第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དང་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བ།
ཁང་པ་གསར་པར་སྤོས་ནས་ལོ་གསར་པ་བསུ།
ཏིང་ཡེ་ཤན་གྱིས་སེ་ར་དགོན་པར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།
རང་ལྗོངས་ཀྱིས་ཤའི་ཐོན་རྫས་ཁྲོམ་རར་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གླུ་གར་མཚན་ཚོགས་འཚོགས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ།
ལོ་གསར་གྱི་བཟའ་བཅའ་གཙོ་བོ། ཁ་ཟས།
དེ་རིང་གི་པར་ངོས་གཉིས་པ་དང་གསུམ་པའི་ཐོག་བཀོད་ཡོད།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年2月14日 星期
下一篇 4  
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དང་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཚེས་10དང་11ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་བཅས་པ་རླངས་འཁོར་ནང་བཞུགས་ནས་མཚོ་གཉིས་རྫོང་དང་དཔལ་མགོན་རྫོང་དུ་ཕེབས་ཏེ་ཤང་གྲོང་དུ་གཟིམས་པ་དང་ཞལ་ལག་མཆོད་ནས། ཆེད་མངགས་རང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ལྷག་དོན་དུ་ཡུལ་གཞན་དུ་གནས་སྤོས་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ནས་མཐོ་གྲང་ཐག་རིང་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོར་བྱམས་བརྩེའི་ངང་གཟིགས་ཏེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་གྱི་མཚོ་གཉིས་རྫོང་ནི་ཆེ་དགྲ་ལྷའི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཡིན། འབྲོག་ཁུལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་འཚོ་བ་གང་འདྲ་ཡོད་མིན་དང་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་གང་འདྲ་བྱུང་མིན་ཐད་ཆེ་དགྲ་ལྷས་དོ་ཁུར་ཆེན་པོ་གནང་གི་ཡོད། མཚོ་གཉིས་ལ་འབྱོར་མ་ཐག ཆེ་དགྲ་ལྷས་ངལ་ཡང་མ་གསོས་པར་འཕྲལ་དུ་མཚོ་གཉིས་རྫོང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་བདེ་སྐྱིད་དང་རིག་བསྟན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་གསུངས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཚང་མས་དགའ་ཚོར་ངང་གནས་སྤོས་རྗེས་སྡོད་ས་སྐྱིད་པ་དང་ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུ་དང་རྒན་རྒོན་ནད་གཞི་ལྟ་རྒྱུ་སོགས་ཐད་སྟབས་བདེ་བ་དང་ལྷག་དོན་དུ་འབྲོག་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ནང་ཞུགས་རྗེས་ཚང་མར་དུས་ཚོད་སྔར་བས་མང་བར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཀ་བྱེད་ཐུབ་སོང་། རིག་བསྟན་གྱིས་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་གླ་པ་བྱས་པས་ཟླ་རེར་སྒོར་8000ཡོང་གི་འདུག་ཅེས་ཞུས། ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་ཐུགས་ནང་བཅངས་གནང་ཡོད། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་དྲིན་ཚོར་གྱི་བསམ་བློ་བཅངས་ཏེ་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་དང་རོགས་རམ་འོག་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་དེ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དགོས་ཞེས་གསུངས།

བརྟག་ཞིབ་གནང་རིང་། ད་དུང་ཆེ་དགྲ་ལྷས་དཔལ་མགོན་རྫོང་མན་ཐང་རག་རྩི་ཤང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ཐད་ཡུལ་དེའི་མང་ཚོགས་དང་གཞི་རིམ་ལས་བྱེད་པ་དང་ངོ་འཕྲད་གདོང་ཐུག་ངང་སྤེལ་རེས་དང་བགྲོ་གླེང་ནམ་ཕྱེད་བར་གནང་སྟེ་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་མཁྱེན་རྟོགས་དང་། བསམ་འཆར་དང་གྲོས་འགོ་གསན་ནས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱུག་འགྱུར་ཐབས་ལམ་བཏོན་གནང་བ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བསྟན་བློས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版: གལ་ཆེའི་གསར་འགྱུར།
   第03版: གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:གལ་ཆེའི་གསར་འགྱུར།
   第06版:གལ་ཆེའི་གསར་འགྱུར།
   第07版:གལ་ཆེའི་གསར་འགྱུར།
   第08版:གལ་ཆེའི་གསར་འགྱུར།
ཆེ་དགྲ་ལྷས་མཚོ་གཉིས་རྫོང་དང་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བ།
ཁང་པ་གསར་པར་སྤོས་ནས་ལོ་གསར་པ་བསུ།
ཏིང་ཡེ་ཤན་གྱིས་སེ་ར་དགོན་པར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།
རང་ལྗོངས་ཀྱིས་ཤའི་ཐོན་རྫས་ཁྲོམ་རར་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གླུ་གར་མཚན་ཚོགས་འཚོགས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ།
ལོ་གསར་གྱི་བཟའ་བཅའ་གཙོ་བོ། ཁ་ཟས།
དེ་རིང་གི་པར་ངོས་གཉིས་པ་དང་གསུམ་པའི་ཐོག་བཀོད་ཡོད།