第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྣེ་ཁྲིད་བྱེད་དགོמ@
ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟמ@
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2018年1月13日 星期
下一篇 4  
ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་དང་། ཀྲའོ་ལེ་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ནི་ཟླ་1ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་རླབས་ཆེའི་བྱ་གཞག་ལེགས་འགྲུབ་ཡོང་བ་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྟེན་དགོས་པ་དང་། ཏང་ལ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་བསྐྱར་དུ་ལམ་ཆས་བསྡོགས་ནས་སླར་ཡང་ཐོན་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུར་དམ་པོར་དམིགས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེའི་ནང་ཁྱབ་པ། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མཐའ་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཁྲོད་གོང་འཕེལ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཞི་རྩ་ནས་ལེགས་སུ་གཏོང་བ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཕྱིར་འགན་ལེན་བརྟན་པོ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་ནི་རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བྱ་གཞག་ལ་སྣེ་ཁྲིད་བྱས་ནས་མཐར་རླབས་ཆེན་གྱི་ཕུགས་འདུན་འགྲུབ་པར་བྱེད་པའི་རྩ་བའི་འགན་ལེན་ཡིན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ཆེས་རྩ་བ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རེད། ང་ཚོས་དུས་བསྟུན་མདུན་སྐྱོད་ཀྱིས་ཏང་གི་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན། དྭངས་གཙང་རང་བཞིན་བཅས་ཀྱི་གཙོ་རྐང་འདི་ཁོང་དུ་བརྟན་པོ་ཆུད་པ་དང་ཤུགས་སྣོན་བརྒྱབ་སྟེ་རྩ་ལག་མཉམ་བཅོས་ཀྱི་ཕན་ནུས་འདོན་སྤེལ་བྱས་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ། རང་བརྟེན་གསར་བརྗེ་ཕོད་པ། དཀའ་སྡུག་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འགྱུར་བའི་འགན་ལེན་བྱེད་དགོས།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མི་འདང་བའི་འགག་རྩ་དེར་དམ་པོར་དམིགས་ནས་རང་རེའི་ཏང་གི་ལོ་རྒྱུས་ཐོག་གི་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱ་ཐབས་བཟང་པོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆོས་ཉིད་ལ་ངོས་འཛིན་ཟབ་ཏུ་གཏོང་བ། ཉམས་མྱོང་གསར་པ་གསར་གཏོད་བྱེད་པ་བཅས་བྱས་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་འདི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཉམས་མྱོང་ཧ་ཅང་རྩ་ཆེ་བས་ང་ཚོས་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། དེ་ཡང་གཅིག་ནས་བསམ་བློ་འཛུགས་སྐྱོང་དང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་རྒྱུ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས་བསམ་བློའི་གནད་དོན་ཐག་གཅོད་བྱེད་དགོས་ལ་ལམ་ལུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་ཏེ་ཕུགས་བསམ་དད་སེམས་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ཐོག་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་འཛུགས་སྐྱོང་ཁག་ནང་ཁྱབ་པ་བྱེད་དགོས་པ་དང་། གཉིས་ནས་འགན་འཁྲི་མཐའ་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་གཅིག་གྱུར་ཡོང་བ་བྱས་ནས་མིག་སྔར་གཞི་ཚུགས་པ་དང་གནད་དོན་ལ་གཏུག་ཕོད་པ་བྱས་ཏེ་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཤོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་རྒྱག་དགོས་ལ་འབྱུང་འགྱུར་ལ་དམིགས་པ་དང་མཐོ་འཛེགས་རྒྱང་ལྟ་བྱས་ནས་ཇུས་འགོད་ལ་སྤྱི་འདོམས་བྱེད་པ་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པའི་ཐད་ཤུགས་རྒྱག་དགོས་པ། གསུམ་ནས“འགག་རྩའི་ཉུང་ཤས”ལ་དམ་འཛིན་དང“ཕལ་ཆེ་བར”དོ་དམ་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལ་ཡོངས་ཁྱབ་རང་བཞིན་གྱི་བླང་བྱ་འདོན་དགོས་ལ“འགག་རྩའི་ཉུང་ཤས”དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པར་དེ་བས་མཐོ་ལ་ནན་པའི་ཚད་གཞི་བཏོན་ཏེ་དེ་བས་ནན་པའི་དོ་དམ་དང་ལྟ་སྐུལ་བྱེད་དགོས་པ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བཞི་ནས་དབང་ཆ་སྤྱོད་རྒྱུ་དང་འགན་འཁྲི་འཁུར་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དངོས་འབྲེལ་ཐུབ་པ་བྱ་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ཏེ“འགན་འཁྲིའི”ཡིག་འབྲུ་གཉིས་ལ་དམ་པོར་དམིགས་པ་དང་“འགན་འཁྲི་བདའ་འདེད”ཀྱི་གནད་འགག་འདིར་དམ་འཛིན་བྱེད་དགོས་པ། ལྔ་ནས་དོ་དམ་ནན་པོ་དང་སེམས་ཁུར་དང་ཡིད་ཆེས་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ་དང་། དོ་དམ་ནན་པོ་དངོས་འབྲེལ་ཐུབ་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་པོ་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་སྔ་བར་ཕྱི་གསུམ་གྱི་བྱེད་ཕྱོགས་ལག་ལེན་ནན་པོ་བསྟར་བ་དང་། སྔ་ཙམ་ནས་དམ་འཛིན་དང་ཆུང་ཙག་ལ་དམ་འཛིན་གྱིས་རྐྱེན་རྩ་ཆུང་ཆུང་ནས་ཟློག་པ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་བྱེད་པར་གནད་དོན་ཐོན་རྒྱུ་སྔོན་འགོག་བྱེད་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་བྱེད་པའི་ཧུར་སེམས་འཕེལ་བ་བྱེད་དགོས་པ། དྲུག་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་བརྟེན་ནས་གཞན་དག་ལ་ལྟ་སྐུལ་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་མི་དམངས་མང་ཚོགས་ཀྱིས་ཐབས་དང་ཇུས་འདོན་པ་དང་སྐྱོན་བརྗོད་ལྟ་སྐུལ་བྱེད་པའི་ཐབས་ལམ་ཤར་བགྲོད་ཧུར་ཐག་ཐུབ་པ་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་རྒྱུ་མེད། རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་པས་རང་རེའི་ཏང་ལ་འཕྲད་པའི་སྲིད་འཛིན་གྱི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་བ་དང་། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ཡང་རྙོག་འཛིང་ཆེན་པོ་རེད། ཏང་གི་དཔུང་ཁག་དང་རང་ངོས་གནས་ཚུལ་ལ་གལ་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་ཕྱིན་པ་དེས་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ“དཀའ་ཚེགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་མདུན་དུ་སྐྱོད་པའི”དཔའ་བོའི་བློ་སྟོབས་དང“ལམ་འཕྲང་དུ་དགྲ་དང་ཐུག་སྐབས་བློ་ཁོག་ཆེན་པོས་རྣམ་པར་རྒྱལ་བར་བྱེད་པའི”འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་དག་ཏང་རྩ་འཛུགས་ཡོངས་རྫོགས་ཀྱིས་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། དུས་གང་རུང་དང་གནས་ཚུལ་གང་རུང་འོག་ཏང་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་དང་བློས་འགེལ་ཐུབ་པ་བྱེད་པ་དང་། ཏང་ལ་ལྷག་བསམ་ཟོལ་མེད་དང་ཏང་ཀྲུང་དབྱང་ལ་བློ་གཅིག་སེམས་གཅིག་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་གི་ཆེད་འགན་འཁྲི་གཙང་སྒྲུབ་བྱེད་དགོས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་རྩོད་སྒྲུབ་ཀྱི་འབྲེལ་བར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཡོང་བའི་དོན་དངོས་ཀྱི་ལས་ཀ་དང་ཁ་བྲལ་མི་རུང་བ་དང་ཕུགས་བསམ་ཆེན་པོ་སྟོང་བཤད་བྱེད་མི་རུང་ལ་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པའི་རྐྱེན་གྱིས་ཤོད་མི་འདོད་པའམ་ཐ་ན་ཕུགས་བསམ་ཆེན་པོ་འདོར་བ་སོགས་བྱེད་མི་རུང་།

ཞི་ཅིང་ཕིང་གིས་ནན་བཤད་གནང་དོན། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། རྒྱུན་གཏན་དང་ཡུན་རིང་དང་། ནན་པ་དང་ཏན་ཏིག ཟབ་པ་དང་ཞིབ་ཕྲ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནས་ཚུལ་གསར་པ་དང་མངོན་ཚུལ་གསར་པར་དོ་ཁུར་དམ་ཟབ་བྱས་ནས་གནད་དོན་དེ་རིགས་སླར་ཡང་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་བྱས་ནས་འགོ་ཁྲིད་པ་གཙོ་བོས་སྤྱིའི་འགན་འཁྲི་འཁུར་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་བརྟེན་ནས་དཀའ་གནད་སེལ་རྒྱུར་ཤུགས་སྣོན་རྒྱག་པ་དང། དོན་དངོས་དང་ཉེ་བཅར་དང་མང་ཚོགས་དང་ཉེ་བཅར་བྱེད་པའི་དོན་གཉེར་གྱི་བྱ་ཐབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ཡོང་བ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགག་རྩ་དེར་དམ་པོར་དམིགས་དགོས། འགོ་ཁྲིད་ལས་བྱེད་པས་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མི་དམངས་ལ་བཅངས་པའི་ལྷད་མེད་བརྩེ་སེམས་རྒྱུན་འཁྱོངས་དང་། ལས་ཀའི་གཙོ་གནད་གཤམ་དུ་ཕྱོགས་རྒྱུ་མཐའ་འཁྱོངས། ལུས་ཚུགས་ནས་མང་ཚོགས་ཁྲོད་བསྐྱོད་པ། ངོ་ཐུག་གདོང་འཕྲད་དང་གཅིག་སེམས་གཅིག་གཏད་ཀྱིས་མང་ཚོགས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ནུས་ལྡན་བྱེད་དགོས།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཕྱོགས་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ཡོངས་ལ་དོ་དམ་དང་ཏང་ཡོངས་སྐྱོང་དགོས། སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་ནན་པོ་དེ་ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་གོམས་གཤིས་དང་རང་རྟོགས་ངང་བརྩི་སྲུང་ཞུ་ཡུལ་ཞིག་ཏུ་འགྱུར་བ་བྱེད་དགོས། སྒྲིག་ཁྲིམས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལ་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་རྩ་འཛུགས)ཀྱིས་དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྩ་ལག་མཉམ་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས་རུལ་རྒོལ་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས། རྩ་ལག་མཉམ་བཅོས་བྱེད་པར་རྩ་བཅོས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ལ་ཡན་ལག་བཅོས་པའི་བྱ་ཐབས་ནུས་ལྡན་སྤྱོད་ཕོད་པ་ཡང་བྱེད་དགོས། བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ་བཅས་མཐའ་འཁྱོངས་དང་། བཀག་འགོག་ལ་སྣང་ཆེན་དང་། དམ་བསྒྲགས་ལ་ཤུགས་སྣོན། ཡུན་རིང་ཟིལ་གནོན་མཐའ་འཁྱོངས། ལྐོག་རྔན་སྤྲོད་ལེན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གསོག་འབོར་མཐའ་གཅིག་ཏུ་ཉུང་དུ་གཏོང་བ་དང་། འཕར་ཚད་གཙོ་གནད་ཐོག་བཀག་འགོག་བྱེད་དགོས། རུལ་སུངས་ཀྱི་གནད་དོན་ཆེ་རིགས་ལ་རྡུང་རྡེག་ནན་པོ་གཏོང་དགོས་ལ་རུལ་སུངས་ཀྱི་གནད་དོན་ཆུང་རིགས་ཀྱང་ཐག་གཅོད་ནན་པོ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། ནག་ཚོགས་དང་ཡུལ་གྱི་གཤེད་མ་ལ་རྡུང་རྡེག་གཏོང་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས་ནག་ཚོགས་དང་འབྲེལ་བ་ཡོད་པའི་རྩ་འཛུགས་བཟུང་དགོས་ལ་དེའི་རྒྱབ་ཀྱི་འགེབས་སྲུང་བྱེད་མཁན་ཡང་བཟུང་དགོས། རུལ་སུངས་ལ་ངོ་རྒོལ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་རུལ་སུངས་ཉེས་ཅན་པ་ཟིལ་གྱིས་གནོན་ཤུགས་ཆེ་རུ་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ལ་ཤུགས་སྣོན་དང་། རུལ་སུངས་མི་ཐུབ་པའི་རླུང་ཙི་བརྟན་དུ་གཏོང་བ། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་བྱེད་པ་བརྒྱུད་ཁེ་ཕན་སྤྲོད་རེས་ཀྱི་སྦྲེལ་ཐག་བཅད་དེ་དབང་ཆ་སྤྱོད་རྒྱུར་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནུས་ལྡན་གོ་ཆོད་ཀྱི་སྒྲིག་གཞི་དང་ལམ་སྲོལ་ཆགས་པ་བྱེད་དགོས།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་སྒྲིག་ཨུད་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་བྱས་པས་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ཏང་དང་མི་དམངས་ལ་གཟེངས་སུ་ཐོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲིའི་ངེས་གནས་བརྟན་པོ་བསྲུངས་ནས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ལག་བསྟར་ནན་པོ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་མཁན་གྱིས་ངེས་པར་དུ་སྔོན་ལ་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ཁྲིམས་བཟོ་མཁན་གྱིས་སྔོན་ལ་རང་གཅུན་ཐུབ་པ་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དེ་བས་མཐོ་བའི་ཚད་གཞི་དང་དེ་བས་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་ལ་རེ་བ་བཏོན་ཏེ་རང་ངོས་ཀྱི་སྔོན་འགོག་ནུས་པ་ཆེ་རུ་གཏོང་དགོས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་རྣམ་དག་འགྱུར་མེད་དང་། འགན་འཁྲི་གཙང་སྒྲུབ། སྒྲིག་བཀུར་ཁྲིམས་སྲུང་། སྤྱོད་གཙང་གཞུང་དྲང་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་ངན་འགོག་བཟང་སྤེལ་གྱི་རལ་གྲི་རྣོན་པོ་ནམ་ཡང་སྤྱོད་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

ཀྲའོ་ལེ་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་རྒྱས་བཤད་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་གལ་ཆེན་སྔར་བས་ཕྱོགས་སྡོམ་བྱས་པ། ཏང་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁ་གསལ་བཏོན་ཡོད་པས་འགོ་ནས་མཇུག་བར་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ནོར་འཁྲུལ་གྱི་བསམ་བློའི་འགོག་རྐྱེན་སེལ་བ། བསྐྱར་དུ་ལམ་ཆས་བསྡོགས་ནས་སླར་ཡང་ཐོན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས་པའི་ནན་བཤད་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་མ་ཟད། ལས་ཀ་དངོས་དང་འགན་ནུས་འགན་འཁྲི་ཟུང་འབྲེལ་བྱེད་པའི་ཐོག་ནས་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གཞན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་ཚན་པ་ཆེ་གྲས་ཁག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་དེ་བརྙན་འཕྲིན་དང་ཁ་པར་ཚོགས་འདུའི་རྣམ་པས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་ཟླ་1ཚེས་11ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཡོད། ཚེས་11ཉིན་གྱི་ཕྱི་དྲོ་ཀྲའོ་ལེ་ཅེས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།

(པ་ཚེ་དང་། བདེ་སྒྲོལ། བསོད་དབང་། བསོད་དཔའ་བཅས་ཀྱིས་སྒྱུར་ཞུས་བྱས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版: གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:04
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྣེ་ཁྲིད་བྱེད་དགོמ@
ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟמ@
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།