第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དང་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བ།
ཁང་པ་གསར་པར་སྤོས་ནས་ལོ་གསར་པ་བསུ།
ཏིང་ཡེ་ཤན་གྱིས་སེ་ར་དགོན་པར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།
རང་ལྗོངས་ཀྱིས་ཤའི་ཐོན་རྫས་ཁྲོམ་རར་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གླུ་གར་མཚན་ཚོགས་འཚོགས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ།
ལོ་གསར་གྱི་བཟའ་བཅའ་གཙོ་བོ། ཁ་ཟས།
དེ་རིང་གི་པར་ངོས་གཉིས་པ་དང་གསུམ་པའི་ཐོག་བཀོད་ཡོད།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年2月14日 星期
3 上一篇  下一篇 4  
ཏིང་ཡེ་ཤན་གྱིས་སེ་ར་དགོན་པར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་ཀྱི་ཚེས་11ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་སེ་ར་དགོན་པར་ཆེད་མངགས་ཕེབས་ནས། སྲོལ་རྒྱུན་ཆོས་ལུགས་བྱེད་སྒོའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་། ལས་སྒྲུབ་དཔོན་དམག་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། དགོན་སྡོད་ལས་བྱེད་པ། རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོའང་ཞུས་གནང་བ་རེད།

ཏིང་ཡེ་ཤན་གྱིས་འཐབ་ཕྱོགས་དང་པོའི་ལས་སྒྲུབ་ས་ཚིགས་བརྒྱུད་ལམ་བར་དུ་གཟིགས་ཞིབ་གནང་སྟེ་ལས་འགན་སྒྲུབ་བཞིན་ཡོད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་མི་སྣ་རེ་རེ་བཞིན་ལ་ཕྱག་བཏང་ནས་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་ཁྱེད་རྣམ་དཀའ་ལས་ཁག་སོང་། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ནས་མི་དམངས་མང་ཚོགས་དགའ་སྤྲོ་དང་། འཆམ་མཐུན། བདེ་འཇགས་བཅས་ལྡན་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུའི་འགན་ལེན་བྱ་ཆེད། ཚང་མས་ལས་གནས་བརྟན་སྲུང་དང་། རང་འགན་གཙང་སྒྲུབ། ངལ་བ་ཁྱད་བསད། བསྟུད་མར་འབད་འཐབ་བཅས་བྱས་པར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

མཚན་གུང་དུ་སླེབས་སྐབས་སེ་ར་དགོན་པར་བསང་གི་དུ་བ་ལང་ལོང་དུ་འཕྱུར་བ་དང་། དད་ལྡན་མང་ཚོགས་རྣམས་འཚང་ཁ་ཤིག་ཤིག་ཡོད་ཀྱང་སྒྲིག་ལམ་ལྡན་པ་ཞིག་ཡོད། “ཁྱེད་གང་ནས་ཡོང་བ་ཡིན་ནམ”ཞེས་པ་དང“གོས་ཀྱིས་ལུས་པོ་དྲོད་ཀྱི་འདུག་གམ”ཞེས་ཏིང་ཡེ་ཤན་གྱིས་དད་ལྡན་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། འབྲེལ་ཡོད་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོའང་ཞུས་གནང་བ་རེད།

བརྟག་ཞིབ་གནང་སྐབས་ཏིང་ཡེ་ཤན་གྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རིགས་ཁག་གི་དམངས་སྲོལ་ཆོས་ལུགས་བྱེད་སྒོ་མང་ཙམ་ཡོད། དུས་ཆེན་རིང་གི་ཞབས་ཞུ་དོ་དམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ནི་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེའི་ལས་སྒྲུབ་དཔོན་དམག་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། འབྲེལ་ཡོད་ལས་དོན་མི་སྣ་བཅས་ཀྱིས་ངེས་པར་དུ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དཀའ་བར་མི་འཛེམ་པ་དང་བསྟུད་མར་འབད་འཐབ་བྱེད་པའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། གཟབ་ནན་འོས་འཚམ་དང་འཐུས་ཚང་ཞིབ་ཚགས་ཀྱི་སྒོ་ནས་ཆོས་ལུགས་བྱེད་སྒོའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

(ཉི་དོན་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:གལ་ཆེའི་གསར་འགྱུར།
   第06版:གལ་ཆེའི་གསར་འགྱུར།
   第07版:གལ་ཆེའི་གསར་འགྱུར།
   第08版:གལ་ཆེའི་གསར་འགྱུར།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དང་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བ།
ཁང་པ་གསར་པར་སྤོས་ནས་ལོ་གསར་པ་བསུ།
ཏིང་ཡེ་ཤན་གྱིས་སེ་ར་དགོན་པར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།
རང་ལྗོངས་ཀྱིས་ཤའི་ཐོན་རྫས་ཁྲོམ་རར་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གླུ་གར་མཚན་ཚོགས་འཚོགས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ།
ལོ་གསར་གྱི་བཟའ་བཅའ་གཙོ་བོ། ཁ་ཟས།
དེ་རིང་གི་པར་ངོས་གཉིས་པ་དང་གསུམ་པའི་ཐོག་བཀོད་ཡོད།