第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།
སྡོད་ཁང་གསར་པར་བསྐྱར་དུ་ལོག་པའི་ཁྱིམ་ཚང་བདེ་སྐྱིད་ཅན།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
མི་སྣ་མཛེས་ཤོས།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年5月17日 星期
下一篇 4  
རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་དོན་ཚོང་ལས་དང་དཔལ་འབྱོར་བཅའ་ཁྲིམས་སློབ་གླིང་གི་1502འཛིན་གྲྭའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་ལྕག་སྐུལ་གནང་བའི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐབས་བཞི་པའི་སྐམ་ས་ཆེ་མོའི་ས་ཡོམ་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་སྤྲིངས་གནང་བའི་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། བློ་མཐུན་ཀྲའོ་ལེ་ཅིས《ཀྲུང་དབྱང་སྐོར་གཟིགས་ལས་དོན་གྱི་འཆར་འགོད(2018ལོ་ནས་2022ལོ་བར)》ལག་བསྟར་དོན་འཁྱོལ་བྱེད་པའི་སྐུལ་སྤེལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག《གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིར》ཞིབ་འཇུག སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་དོན་ཚོང་ལས་དང་དཔལ་འབྱོར་བཅའ་ཁྲིམས་སློབ་གླིང་གི་1502འཛིན་གྲྭའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་ལྕག་སྐུལ་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་སློབ་གསོའི་ལས་དོན་དང་གཞོན་ནུའི་ལས་དོན་ལ་མཐོང་ཆེན་གནང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུར་ཐུགས་ཁུར་གནང་ལུགས་གང་ལེགས་མངོན་ཏེ། ང་ཚོས་མཐོ་རིམ་སློབ་གསོའི་ལས་དོན་དང་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”ཆེ་རུ་བཏང་ནས་སློབ་གསོ་དང་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་སློབ་གཉེར་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་གཞོན་ནུར་ལྕག་སྐུལ་གནང་བ་དེ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་། མཐོ་སློབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་མཛུབ་སྟོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅིས་ལང་ཚོ་དར་བའི་གཞོན་ནུར་གནང་བའི་བཀའ་མངགས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་སློབ་གསོ་དང་གཞོན་ནུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མར་ཁེ་སི་རིང་ལུགས་སློབ་གྲྭར་ཁྱབ་པ་དང་། སློབ་ཁང་དུ་འཆད་ཁྲིད། སློབ་མའི་སེམས་སུ་ཟུག་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གཞོན་ནུ་ལོ་ཆུང་གིས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཀྱི་ཐོག་ནས་འཇིག་རྟེན་ལ་ལྟ་ཞིབ་དང་འཛམ་གླིང་ལ་དབྱེ་ཞིབ་བྱ་རྒྱུའི་སློབ་གསོ་བཏང་སྟེ་ཁོང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བདེན་པའི་སྟོབས་ཤུགས་གཏིང་ཟབ་ཚོར་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། “ལྟ་བ་ལྔ” “སྨྲ་བ་གཉིས” བོད་གསར་རྙིང་བསྡུར་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་མཐུན་སྒྲིལ་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་དང་སློབ་མའི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་དགོས། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། མཐོ་སློབ་དགེ་རྒན་དཔུང་ཁག་གི་ཤེས་ལྡན་པ་གསོ་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། བོད་སྐྱོར་དགེ་རྒན་ཤེས་ལྡན་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མཐོ་སློབ་དགེ་རྒན་གྱི་ཆབ་སྲིད་བྱང་ཚད་མཐོ་པོ་དང་། ལས་སྒོ་བྱང་ཆུབ་པ། མི་སྐྱོང་ཆུ་ཚད་ཧ་ཅང་མཐོ་པོ་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས། ཆུ་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་མ་ལག་ཆགས་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ས་མཐོའི་ཁྱད་ལྡན་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ས་མཐོའི་གནམ་གཤིས་དང་སྣོད་བཅུད་སོགས་ཐད་ཀྱི་ཞིབ་འཇུག་ལ་ཚད་བརྒལ་ཆེན་པོ་ཡོང་བ་བྱེད་དགོས། འཕེལ་རྒྱས་མྱུར་པོའི་དགོས་མཁོར་དམིགས་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ། ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱེད་པ། ཆེད་ལས་གྲུབ་ཆ་སྔར་བས་ལེགས་སྒྲིག་དང་ལེགས་གཏོང་། སྤྱོད་གོ་ཆོད་པའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ཏེ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཤེས་ལྡན་པས་འདེགས་སྐྱོར་བྱེད་དགོས། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་རྒྱ་ཆེའི་གཞོན་ནུ་ཚོས་མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་དང་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་ས་བོན་རྒྱུན་འཛིན་བྱེད་པ། མི་རིགས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རྒྱང་རིང་གི་ཕུགས་བསམ་གཏོད་པ། སློབ་ལ་བརྩོན་པ། རྩལ་ནུས་དངོས་སྦྱོང་བ། ས་མཐོར་རྩ་བ་ཚུགས་པ། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གིས་མཐོ་རིམ་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་དང་ལེགས་སུ་གཏོང་བ་དང་། མཐོ་སློབ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

ཚོགས་འདུ་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ལྷག་པར་དུ་ཀྲུང་དབྱང་དང་ས་གནས་ཀྱི་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སྔར་བས་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ། རྒྱལ་ཡོངས་ཀྱི་ས་གནས་ལས་ཁུངས་སྒྱུར་བཅོས་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། ཏང་གིས་སྒྱུར་བཅོས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ལས་ཁུངས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་ལས་ཁུངས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐབས་བཞི་པའི་སྐམ་ས་ཆེ་མོའི་ས་ཡོམ་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོ་འཛུགས་པ་དང་། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་བ། སྔོན་འགོག་གཙོ་བོར་འཛིན་པ་དང་འགོག་རྒོལ་སྐྱོབས་གསུམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྩི་འཇོག རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་འཇོག མང་ཚོགས་ཀྱི་བློ་གྲོས་ལ་བརྩི་འཇོག་བཅས་བྱས་ཏེ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ལས་དོན་གྱི་སྤྱི་ཡོངས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བློ་མཐུན་ཀྲའོ་ལེ་ཅིས《ཀྲུང་དབྱང་སྐོར་གཟིགས་ལས་དོན་གྱི་འཆར་འགོད(2018ལོ་ནས་2022ལོ་བར)》ལག་བསྟར་དོན་འཁྱོལ་བྱེད་པའི་སྐུལ་འདེད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལས་དོན་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དགོངས་དོན་གསར་པ་དང་བླང་བྱ་གསར་པའི་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་སྒྲིག་ལམ་བཅས་ལ་དམིགས་པ་དང་། ཆབ་སྲིད་ཀྱི་སྐོར་གཟིགས་གཡོ་འགུལ་གཏན་ནས་མི་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཚོན་ཚུལ་གཙོ་གནད་ཐོག་ཤེས་རྟོགས་བྱེད་པ། “སྤྱོད་ཚུལ་བཞི”རྒྱུན་སྲིང་ལྷོད་མེད་ངང་བཅོས་སྒྲིག་བྱེད་པ། ལས་བྱེད་པའི་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། “ཁུག་ཆ”མི་ཐོན་པ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་དགོས་པའི”སྙིང་སྟོབས་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས། ཆེད་དོན་སྐོར་གཟིགས་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་དོན་འཁྱོལ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་རེ་སྒུག་བྱེད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་ཧུར་ཐག་བྱེད་པའི་སྤྱོད་ཚུལ་ལ་སྐུལ་འདེད་གཏོང་བ། མི་འདེམས་མི་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐོར་གཟིགས་སྐོར་བཤེར་ལས་དོན་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་དམ་ནན། དེ་བས་ནུས་ལྡན་བཅས་ཡོང་བ་བྱེད་དགོས།

ཚོགས་འདུའི་ཐོག《བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིར》གྲོས་བསྡུར་བྱས་པ་དང་འབྲེལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་བསྟན་དོན། བྱེད་ནུས་གཙོ་བོའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་ཅིག་རེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་ལག་ལེན་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བཅས་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་སེམས་པ་བཅས་སྔར་བས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ནི་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་རྒྱལ་ཁབ་པུའུ་ཨུད་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། བོད་སྐྱོར་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཟུག་པའི་བྱ་ཐབས་ཤིག་ཡིན་པས་མང་ཚོགས་ནད་གཞི་ལྟ་དཀའ་བ་དང་སློབ་གྲྭར་ཡག་པོ་བསྐྱོད་མི་ཐུབ་པ་སོགས་ཀྱི་གནད་དོན་དངོས་བསལ་བ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་སོགས་ཐད་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཡང་ཐོན་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་སྡེ་ཚན་ཁག་གིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་ཆེན་པོ་མི་ལྷགས་པ་སྔོན་འགོག་བྱས་ནས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་ཕོད་པ་ཚད་གཞིར་འཛིན་ནས་ལས་བྱེད་པར་ལྟ་བ། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་པ། དགོན་སྡེའི་དོ་དམ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་དང་རྩོད་གཞི་ཡག་པོ་སེལ་བ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ལྷོད་མེད་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། བརྟན་ལྷིང་ཐད“རང་འགུལ”དུ་འགྱུར་བའི་སྤྱི་ཚོགས་ཀྱི་གཞི་རྩ་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།

(སྒྱུར་ཞུས་པ་རིག་རྡོར་དང་། ལྷ་དབང་། བསྟན་བློ)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།
དུས་ཚིགས་དང་པོར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།
སྡོད་ཁང་གསར་པར་བསྐྱར་དུ་ལོག་པའི་ཁྱིམ་ཚང་བདེ་སྐྱིད་ཅན།
བརྩེ་སེམས་ཆེན་པོ་བཅངས། བྱ་སྤྱོད་ནུས་ལྡན་སྤེལ།
མི་སྣ་མཛེས་ཤོས།