ནི་དུས་ཡུན་རིང་པོའི་ནང་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བོད་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པ་དང་ཆུ་ཚད་མཐོ་པོ་མེད་པས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་འགོག་རྐྱེན་བཟོ་ཡུལ་ཞིག་ཏུ་གྱུར་པ་དེ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་ཉིད་ཀྱི་བྱ་གཞག་རྒྱུན་གཏན་ལྟར་བྱུང་རྗེས། ཝང་པིན་གྱིས་ཁེ་ལས་གཉེར་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་ཀྱི་ཡོད། ཝང་པིན་གྱིས་ཁེ་ལས་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ“འཕེལ་རྒྱས་གཏོང་སྐབས་སྤྱི་ཕན་གྱི་བྱ་གཞག་མི་བརྗེད་པ་དང་དམངས་གཉེར་བྱ་གཞག་སྒྲུབ་པར་སྤྱི་ཚོགས་ཀྱི་འགན་འཁྲི་བརྗེད་མི་རུང་བ”ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཝང་པིན་གྱིས་དུས་ཡུན་རིང་པོའི་སྔོན་ནས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་ཏེ་ཁོང་དང་བཟའ་ཟླས་བཙུགས་པའི་ཧྥུའུ་ཁང་གངས་ལྗོངས་ལྷའི་ཕོ་ཉའི་ཐེབས་རྩ་ལྷན་ཚོགས་ཀྱིས་སྨན་བཅོས་རོགས་སྐྱོབ་དང་སློབ་རོགས་སོགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པས་མ་ཟད་གཡུར་ཟའི་འབྲས་བུ་ཐོབ་ཡོད་པ་རེད།

ཝང་པིན་གྱིས་ཁེ་ལས་གཅིག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་བར་མ་དངུལ་དང་ནོར་ཤུགས་མང་པོ་གཏོང་དགོས་པའི་ཁར། ནུས་པས་ལྕོགས་ཚོད་ཀྱིས་རང་ཉིད་ནས་འགོ་བཙུགས་ཚེ་གཞི་ནས་མི་དང་སྟོབས་ཤུགས་དེ་བས་མང་བས་རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་ཐོབ་རྒྱུར་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད།

2008ལོར་དབུན་ཁྲོན་དུ་ས་ཡོམ་བརྒྱབ་དུས། ཝང་པིན་གྱིས་འཕྲལ་མ་ཉིད་དུ་མི་26ལས་གྲུབ་པའི་སྨན་བཅོས་རུ་ཁག་སྣེ་ཁྲིད་དེ་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད། སྐབས་དེ་དུས་ཁོང་གི་ལོ་2ལའང་སླེབས་མེད་པའི་བུ་ལྷ་སར་སླེབས་མ་ཐག་ཡིན་ཁར་གཟུགས་པོ་ཡང་ཡག་པོ་མེད་རྐྱེན་མི་མང་པོ་ཞིག་གིས་ཁོང་གེགས་ཁུལ་དུ་འགྲོ་མི་རུང་བའི་ཁ་ཏ་བྱས་མོད། འོན་ཀྱང་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྡོག་ཐོན་བྱས་ཏེ་བོད་མི་དམངས་ཀྱི་རྒྱབ་སྐྱོར་དང་། ཐུགས་ཁུར། སྐུལ་ལྕག་བཅས་གེགས་ཁུལ་མི་དམངས་ལ་ཚོར་བ་བྱས་ཡོད། དུས་ཡུན་ཉིན་32རིང་དང་བླངས་ཞབས་ཞུ་རུ་ཁག་གིས་ཁྱོན་ནད་པ་6339ལ་སྨན་བཅོས་བྱས་པ་དང་སྒོར་ཁྲི་240.2རི་བའི་སྨན་བཅོས་སྒྲིག་བཀོད་དང་། སྨན་རྫས། དངོས་རྫས་སོགས་ཞལ་འདེབས་ཕུལ་བ་རེད། 2008ལོར་འདམ་གཞུང་དུ་ས་ཡོམ་རྒྱག་སྐབས། ཁོང་གིས་སླར་ཡང་དང་བླངས་ཞབས་ཞུ་རུ་ཁག་གི་སྣེ་ཁྲིད་དེ་གེགས་སེལ་བྱེད་སྒོར་ཞུགས་ནས་རིན་མི་དགོས་པར་སྒོར་ཁྲི་8རི་བའི་སྨན་རྫས་སྤྲད་པ་དང་། སྒོར་ཁྲི་3རི་བའི་དངོས་རྫས་ཞལ་འདེབས་ཕུལ་བ། ཁེ་ལས་ཀྱི་ལས་བཟོར་སྐུལ་སློང་བྱས་ནས་སྒོར་37076ཞལ་འདེབས་ཕུལ་བ་བཅས་བྱས་པ་རེད། 2010ལོར་ཡུལ་ཤུལ་དུ་ས་ཡོམ་རྒྱག་སྐབས། ཝང་པིན་གྱིས་རུ་སྣེ་ཁྲིད་དེ་གེགས་ཁུལ་དུ་བསྐྱོད་ནས་སྦྲ་གུར་སྨན་ཁང་བརྒྱབ་པ་དང་ཆ་རྐྱེན་ཐབས་ཆག་འོག་ཕྲུ་གུ་དམར་འབྱར་གཡུ་ཁང་སྒྲོལ་མ་བསུས་ཤིང་། ས་ཡོམ་ཁྲོད་སྐྱེས་པའི་བུ་མོ་དེའང་རྗེས་སུ་ཧྥུའུ་ཁང་ལྷའི་ཕོ་ཉའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཡུན་རིང་རོགས་སྐྱོར་ཞལ་འདེབས་འབུལ་ཡུལ་དུ་གྱུར་པ་རེད།

“ལེགས་སྐྱེས་དང་། མཛའ་གྲོགས། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་པའི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་ཆེད། བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིས་བོད་ལྗོངས་ཧྥུའུ་ཁང“གངས་ལྗོངས་ལྷའི་ཕོ་ཉའི”དང་བླངས་ཞབས་ཞུ་རུ་ཁག་བཙུགས་པ་དང་ཝང་པིན་གྱིས་རུ་དཔོན་བྱས་པ་མ་ཟད། ད་དུང《བོད་ལྗོངས་ཧྥུའུ་ཁང“གངས་ལྗོངས་ལྷའི་ཕོ་ཉའི”དང་བླངས་ཞབས་ཞུའི་སྒྲིག་ཡིག》བཟོས་པ་དང་འབྲེལ་2017ལོའི་ཟླ་8ཚེས་7ཉིན་འགོ་འཛུགས་མཛད་སྒོའང་འཚོགས་པ་རེད།

བོད་ལྗོངས་ཧྥུའུ་ཁང“གངས་ལྗོངས་ལྷའི་ཕོ་ཉའི”དང་བླངས་ཞབས་ཞུ་རུ་ཁག་བཙུགས་རྗེས་ཝང་པིན་གྱིས་སླར་ཡང་རུ་མི་ཚོ་ཁྲིད་དེ་བྲེལ་བརྩོན་ཆེན་པོས་དང་བླངས་ཞབས་ཞུ་རུ་ཁག་ཁྲོད་ཞུགས་པ་དང་། 2017ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་འཆར་ཉེའི་མཚམས་སུ། ཁོང་ཚོ་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་སྲུང་བཅའ་སྡོད་བྱ་ཡུལ་ཞིག་དུ་བསྐྱོད་དེ་མེས་རྒྱལ་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་པའི་མཐའ་སྲུང་དཔོན་དམག་ལ་བརྙན་འཕྲིན་འཕྲུལ་ཆས་དང་དྲོད་སྲུང་གྱོན་གོས་སོགས་དངོས་རྫས་སྤྲད་པ་དང་འབྲེལ། མཐའ་སྲུང་གི་འཐབ་འཛིང་པ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་འབྱོར་སྐབས་སློབ་མ་ནད་པ་60ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་སྦྲགས་རྒྱུན་མཁོའི་སྨན་རྫས་དང་གྱོན་གོས་སོགས་དངོས་རྫས་སྤྲད་པར་ཁྱོན་དངུལ་སྒོར་ཁྲི་4.5ཟིན་པ། མངའ་རིས་ས་ཁུལ་གྱི་ཐུམ་འབུའི་ནད་ཚབས་ཆེན་ཕོག་པའི་གེགས་ཁུལ་དུ་བསྐྱོད་དེ་དུས་ཡུན་ཉིན་38ཀྱི་ཐུམ་འབུའི་ནད་གྲལ་བཤེར་ལས་དོན་སྤེལ་བ། རང་སྐྱོང་ལྗོངས་ཟུངས་ཁྲག་མཁོ་སྤྲོད་ལྟེ་གནས་ཀྱི་ཁྲག་མཛོད་དུ་ཁྲག་ཧ་ཅང་དཀོན་པའི་སྐབས་ཝང་པིན་གྱིས་ད་དུང་དང་བླངས་པའི་རུ་མི་ཚང་མ་དང་དེ་བཞིན་ཧྥུའུ་ཁང་སྨན་ཁང་གི་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ་རིན་མི་དགོས་པར་ཁྲག་སྦྱིན་འབུལ་བའི་བྱེད་སྒོར་ཧུར་ཐག་ཞུགས་པའི་མིང་ཐོ་བཀོད་པར་ཁྱོན་མི་76ཞུགས་པ་དང་འོས་འགན་ཁྲག་སྦྱིན་ཧའོ་ཧྲེང་16500ཕུལ་ནས་ཁྲག་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་བཏང་བ་བཅས་རེད།

ཝང་པིན་གྱིས་དང་བླངས་ཞབས་ཞུའི་ལས་དོན་སྤེལ་རྒྱུ་ནི་ལྗོན་ཤིང་འདུས་པ་ལས་ནགས་ཚལ་དང་མི་སེམས་མཐུན་ན་ལྕགས་རི་ཡིན་པའི་གནས་ལུགས་དེར་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་ཅིང་། “ཧྥུའུ་ཁང་སྨན་ཁང་གིས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཁུར་བ་དང་དང་བླངས་ཞབས་ཞུའི་ནང་ཞུགས་པ། དེ་བཞིན་དགེ་སྒྲུབ་བྱ་གཞག་ནང་ཞུགས་པ་སོགས་ཀྱི་ཐད་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་ཚང་མ་ཞུགས་པ་དང་མི་ཚང་མས་ལེགས་སྐྱེས་འབུལ་རྒྱུ་དེ་ང་ཚོའི་ཁེ་ལས་ཀྱི་སྙིང་སྟོབས་དང་རིག་གནས་ཤིག་ཏུ་གྱུར་ཡོད”ཅེས་བཤད།

ཁོང་གི་ཕུགས་འདུན་ཐད། ཝང་པིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྲོད་ཀྱི་དབུལ་སྒྲོལ་སྐོར་གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགག་སྒྲོལ་དམག་འཐབ་ལ་གཞོགས་འདེགས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་གསར་གཏོད་ཐུབ་པ་དང་རིམ་བཞིན་ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་ངའི་ཕུགས་འདུན་ཡིན་ལ་སྨན་དོན་ལས་དོན་པ་དང་ཁེ་ལས་པ་ཞིག་ཡིན་པའི་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་ཡང་ཡིན། “ངས་མུ་མཐུད་མདུན་སྐྱོད་བྱས་ཏེ་མི་དེ་བས་མང་བ་སྐུལ་ཁྲིད་བྱས་ནས་རང་ཉིད་དང་མཉམ་དུ་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བཤད།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།
སྡོད་ཁང་གསར་པར་བསྐྱར་དུ་ལོག་པའི་ཁྱིམ་ཚང་བདེ་སྐྱིད་ཅན།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
མི་སྣ་མཛེས་ཤོས།