第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།
སྡོད་ཁང་གསར་པར་བསྐྱར་དུ་ལོག་པའི་ཁྱིམ་ཚང་བདེ་སྐྱིད་ཅན།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
མི་སྣ་མཛེས་ཤོས།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年5月17日 星期
3 上一篇  下一篇 4  
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དཔྱིད་ཀ་ཤར་ཚུན་རང་ལྗོངས་ཀྱི་རིགས་ཁག་གི་ཁེ་ལས་ཀྱི་ལས་འགོ་སྔ་རྗེས་སུ་ཚུགས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད་འདི་ལོ་དུས་ཚིགས་དང་པོར་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ“ཐབས་མང་མཉམ་འདོན”བྱས་ནས་བདེ་འཇགས་ལས་འཛོལ་ཚབས་ཆེ་རིགས་ཐོན་རྒྱུ་སྔོན་འགོག་དང་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི“འཛིང་རགས”བརྟན་པོ་ཞིག་བསྐྲུན་ཡོད།

“རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་། ལས་འཛོལ་ཚབས་ཆེ་རིགས་སྔོན་འགོག་དང་གཏན་འགོག་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཉེན་ཁར་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་སེལ་བའི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་ལག་ལེན་ནན་པོ་བསྟར་རྒྱུ་ལྟེ་བར་བྱས་ནས་ཁྲིམས་བཞིན་བདེ་འཇགས་ཀྱི་དུས་བདེ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་བ་བཅས་བྱས་ཡོད”ཅེས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཁྲེང་གཡན་གྱིས་བརྗོད།

བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། འདི་ལོ་དུས་ཚིགས་དང་པོར་ལྗོངས་ཡོངས་སུ་བདེ་འཇགས་ལས་འཛོལ་ཐོན་ཚད་དུས་མཚུངས་ལས་54.7%ཆག་པ་དང་། མི་རྐྱེན་ལམ་དུ་ཤོར་ཚད་47.8%ཆག་པ། མིར་རྨས་སྐྱོན་ཕོག་ཚད་41%ཆག་པ། དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་64%ཆག་པ་བཅས་བྱུང་ནས་ལྗོངས་ཡོངས་སུ་ལས་འཛོལ་ཚབས་ཆེ་རིགས་ཡན་ཐོན་མེད།

རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་འབྲིང་རིང་གི་ཁྲིམས་འཛུགས་འཆར་འགོད་བཟོས་པ་དང་ཆབས་ཅིག་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་20ལྷག་ཙམ་བཏོན་ཡོད།

བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ཞིབ་བཤེར་ནི་བདེ་འཇགས་ཀྱི་འགན་འཁྲི་དང་། བདེ་འཇགས་སྔོན་འགོག་ཁྲིམས་བཞིན་བཅོས་སྐྱོང་སོགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་སོགས་མཚམས་ཚིགས་གལ་ཆེན་སྐབས་རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཁེ་ལས་8940(ཐེངས)ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། མངོན་མེད་རྐྱེན་ངན་དང་བདེ་འཇགས་ཐད་ཀྱི་གནད་དོན་སྣ་ཚོགས་18960ལྷག་ལ་གྲལ་བཤེར་བྱས་པ། དག་ཐེར་གྱི་བརྡ་ཐོ་སོགས་3890ལྷག་བཏང་བ། དག་ཐེར་དོན་འཁྱོལ་18670བྱས་པ། དག་ཐེར་བྱེད་ཚད་98.5%ཟིན་པ་བཅས་རེད།

ཁྲེང་གཡན་གྱིས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་དང་མི་མང་འདུ་འཛོམས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་ཆེད་དམིགས་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་ཡུལ་སྐོར་ཐད་ཀྱི་བདེ་འཇགས་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ་རྡོ་སོལ་དང་གཏེར་རི་མིན་པ་དང་བཟོ་ལས་གཏེར་ཁའི་ཚོང་དོན་དང་། འཛུགས་སྐྲུན་རྣམ་གྲངས་གལ་ཆེན། ཉེན་ཡོད་རྫས་འགྱུར་དངོས་པོ་རིགས་ཁྱབ་ཁོངས་ཀྱི་གྲལ་བཤེར་ཆེན་པོ་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་ནས་དུས་ཚིགས་གཉིས་པར་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་མུ་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། པ་སངས་ཚེ་རིང་དང་བདེ་སྒྲོལ་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།
སྡོད་ཁང་གསར་པར་བསྐྱར་དུ་ལོག་པའི་ཁྱིམ་ཚང་བདེ་སྐྱིད་ཅན།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
མི་སྣ་མཛེས་ཤོས།